15 Dec 2011
46 sec
Video Overview
Creators:
Unknown
A boy comes home from school and interacts with his busy parents.
སློབ་གྲྭ་གྲོལ་ཚར་ནས་བུ་ཞིག་གིས་ཁྱིམ་ནང་གི་ཨ་ཕ་དང་ཨ་མ་གཉིས་དང་མཉམ་དུ་སྐད་ཆ་བཤད་པ།
- Lhasa
- བུ།ཨ་མ་ལགས།a ma lags/Mother!
- ཨ་མ་ལགས།ཨ། བསླབ་གྲྭ་༿སློབ་གྲྭ་༾གྲོལ་སོང་ངས།a/_bslab grwa {slob grwa }grol song ngas/Yes? School's over?
- བུ།གྲོལ་སོང་། ཚ་ལུ་མའི་ཁུ་བ་ཡོད་པས།grol song /_tsha lu ma'i khu ba yod pas/Yes. Is there any orange juice?
- ཨ་མ་ལགས།ཡོའོ་རེད་༿ཡོད་རེད་༾། འཁྱག་སྒམ་ནང་ལ་ལྟོས་དང་།yo'o red {yod red }/_'khyag sgam nang la ltos dang /Yes, look in the fridge.
- ཨ་མ་ལགས།སྟོད་ཐུང་བཙོག་པ་འདའི་༿འདིར་༾མ་བཞགstod thung btsog pa 'da'i {'dir }ma bzhagDon't leave your dirty shirt here.
- ཨ་མ་ལགས།ཁྲུས་སྒམ་ནང་ལ་བླུགས་ཤོགkhrus sgam nang la blugs shogPut it in the washing machine.
- བུ།ཨོའོ་་་་་ པཱ་ལགས། ཆུ་ཚོད་དྲུག་པར་བརྙན་འཕྲིན་ནང་ལ་འཛམ་གླིང་དྲ་བའི་སྤོ་ལོའི་འགྲན་བསྡུར་བསྟན་གྱི་རེད།o'o _pA lags/_chu tshod drug par brnyan 'phrin nang la 'dzam gling dra ba'i spo lo'i 'gran bsdur bstan gyi red/Father, there's the tennis world cup on television at six o' clock.
- པཱ་ལགས།ཐད་ཀར་བསྟན་གྱི་རེད་པས།thad kar bstan gyi red pas/Is it live?
- བུ།རེད། སྲུང་སྐར་འཕྲིན་སྐྱེལ་ནས་ཐད་ཀར་བསྟན་གྱི་རེད།red/_srung skar 'phrin skyel nas thad kar bstan gyi red/Yes, it's being broadcast live by satellite.
- པཱ་ལགས།མཐའ་མའི་མགྲན་བསྡུར་རེད་པས།mtha' ma'i mgran bsdur red pas/Is it the final?
- བུ།རེད། ཨང་དང་པོ་སུ་ཡིན་མིན་དེ་རིང་ཧ་གོ་གི་རེད།red/_ang dang po su yin min de ring ha go gi red/Yes. Today we'll find out who the champion is.
- པཱ་ལགས།ལྟ་ལོང་མེད། ཚོགས་འདུར་འགྲོ་དགོས་རེད།lta long med/_tshogs 'dur 'gro dgos red/I haven't got time to watch. I have to go to a meeting.
- པཱ་ལགས།སྒྲོལ་མ་ལགས། ངའི་མོ་ཊའི་ལྡེ་མིག་གཟིགས་བྱུང་ངས།sgrol ma lags/_nga'i mo Ta'i lde mig gzigs byung ngas/Drolma, have you see my car keys?
- ཨ་མ་ལགས།སྒྲ་ཕབ་འཁོར་ལོའི་སྒང་ལ་འདུག །sgra phab 'khor lo'i sgang la 'dug_/They're on the tape recorder.