Video Overview
This song describes the pilgrimage of a blind practitioner.
- དབྱར་སྟག་ཆེན་སྟག་ཟླའི་ནང་གི།
- ཚེས་རྟགས་ཅན་བཅོ་ལྔའི་ནུབ་མོར།།
- མགོ་སྒུར་ནས་འདང་ཞིག་བརྒྱབ་ན།།
- འདང་རྒྱག་ས་རང་རུ་རང་སྡེ།།
- འདང་རྒྱབ་ནོ་རང་སྡེས་ཅི་ཤེས།།
- ཁོས་རང་ས་ལྟག་གར་བསྐྱུར་ནས།།
- ཁོས་སྡེ་ས་རྡོག་པས་མནན་ནས།།
- ཤར་གངས་ལ་ཐོད་ལ་བཟུང་ནས།།
- ནུབ་གངས་ལ་རྒྱབ་ལ་བསྐྱུར་ནས།།
- ཁོའི་འགྲོ་རོགས་བཀྲ་ལོ་གན་གིས།།
- ཚིག་བཤད་ནོ་མེ་ཏོག་ཆར་འབབ།།
- ཆར་སླར་འབབ་ལྷོད་ཞིག་མེད་གི།།
- ཁོ་རྒྱ་ཚུགས་ཆབ་མདོར་ཐོན་དུས།།
- མགོ་རིལ་བུ་གྲུབ་གིས་བཟུང་ནས།།
- མིག་ཕྲ་ཆུང་གྲུབ་གིས་ཟིན་དུས།
- ཁོའི་འགྲོས་རོགས་བཀྲ་ལོ་གན་གིས།
- ཁོའི་ཕྱོགས་ལ་རྭ་རི་མདུང་ཕྱོགས།།
- ཚིག་བཤད་ནོ་རྭ་རྒྱ་རྭས ་རྒྱག།
- ཁོའི་ཕྱོགས་ཀྱི་རྭ་རི་མདུང་གསུམ།།
- ཤིང་འདོམ་པ་གང་གི་སྣེ་རུ།།
- ལྕགས་དཀྱིལ་མཐོ་གང་ཞིག་གཞག་ནས།།
- ཁྱོས་གོམ་གསུམ་གོམ་པ་སྤོས་མི།།
- ཁོའི་མཆིན་པའི་དམར་ཆུང་སྟེང་ལ།།
- ཁོར་ད་འཇོག་གནའ་འཇོག་བྱེད་གི།།
- འཇོག་མི་དགོས་འགྲོས་རོགས་བཀྲ་ལོ།།
- ཤི་དགོས་པའི་དགོས་པ་མེད་ན།།
- སྤྲིན་དཀར་པོའི་མགོ་ཁེབ་ཅན་པོ།།
- ཆར་ཟ་ཟིའི་སྦྲང་ཆར་ཅན་པོ།།
- དེ་བྲག་དཀར་ཕྲ་མོའི་རྫ་རེད།།
- ལོ་བཅུ་བཞིའི་རིང་ལ་གསོས་ནི།།
- ཁོ་ཨ་སྐྱོ་ཡར་འགྲོ་ཞིག་ལ།།
- སྔོན་དེང་མ་ཁ་མགོན་གདོང་གྲོགས།།
- ཤི་དགོས་པའི་དགོས་པ་མེད་ན།།
- ཤི་དགོས་པའི་ངན་ལས་འེ་ཡོད།།