Skip to main content Skip to search
21 Jan 2016
2 min 19 sec
Video Overview
Creators: 
Sherig Dhentshog

This song has a tune of melancholy, however it is hard to know the intended emotion of the song as the lyrics do not provide much clues. In addition the song seems incomplete. Going by the tune of the song, it could not be accompanied by a dance. The first four lines of the lyrics mention someone coming from India with no relation to the Buddha, as well as a river running from the mountain with no relation to alcohol.

 

༉  པདྨ་དགའ་ཚལ་ཆ་འོག་ ག་ཤ་རི་ལས་པདྨ་རིན་འཛིན་གྱིས་འཐེན་མི་སྐྱོ་བའི་གླུ་གཞས་འདི་ ཡོངས་གྲགས་ལུ་ཤར་ཕྱོགས་པའི་ཨ་ལོ་ཟེར་མིའི་གྱལ་ཁར་ཚུདཔ་ཨིནམ་ད་ ཁོ་ར་གིས་བཤད་མི་ནང་ གླུ་གཞས་འདི་ ཁོ་ར་གིས་བརྩམས་བརྩམས་ཨིནམ་པའི་སྐྱིད་སྡུག་གི་སྐྱོ་གླུ་ཅིག་ཨིན་པས། གླུ་གཞས་འདི་ནང་ རང་ཆུང་ཀུ་སྦེ་སྡོད་པའི་ནམ་དུས་ལུ་ ཕམ་གཉིས་ཀྱིས་བྱམས་པ་དང་བརྩེ་བའི་སྒོ་ལས་གསོ་བའི་མཐའ་མར་ སྦོམ་ཐལ་བའི་བསྒང་ལས་ རོགས་ཀྱི་འོག་ལུ་ལཱ་འབད་སྡོད་དགོ་ནི་དེ་གིས་ སེམས་འཁྲུལཝ་མས་ཟེར་ཨིནམ་ད་ སྡོད་དགོ་ཟེར་རུང་ མ་ཡུལ་རང་ལུ་མེད་ འགྱོ་དགོ་ཟེར་རུང་ ཕ་ཡུལ་ས་ཐག་ལུས་སོང་ཟེར་ སྐྱོ་བའི་ངང་ལས་འཐེན་འཐེནམ་ཅིག་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་རིན་འཛིན་/ Pema Rinzin:
    ཡ་ལགས་སོ། ད་ལྟོ་ང་གིས་ གླུ་གཞས་ ཤེས་རུང་མ་ཤེས་རུང་གླུ་གཞས་ཅིག་ཞུ་ནི། ག་ཤ་རི་ པདྨ་རིན་འཛིན་གྱིས་གླུ་གཞས་ཅིག་ཞུ་ནི།
  • པདྨ་རིན་འཛིན་/ Pema Rinzin:
    ཏེ་ འ་ནཱི་གླུ་གཞས་འདི་ ང་གི་སྐྱིད་སྡུག་གི་གླུ་གཞས་ཅིག་ཨིན་མས།
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་ཆུང་ཆུང་ལ་ཕ་མའི་ལ་བཀའ་དྲིན། །
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་སྦོམ་ཀྱང་(ཡང་)ལ་མི་ཡི་གཡོག་པོ། །
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་ཚེ་སྔོན་ལ་ལས་རང་ལ་སྐྱེས་སོང་། །
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་སྡོད་དགོ་ལ་སྡོད་དགོ་བསམ་པ། །
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་མ་ཡུལ་ལ་རང་ལ་ལ་མིན་འདུག །
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་འགྲོ་དགོ་ལ་འགྲོ་དགོ་བསམ་པ། །
  • པདྨ་རིན་འཛིན་/ Pema Rinzin:
    ཨའེ་ཕ་ཡུལ་ལ་ས་ཐག་ལ་ལུས་སོང་། །
  • པདྨ་རིན་འཛིན་/ Pema Rinzin:
    ལགས་སོ་ལགས།། །།