Skip to main content Skip to search
15 Dec 2011
2 min 9 sec
Video Overview
Creators: 
Unknown

Trashi Norbu and Kelzang Püntsok discuss the streets and sites of Shanghai.

Transcript search
No results found for this search
0 of 0
  • Kelzang Püntsok
    >>:བསྐལ་བཟང་ཕུན་ཚོགས་: ང་མ་གིར་ཧྲང་ཧེའེ་ཧོའེ་ཐིང་ལུའུ་(ལམ་) ཟེར་ཡག་དེ་གང་འདྲས་འགྲོ་དགོས་ཀྱི་རེད།
    Can you tell me the way to Shanghai Hoéting Road?
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཧོའེ་ཐིང་ལུའུ་ (ལམ་)
    Hoéting Road?
  • ལྟ་ང་ཚོ་བསླབ་གྲྭ་ནས་འགྲོ་གས། ཨཱ་ནི།
    Do you want to start from our school?
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    བསླབ་གྲྭ་ནས།
    Yes, from the school.
  • བཀྲ་ཤིས་ནོར་བུ་ Trashi Norbu
    བསླབ་གྲྭ་ནས་ཕྱིན་ན་བསླབ་གྲྭའི་འདི་ཞིག་ཡོད་པཱ། སྒོ་གཉིས་ཡོད་པཱ།
    In that case, you begin from the double door. Do you know where it is?
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ། སྒོ་གཉིས།
    Yes, I know.
  • བཀྲ་ཤིས་ནོར་བུ་ Trashi Norbu
    དེ་ལྟའི་འོ་འདི་ཞིག་མེད་པས་ཧོ་ཧྲང་ལུའུ་(ལམ་)སྒོ་ཞིག
    The Hohrang Road gate is nearby. You know that, right?
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདི་ནས་མར་འདོན། ཁ་ཐུག་ཡར་འདོན་དང་ཡ་གིའི་རྩར་འདའི་ཡུད་ཡན་ལུའུ་(ལམ་)ཡོག་རེད།
    You have to go through the gate and go straight. Then you will see Yüyen road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ།
    Okay.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཡུད་ཡན་ལུའུ་ནས་ཕར་ཕྱིན་ན་ཕ་གིར་འདི་ཡོད་རེད། ཧྲང་ཤི་ལུའུ་(ལམ།)
    From Yüyen Road, go from the other side, and you will reach Hrangshi Road.
  • ལམ་ཀ་ལ་ལྟ་གིན་ལྟ་གིན་རྒྱུགས་དང་ཕེའེ་རྩེ་(བྱང་བུ་)སྦྱར་བཞག་ཡོད་རེད། ཕ་གིར་ཡཱ།
    Look for the road signs, and they will point you in the right direction.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཨན་ཨན།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདི་ནས་ཕར་ཕྱིན། ཧྲང་ཤི་ལུའུ་ནས་ཁ་ཐུག་ཕྱིན་པ་ཡིན་ན་ག་གིར་ཡཱ་ད་ལྟའི་འདི་སླེབས་ཀྱི་རེད། ཧོའེ་ཐིང་ལུའུ། འདུག་སེ་བྱས་ད་ལྟའི་ལམ་ཀ་གསུམ་མདོ་ཁང་ཞིག་ཡོད་པཱ།
    If you go straight on the Hrangshi Road, you will reach an intersection close to Hoéting Road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཨ་འང་།
    I see.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདི་ནས་འདུག་སེ་ཕར་ཁ་ཐུག་ཕྱིན། ཨཱ་ནི་ལམ་སེང་ཧོའེ་ཐིང་ལུའུ་སླེབས་ཚར་པ་རེད།
    From there, go straight, and you will reach Hoéting Road shortly.
  • ཡང་ཕར་ཕྱོགས་འདི་ནས་འཛུལ་ས་ཞིག་ཡོད་རེད་དཱ།
    There is another route on the other side.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ད་ལྟའི་འདི་ཡོད་པཱ། གང་ཟེར་ཧྲང་ཧེའེ། ཨམ་་་
    What is it? Hranghé something, um ...
  • གང་རེ་ཟེར་ད་ལྟའི་ལམ་ཀ་རྒྱ་ཆེན་པོ་དེ།
    I forgot the name of that broad road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ནན་ཅིང་ལུའུ་(ལམ།)
    Nenching Road?
  • བཀྲ་ཤིས་ནོར་བུ་ Trashi Norbu
    མ་རེད། ནན་ཅིང་ལུའུ་མ་རེད།
    No, it is not Nenching Road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཧོ་ཧཱཡེ་ལུའུ་(ལམ།)
    Hehayé Road?
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདའི། ཧོ་ཧཱཡེ་ལུའུ་ཕར་ནས་ཕར་གཅིག་འགྲོ་ས་ཡོད་རེད། ད་ལྟའི།
    That's right, it is the Hehayé Road. From there, there is another route.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདི་ནས་ཕར་ང་ཚོའི་འདི་ནས་སྒོ་འདི་ནས་ཡར་བྱས་ད་ལྟའི་འདི་ཡོད་རེད་པཱ། ཧོ་ཧྲང་ལུའུ་ནས་ཁ་ཐུག་ཡར་འདོན་པ་རེད་པཱ།
    If you start from our school double door, and exit from Hohrang Road,
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་འདའི་སླེབས་པ་རེད་པཱ། ཡུད་ཡན་ལུའུ་ལ་སླེབས་པ་རེད་པཱ།
    then you will reach Yüyen Road.
  • ཡུད་ཡན་ལུའུ་ནས་ཁ་ཐུག་ཕར་རྒྱུགས་དང་།
    Keep walking straight ahead on the Yüyen Road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཨཱ་འང་།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཁ་ཐུག་ཕར་ཕྱིན་ན་ཧོའེ་ཐིང་ལུའུ་སླེབས་ཀྱི་རེད་པཱ།
    If you go straight, you will reach Hoéting Road.
  • ཧོའ་ཐིང་ལུའུ་ནས་ཡར་ཕྱིན་དང་། ཡ་གིར་འདི་ཡོད་རེད། ད་ལྟའི་ཇོའུ་བེའི་རེད་གཅིག་ཡོད་པཱ།
    From there, if you go upward, you will reach Joubé. Do you know that place?
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ད་ལྟ་ཐོག་བརྩེགས་པ་ཙི་ད་གའི་འོག་འདའི་འདི་ཡོག་རེད་མཱཡེ་ཏང་ལའོ་བཙོངས་མཁན་འདི་ཡོད་པ།
    It is a tall building below which there is one McDonald restaurant.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཨའང་།
    I see.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདི་ཟུར་འདི་ནས་ཁ་ཐུག་ཡར་འཛུལ་རྒྱུགས་དང་ད་གར་ལམ་སེང་སླེབས་ཀྱི་རེད། རྩར་འདའི་ཡཱ།
    Enter from the corner, and you will reach there in no time. It's nearby.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Okay.
  • ཨཱ་ནི་འདི་ལྦེ་ཏང་གང་འདྲ་སེ་འགྲོ་དགོས་ཀྱི་རེད།
    How about the way to Bétang?
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྦེ་ཏང་ལ་ཡཱ་ད་ལྟ་ང་ཚོའི་འདི་ནས་ཡར་བྱས། ང་ཚོའི་ད་ལྟའི་བསླབ་གྲྭའི་སྒོ་གཉིས་ཡོད་པཱ།
    To go to Bétang, you can start from the same double door in our school.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    སྒོ་འདི་ནས་ཚུར་འཛུལ་ནས་འདི་རེད་པ་ཧོ་ཧྲང་ལུའུ་(ལམ་)རེད་པཱ། ཕར་ཕྱོགས་ནས་འཛུལ་ན་འདི་རེད་ནན་ཅིང་ལུའུ་(ལམ་)རེད།
    Enter that door, and you will reach Hohrang Road. If you enter from the other side, it is the Nenching Road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཨའང་།
    I see.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ནན་ཅིང་ལུའུ་ནས་འདུག་སེ་ཡར་ཕྱིན་དང་ད་ལྟའི་ང་ཚོའི་བསླབ་གྲྭའི་སྒོ་དོན་སའི་ལམ་ཀ་འདུག་སེ་ཕྱིན་རྒྱོག་རེད།
    If you take the Nenching Road, near our school gate, there is one road that looks like this.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལམ་ཀ་འདུག་སེ་འདི་ནས་ཡར་ཕྱིན་སོང་ན་འདའི་སླེབས་ཀྱི་རེད། ཤི་ཙང་ལུའུ་སྒང་ལ་སླེབས་ཀྱི་རེད་ཕར།
    If you move upward, you will reach the Shitsang Road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཤི་ཙང་ལུའུ་(ལམ།)
    Shitsang Road?
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ། འདུག་སེ་ཚུར་ཡོང་སོང་ན་འདའི་སླེབས་ཀྱི་རེད་ཏག་ཏག་ད་ལྟའི་གང་རེད་ནན་ཅིང་ལུའུ་(ལམ་)སྒང་ལ་རེད།
    Yes. Go from there, and you will reach Nenching Road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལམ་ཀ་ཁོ་ར་འདུག་སེ་ཡར་ཁ་ཐུག་རྒྱུགས་དང་།
    Go straight on the road.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ལམ་ཀ་སྒང་ལ་ད་ལྟའི་འདི་པ་ཧྲང་ཧའི་མགྲོན་ཁང་ཆེན་པོ་འདི་འདྲས་མེད་པས། ཤི་ཡཱ་ཏུན་དང་། ཀུད་ཏུའུ་ཟེར་ཡག་དེ་ཚོ་འདི་གས་ཆ་ཚང་མཐོང་གི་རེད།
    On the road, you will see all the big hotels in Shanghai, such as Shiyatün and Kütu.
  • ཨཱ་ནི་འདི་ནས་ཡར་ད་ལྟའི་གང་རེད་ལུས་རྩལ་གྱི་འདི་འདྲས་ཅ་ལག་བཙོངས་མཁན་ཆོག་ཏོ་མེད་པ་ཡོག་རེད།
    Nearby, there are many stores selling sports goods.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ། མོ་ཊ་ཡོག་རེད་པས།
    Okay. Any bus available?
  • བཀྲ་ཤིས་ནོར་བུ་ Trashi Norbu
    མོ་ཊ་ཡོག་རེད། འདི་ནས་ཕར་མོ་ཊ་སྒོ་འགྲམ་འདའི་ད་ལྟའི་ཨང་གྲངས་༧༢བྱས་རྒྱོག་མི་འདུག་གས།
    There's bus service. Near the gate, there is a bus stop for bus no 72. Do you know it?
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    འོ་འོ།
    I know.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འདི་བསྡད་དང་ཁ་ཐུག་ཡ་གིར་བསྐྱལ་གྱི་རེད།
    Ride that bus, and it will take you straight to your destination.
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཨ་ལས།
    I see.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྟ་ཧ་གོ་སོང་ངས།
    Now you know the routes, right?
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    ཧ་གོ་སོང་།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་འོ།
    Great!
  • བསྐལ་བཟང་ཕུན་ཚོགས་ Trashi Norbu
    རྒྱུགས་ཨང་།
    Goodbye!