Video Overview
Aum Dorchoe, 55, from Damkhar Village in Phongmey, Tashigang, has been cleaning eyes for over 26 years. In Lem village, she is only the one who knows how to clean eyes in the traditional way. She learned this skill in 1987 by cleaning her own eye. She said that her sister in-law had hurled a fist of sand into her eyes as a prank; she could not open her eyes for a week. One night she had a dream, in which she was instructed to clean her own eye. She said that it took a week to remove the dirt from her eye. People have strong faith in her skills. She rubs the eye with her finger tips and then uses a safety pin as demonstrated in the clip. Sometimes dirt gets stuck, in which case she then sprinkles some milk inside the eye for lubricant.
- Trashigang
- Damkhar
- Lem
- ནག་ཀུ་ Nakuལྷ་དཀར་པོ་གིས་དཀར་པོ་རང་ ཕད་ཙེ་རེ་ཐོབ་ནུག་ལོ་སྨེ་ ཁྱེད་ཚུ་ འ་ནཱི་ལཱ་འབད་བྱིན་མི་ཚུ།
- རྡོ་ཆོས་ Dorchoeནམ་གསུངས་དེས?
- ནག་ཀུ་ Nakuའ་
- རྡོ་ཆོས་ Dorchoeགནམ་གསུངས་དེས་
- ནག་ཀུ་ Nakuང་ འདས་ལོག་འཕྱད་དེ་རང་ཏེ་ ཕར་ཤེས་མི་འདས་ལོག་འདི་ སྤ་་་་ ད་ལྟོ་འདི་ ཚེ་ཡང་རིང་སྡོད་ནུག ཁྱོད་དེ་ལྷག་མཇུག་འགྱོ་ཚར་ཡི་ཟེར་ ལོག་ཅི་ལོག་ཅི་ར་སླབ་བྱིནམ་མས།
- རྡོ་ཆོས་ Dorchoeཁྱོད་ཀྱི་ཡང་ཡུན་ཐག་རིང་ནུག་སྨེ་
- ནག་ཀུ་ Nakuརིང་ཡི་རིང་ཡི་ ཡར་ཚེས་བཅུ་ལུ་རང་ ལྟ་བཅུག་གེ་ཟེརཝ་ད་ མིའི་སྦུག་ལུ་སྟབས་མ་བདེ་ཟེར་
- རྡོ་ཆོས་ Dorchoeཁྱོད་ འ་ནཱི་ཨ་ཞེམོ་ ཨོམ་ཨ་ཙི་ཅིག་གཏོར་ནི་སྡོད་ནུག
- རྡོ་ཆོས་ Dorchoeསྦྱར་སོ་ནུག
- ནག་ཀུ་ Nakuཨ་ཞེམོ་གིས་ང་ལུ་གཏོར་ཟེར་ཡ?
- རྡོ་ཆོས་ Dorchoeཨོང་
- ནག་ཀུ་ Nakuཤོག་ཟེར་ ཨུ་ཅི་ཟེར་
- རྡོ་ཆོས་ Dorchoeཨ་ཞེམོ་ ཁྱོད་ཨོམ་ཨ་ཙི་གཏོར་བྱིན་
- ཨ་ཞེམོ་ Sisterཁྱད་མི་འོང་ག་སྨོ?
- ནག་ཀུ་ Nakuག་ཅི་ཁྱད་འོང་ནི་ས་ མི་འདྲན་འདྲ་གི་ཨོམ་
- ཨ་ཞེམོ་ Sisterཁམ་ལོག་འོང་ས་
- ནག་ཀུ་ Nakuག་ར་ཨོམ་འཐུང་ཡི་འཐུང་ཡི་སྦོམ་འགྱོ་ནི་མ་གཏོགས་ འ་ནཱི་ཁམ་ལོག་མི་ག་ཡང་མེད་བ་ཏེ་
- ནག་ཀུ་ Nakuཉལ་མི་དགོ་ག་ ཉལཝ་ད་རྐྱངམ་ཅིག་བཏུབ་འོང་མས་ དེ་སྦེ་འབདཝ་ད་
- ཨ་ཞེམོ་ Sisterཉལ་མི་དགོཔ་འོང་ མ་ཤེས་ ང་ མགུ་ཏོག་བདེ་བས་ག་ དེ་སྦེ་གཏོར་བྱིནམ་ད་
- ནག་ཀུ་ Nakuཡ་ཡ་
- ཨ་ཞེམོ་ Sisterཨ་མ་
- ནག་ཀུ་ Nakuཨ་
- ནག་ཀུ་ Naku[འབད་ད་ དཔེ་ཚར་ཤིང་ལུ་བཏུབ་པ་ཅིན་?]
- རྡོ་ཆོས་ Dorchoeགཉིད་མི་ལོག་ནི་ཨིན་མས་སྨོ?
- ཨ་ཞེམོ་ Sisterམེད་ ད་ལྟོ་ཉལ་ཡི།
- ནག་ཀུ་ Nakuད་ལྟོ་ཨ་ཙི་ མི་འགྱོ་མི་འགྱོ་ ད་ལྟོ་ཨ་ཙི་ཅིག་དཀྲོགས་ཏེ་ལེ་ཤཱ་མ་འགྱོ་བ་ཏེ་
- རྡོ་ཆོས་ Dorchoeཨ་ནཱི་འབདཝ་ད་ རུ་ལུ་ལུ་འབདཝ་མས་ག?
- ནག་ཀུ་ Nakuའབདཝ་མས་ ཁྱོད་ཀྱིས་དཀྲོགསཔ་ད་རྐྱངམ་ཅིག་འབདཝ་མས་ ཁྱོད་ཀྱིས་མ་དཀྲོགསཔ་ད་ལུ་ བཀབ་བཞག་སྦེ་སྤུབས་ཏེ་ དཀྲོགས་རང་[མ་ཚུགསཔ་ཅིག་འབདཝ་མས་?] ཁ་ལ་འཁྱུ་ཡི་འཁྱུ་ཡི་རང་ གླང་ལེབ་བཏབ་སྟེ་ ཁ་ཕྱེ་བལྟཝ་ད་ ཧིང་སངས་ང་འབདཝ་མས་ ལྟ་མ་ཧ་ལམ་ཅིག་ལས་ མིག་ཏོ་སྤུབས་བཏག་འོང་སྟེ།
- ནག་ཀུ་ Nakuའ་ནཱི་ལོག་ལུ་ལྷོད་ནུག
- རྡོ་ཆོས་ Dorchoeའུམ་ཡ་
- ཨ་ཞེམོ་ Sisterདབའི་
- ཨ་ཞེམོ་གི་ཆ་རོགས་ Sister's Friendསོང་ ད་ལྟ་རང་འཐོན་འོང་
- ཨ་ཞེམོ་གི་ཆ་རོགས་ Sister's Friendའཐོན་འོང་ད་ལྟ་རང་
- ཨ་ཞེམོ་ Sisterང་ལཱ་འབད་བར་འགྱོ་ནི་ཡ་ད་རེས་
- ཨ་ཞེམོ་གི་ཆ་རོགས་ Sister's Friendཨིན་
- ཨ་ཞེམོ་གི་ཆ་རོགས་ Sister's Friendཨ་པ་ཆབ་གསང་འགྱོ་ནུག་ད་ལྟོ་
- ཨ་ཞེམོ་ Sisterཨ་པ?
- ཨ་ཞེམོ་གི་ཆ་རོགས་ Sister's Friendཨ་པ་ཆབ་གསང་འགྱོ་ནུག་
- ཨ་ཞེམོ་ Sisterཨ་པ་ཡ?
- ཨ་ཞེམོ་གི་ཆ་རོགས་ Sister's Friendཨིན་ ཨ་པ་ཨིན།
- ཨ་ཞེམོ་ Sisterཨེ་འེ་་་་་།
- རྡོ་ཆོས་ Dorchoe[ཤིང་ཡང་ ཡར་འདུག་?]
- ནག་ཀུ་ Nakuའུམ?
- རྡོ་ཆོས་ Dorchoeཨ་ཙི་ཅིག་སྡོད་
- རྡོ་ཆོས་ Dorchoeདཀྲོགས་དེས་ག?
- ནག་ཀུ་ Nakuཁྱོད་ཀྱིས་དཀྲོགས་ཏེ་རང་སྡོདཔ་ད་ མི་ཤེས་པས་ མ་དཀྲོགསཔ་ད་རྐྱངམ་ཅིག་སྤུབས་ཏེ་ རོག་ཀོ་རོག་ཀོ་འབདཝ་མས་ དཀྲོགས་ཏེ་རང་སྡོདཔ་ད་ མི་ཤེས་པས་ཏེ།
- ནག་ཀུ་ Nakuའདུག་ག་འདུག་ནི་འདུག?
- རྡོ་ཆོས་ Dorchoeཡུན་རིང་ནུག་བ་
- ནག་ཀུ་ Nakuརིང་ཡི་རིང་ཡི་ ཤོབ་མེན་ དེ་ཚེ་གནམ་གང་ཚེས་བཅུའི་སྐབས་ལུ་བལྟ་བཅུག་ནི་ཟེརཝ་ད་ ཉིནམ་གཉིས་མིའི་སྦུག་ལུ་སྟབས་མ་བདེ་
- རྡོ་ཆོས་ Dorchoeཨ་ནཱི་འབད་འཐེན་བལྟ་ཤིག་
- རྡོ་ཆོས་ Dorchoeཛའི་ སོ་ན་སྟེ་ཤི་ནི་མས་ང་
- ནག་ཀུ་ Nakuསྨན་ཁང་ནང་འགྱོ་ནི་མེད་སྨོ?
- རྡོ་ཆོས་ Dorchoeའཕྲལ་འཕྲལ་ག་ཏེ་འགྱོ་མ་འགྱོ་མི་ཤེས་པས་ འཕྲལ་འཕྲལ་འདྲོག་སི་སི་ནཝ་མས(?)
- ནག་ཀུ་ Nakuའབུཔ་གིས་ཟཝ་ཨིན་མས་ དེནི་ བཏོན་བཏངམ་དྲག
- ནག་ཀུ་ Nakuང་གི་འདི་ བཏོན་བཏང་སྟེ་རང་ རྫོགས་ཏེ་ མེདཔ་འགྱོ་ཡི་བ་ཏེ།
- རྡོ་ཆོས་ Dorchoeམ་སྤར་ཤིག
- ནག་ཀུ་ Nakuཨེའེ་་་་་།
- རྡོ་ཆོས་ Dorchoeམ་སྤར་ཟེརཝ་ད་ ལྟ་ཤིག་ ཡར་ལྟ་ཡར་སོ་ཡི་ད་
- རྡོ་ཆོས་ Dorchoeཡ་
- རྡོ་ཆོས་ Dorchoeམིག་ སྤྱན་ ལུག་ཀུ་ལུག་ཀུ་མ་སྤར་སྨེ་
- ནག་ཀུ་ Nakuའུམ་
- རྡོ་ཆོས་ Dorchoeརྡུལ་མ་ ཕར་ཟུར་ཁ་ཚུར་ཁ་བཀོ་བཏངམ་མས།
- རྡོ་ཆོས་ Dorchoeའཐོན་དེས་འཐོན་དེས་
- རྡོ་ཆོས་ Dorchoeལྟ་ཤིག་
- ནག་ཀུ་ Nakuཀྭ་ལས་
- རྡོ་ཆོས་ Dorchoeཁྱོད་ཚར་བཟོ་འབདཝ་ད་ འཛུལ་ནུག་སྨེ་ ཡ་
- ནག་ཀུ་ Nakuའ་ནཱི་འདི་ ན་ཧིང་ཡང་ཁྱོད་ཀྱིས་བྱིནམ་སྦེ་ ཁྱིམ་ནང་འབག་སྟེ་མེ་བཏང་ཡི་ང་གིས་
- རྡོ་ཆོས་ Dorchoeཕར་ལྟ་ཟུར་ཁ་ ཚུར་ལྟ་ཟུར་ཁ་
- ནག་ཀུ་ Nakuཧེ་ཧེ་ ཛའི་ ཨིན་མས་ས་འ་ནཱི་ ཡ་ ད་རུང་ཨ་ཙི་ གྲོས་ཀྱི་འབད་ད་རུང་བལྟ་གནང་
- རྡོ་ཆོས་ Dorchoeཁོ་ན་ཧིང་འདི་ སྤག་ཤིང་གཙང་འཛུལ་ཏེ་འདུག་
- ནག་ཀུ་ Nakuཨིན་ཏེ་ འདི་ཚུ་ག་ར་ ཤོམ་འདབ་ཀྱིས་སྤུབས་བྱིན་ཏེ་ ང་གིས་ཁྱིམ་ནང་འབག་སྟེ་མེ་བཏང་ཡི་ མེ་བཏངམ་ད་ཁྱད་མེད་འོང་མེན་ན་འ་ནཱི་
- རྡོ་ཆོས་ Dorchoeཕར་ལྟག་འགྱོཝ་མས་ ཕར་ཟུར་ཁ་འདུག་ད་རུང་
- ནག་ཀུ་ Nakuཡོད་ཡོད་ ཨ་ཞེམོ་ཁྱོད་རང་གི་མ་མཐོང་རུང་ ནཱ་ བལྟཝ་ད་ གཉིས་གསུམ་དེམ་ཅིག་འདི་འོང་རང་འོང་ནི་མས་
- རྡོ་ཆོས་ Dorchoeཕར་ རྡོ་ཤིང་བསྒང་ལུ་བཞུགས་ཨིན་ན་ཁྱོད་
- ནག་ཀུ་ Nakuཨིན་ རྡོ་ཤིང་བསྒང་ལུ་སྡོད་དེ་ཡོད་ད་ལྟོ་
- རྡོ་ཆོས་ Dorchoeའ་ནཱི་སྦེ་འབདཝ་ད་ཀྲོག་མས་ག་
- ནག་ཀུ་ Nakuཀྲོག་སྟེ་རང་སྡོདཔ་ད་ མི་ཤེས་པས་ མ་ཀྲོགཔ་ད་ ཀྲོགཔ་ད་ ཧ་ལམ་འོང་མས་
- རྡོ་ཆོས་ Dorchoeའོང་་་་་་།
- ནག་ཀུ་ Nakuའ་ནཱི་སྦེ་རང་ཚར་འོང་
- རྡོ་ཆོས་ Dorchoeའ་ནཱི་ ངེའི་ལགཔ་ཡོད་སར་བཤེད་ཤིག་
- རྡོ་ཆོས་ Dorchoeསྒུག་སྨེ་ ད་ལྟོ་འདི་ རྡུལ་མ་རང་མི་འོང་པས་སྨེ་
- ནག་ཀུ་ Nakuཨིན་མས་ཟེར་ རྡུལ་མ་ལེ་ཤཱ་ གྲོས་ཀྱི་སྦེ་ ཁྱོད་ར་གིས་འབད་ད་རུང་ རྩ་འགེངས་འོང་ང་
- རྡོ་ཆོས་ Dorchoeའ་ནཱི་སྦེ་འཐེན་སྡོད་
- རྡོ་ཆོས་ Dorchoeའ་ནཱི་སྦེ་
- རྡོ་ཆོས་ Dorchoeལྟ་ཤིག་ཡར་ལྟ་ཡར་སོ་ཡི་ཏེ་ ཁྱོད་ཚུར་ལྟ་ གཡོ་སུ་ཅིག་འབད་
- རྡོ་ཆོས་ Dorchoeཨའུ་ལྷ་ཅུ་མ་སྤར་
- རྡོ་ཆོས་ Dorchoeཨའུ་ལྷ་ཅུ་སྤརཝ་ད་ མི་བདེ་བས་ཏེ་
- ནག་ཀུ་ Nakuཨ་ཧ་ སྤར་ནི་མེད་ ག་ཅི་ཨིན་ན་མ་ཤེས་
- རྡོ་ཆོས་ Dorchoeཨེའེ་་་་་།
- རྡོ་ཆོས་ Dorchoeལྟ་ཤིག་ཡ་
- ནག་ཀུ་ Nakuབཏོན་ཡི་ག་ ད་ཅི་གི་ ག་ཏེ་བཞག་ཅི་ག་ སྤུར་བཞག་གེ་
- རྡོ་ཆོས་ Dorchoeཡ་ ལགས་སོ།
- ནག་ཀུ་ Nakuསྤག་ཤིང་རང་ཨིན་མས་ག་
- རྡོ་ཆོས་ Dorchoeཚོ་སོ་ནུག་འ་ནཱི་འདི་
- ནག་ཀུ་ Nakuཨིན་ཏེ་ ཡུན་རིང་ཡི་བ་ཏེ་
- རྡོ་ཆོས་ Dorchoeཡ་ འཐེན་ཤིག་ འ་ནཱི་སྦེ་ཡོར་མ་བཅུགཔ་སྦེ་འཐེན་ཤིག་
- རྡོ་ཆོས་ Dorchoeལྟ་ཤིག་ ཡར་ལྟ་འགྱོ་དེས་ ཡོར་མ་བཅུགཔ་སྦེ་འཐེན་ཤིག་
- རྡོ་ཆོས་ Dorchoeམ་སྤར་ཤིག་
- རྡོ་ཆོས་ Dorchoeཟར་ཟུར་ཁ་འཛུལ་ནུག་སྨེ་
- རྡོ་ཆོས་ Dorchoeག་ཏེ་ཡར་སོ་ག་འ་ནཱི་འདི་
- རྡོ་ཆོས་ Dorchoeཡ་
- ནག་ཀུ་ Nakuཧ་ཧི་ཧི་
- རྡོ་ཆོས་ Dorchoeགསུམ་བཏོན་ཡི་སྨེ་ འ་ནཱི་གིས།
- ནག་ཀུ་ Nakuཨིན་ཟེར་ ཛའི་་་་་།
- ནག་ཀུ་ Nakuའབད་ཚུགས་ནུག་ཚུགས་ནི་འདི་ དེ་ཚེ་ ཚེས་བཅུ་ལུ་རང་ ང་བཅས་གཉིས་འཕྱད་ཡི་བ་ ད་རུང་སླབ་གེ་ཟེརནི་ མིའི་སྦུག་ལུ་ ནོར་བུ་གིས་ མིའི་སྦུག་ལུ་ག་དེ་འབད་ནི་ ཁོང་ཁོང་རང་ཟེར་ ལོག་ཡར་སོ་ཡི་ཏེ།། །།