Skip to main content Skip to search
31 Jan 2012
24 min 6 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

A tailor from Chonggyé discusses his profession and introduces the different articles of clothing he makes in his shop.

Transcript search
No results found for this search
0 of 0
  • འཚིམ་བཟོ་བ་
    ད་སོ་སོའི་ཆ་བཞགས་ན་ཨ་ནི། ད་འཕྱོངས་རྒྱས་རྒྱལ་སྨན་ཤང་ཕུན་སུམ་གྲོང་ཚོ་བ་ལ།
  • འཚིམ་བཟོ་བ་
    སོ་སོའོ་སྐྱེ་ཡུལ་དེ། ད་འདུག་སེ་བྱས་ནས། བྱས་སོ་སོའི་ད།ཆུང་དུས་ཀྱི་སྐབས་ནས་ད།
  • འཚིམ་བཟོ་བ་
    རང་ལོ་བཅོ་ལྔའི་སྒང་ནས་ད། སོ་སོའི་ཕ་མའི་ཤུལ་བཞག་གི་ད། ལག་ཤེས་བཟོ་ལས་ད་མ་སོང་ནས་འདུག་སེ་བྱས་སྦྱང་།
  • འཚིམ་བཟོ་བ་
    ཨོ་འདུག་སེ་བྱས་སོང་ལ། ད། ད་ལྟའི་ངོས་ནས་ཆ་བཞག་ན།
  • འཚིམ་བཟོ་བ་
    སོ་སོའི་ལོ་ལ་ཆ་བཞག་ན་ད། ལྔ་བཅུ་ང་། ལྔ་བཅུ་ང་བཞི།
  • འཚིམ་བཟོ་བ་
    འོ་དེ་འདྲ་གཅིག་ལ་སླེབས་ཀྱི་ཡོད་པ་ལ། ད། འདུག་སེ་བྱས་ནས་ད།
  • འཚིམ་བཟོ་བ་
    སོ་སོས་ལས་ཀ་ནི་ཆུང་ཆུང་གི་དུས་ནས་གཅིག་བྱས་ཡོད་པ་ལ། ད། དེ་ནས། ད།
  • འཚིམ་བཟོ་བ་
    སོ་སོའི་བོད་ཀྱི་ལག་ཤེས་བཟོ་ལས་དེ་ཉམས་རྒུད་བཟོ་འདྲ་རེད་ཅིག་ཕྱིན་པ་ན་ལ་ད།
  • འཚིམ་བཟོ་བ་
    སྔོན་མ། ད་དེ་ནས། ད། ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་རྒྱ་ལྔའི་ལོ་ནས་ཡང་ལས་ཀ་དེ་
  • འཚིམ་བཟོ་བ་
    ཕར་གཞི་ནས་མགོ་ར་གཅིག་བཙུགས་བྱས། འོ་འདུག་སེ་བྱས་པ་ཡིན་ལ།
  • འཚིམ་བཟོ་བ་
    ད་དེའི་ཞུག་ལ་ད་སོ་སོས་ཕྲུ་གུ་གཉིས་ལ་ཆ་བཞགས་ནའང་། ལོ་བཅུ་གཅིག་སྒང་ནས་སློབ་གྲྭ་ལ་མ་བཏང་པ་བྱས།
  • འཚིམ་བཟོ་བ་
    ཡང་སོ་སོ་མཉམ་དུ་ལག་ཤེས་དེ་བསླབ། འོ་འདུག་སེ་པ་ལ། ད་རྒྱུད་འཛིན་དང་མ་སོང་ནའང་།
  • འཚིམ་བཟོ་བ་
    ལག་ཤེས་དེ་འདུག་སེ་ད་ཉམས་པ་གསོར་བཅུད་དང་། མ་ཉམས་གོང་སྤེལ།
  • འཚིམ་བཟོ་བ་
    སྒང་གི་བཀའ་ཡིན་ནའང་དེ་ཀ་རང་ཡོད་པ་ལ།
  • འཚིམ་བཟོ་བ་
    ད་བོད་ཀྱི་ལག་ཤེས་བཟོ་ལས་ཐོག་ལ་ཆ་བཞགས་ན་ཉམས་པ་གསོར་བཅུད་དང་།
  • འཚིམ་བཟོ་བ་
    མ་ཉམས་གོང་སྤེལ་གཏོང་དགོས་ཡས་ཀྱི་བཀའ་གནང་དང་གནང་བཞིན་པ་རེད། འདུག་སེ་བྱུང་།
  • འཚིམ་བཟོ་བ་
    དེ་བརྟེན་བྱས། ད་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་བརྒྱ་ལྔའི་ལོ་ལ།
  • འཚིམ་བཟོ་བ་
    ད་སོ་སོས་ལག་བཟོ་དང་མ་སོང་ནས་བྱས་བྱས། ཁྲོམ་རྭའི་སྒང་ལ།
  • འཚིམ་བཟོ་བ་
    འོ་ད། འདུག་སེ་བྱས་པའི་རྨང་གཞིའི་འོག་ལ། ད་སོ་སོའི་སྡོད་ས་རང་བྱས་ན་སྨན་གྱུར་ནང་ལ་པ་ལ།
  • འཚིམ་བཟོ་བ་
    ད་འདུག་སེ་མར་སྤོས་བྱས། དེ་ནི་ད་ཁྲོམ་རྭའི་སྒང་ལ་ལས་ཀ་རེད་ཅིག་བྱས།
  • འཚིམ་བཟོ་བ་
    གཅིག་ནས་སོ་སོ་ལ་ཕན་ཐོགས་དང་། གཉིས་ནས་ཡིན་ན་ད་སོ་སོའི་ལོ་རྒྱུས་ཀྱི་ད་ཉམས་པ་དེ་ཚོ་ཡར་གསོར་བཅུད་
  • འཚིམ་བཟོ་བ་
    དང་མ་སོང་ནའི་བྱས་བྱས། ད་རྒྱ་ཁྱོན་ཆེན་པོའི་ངང་ནས་ལས་ཀ་ད་མ་སོང་ནའང་།
  • འཚིམ་བཟོ་བ་
    ཕར་ཁྲོམ་རྭའི་སྒང་ལ་ཁ་ཕྱོགས་བྱས། འདུག་སེ་ལས་ཀ་བྱེད་ཡས་འདུག་སེ་བྱུང་སོང་ལ།
  • འཚིམ་བཟོ་བ་
    ད་གཅིག་ནས་འདུག་སེ་པ་ལ། ད་གཉིས་ནས་ཆ་བཞག་རྒྱུ་ན་ད་སོ་སོ་ལུང་པ་དེའི་ནང་ལ་ཆ་བཞགས་རྒྱུ་ན།
  • འཚིམ་བཟོ་བ་
    ད་སྔོན་མ་འཕྱོངས་རྒྱས་ཟླ་བ་སྒྲོན་མ། གྲགས་ཅན་གྱི་མི་སྣ་དེ་འདྲ་ཅིག་ཐོན་ཡོད་པ་ལ།
  • འཚིམ་བཟོ་བ་
    ད་དེ་ཚོའི། ད་གཙོ་བོ་རེད་དེ་ད། ད་ལྟའི་ང་ཚོའི་ལུགས་སྲོལ་རེད་དེ་བྱེད་ཡས་ལ་ཆ་བཞག་ན།
  • འཚིམ་བཟོ་བ་
    ད་དེ་ཚོའི་ཤུལ་བཞག་རྟགས་ལ་མ་སོང་ནའི། འོ་འདུག་སེ་ད་གཟབ་སྤྲོས་དང་།
  • འཚིམ་བཟོ་བ་
    གྱོན་སྨད་དེ་ཚོ་ལའང་ཆ་བཞག་རྒྱུ་ན་འོ་དེ་ཚོའི་བཟོ་ར་ཅིག་བྱས།
  • འཚིམ་བཟོ་བ་
  • འཚིམ་བཟོ་བ་
    ད་ནམ་རྒྱུན་རེད་ཅིག་ཆ་བཞགས་ན། ཞྭ་མོ་ད་རྒན་ཁོག་ད་བགྲེས་པ་རེད་དོ་ཚོས།
  • འཚིམ་བཟོ་བ་
    ད་ལྷམ་ཀོག་རེད་ཅིག་ལ་ཆ་བཞག་ནའང་འདུག་སེ་བྱས། ཞྭ་མོ་རེད་ཅིག་ལ་ཆ་བཞག་ནའང་འདུག་སེ་པ་ལ།
  • འཚིམ་བཟོ་བ་
    འདི་ཚོ་མཆོད་པ་ལ་སྣང་ལ། ད་ལྷམ་ཀོག་རེད་ཅིག་ལ་ཆ་བཞག་ནའང་།
  • འཚིམ་བཟོ་བ་
    ད་སྐྱེས་ཕོ་དམན་མེད་པས་འོ་དེ་འདྲ་རེད་ཅིག་གོན་གྱི་ཡོད་པ་ལ། ད་སོའི་ལག་པ་རང་གིས་སྟེར་གྱོག་པ་ན་ལ།
  • འཚིམ་བཟོ་བ་
    འཁྲུལ་འཁོར་གྱི་དེ་མ་ལ།རྦད་དེ་ཁོ་ར་ལག་པ་ཁོ་རང་གིས་བ་ལ།
  • འཚིམ་བཟོ་བ་
    སྟེང་ནས་འོ་བར་འཁྲིག་གེ དེ་རུ་ལག་པ་ཁོ་རས་བྱས་བྱས། དེ་ནི་ད།
  • འཚིམ་བཟོ་བ་
    ད་ལྟའི་ངོས་ནས་ཆ་བཞགས་ན། ད་རྦད་དེ་ཉམས་རྒུད་རེད་པོ་འགྲོ་གྲབས་སྟོང་གྲབས་རེད་པོ་བྱེད་ཀྱི་ཡོད་པ་ལ།
  • འཚིམ་བཟོ་བ་
    འོ་ལ།ད་ཡིན་ལའི་ཁ་ཤས་ཀྱི་ཡ་རུ་ང་ནང་བཞིན་རྒྱ་ཁྱོན་མེད་པ་མ་གཏོགས།
  • འཚིམ་བཟོ་བ་
    ལུང་ཁུག་ནང་ལ་ཚང་བསྡད་རུང་ལས་ཀ་འདུག་སེ་བྱེད་མཁན་ཁ་ཤས་ཁ་ ཤས་ཡོད་པ་ལ།
  • འཚིམ་བཟོ་བ་
    ད་སྤུས་ཚད་དང་དེ་ཚོའི་སྒང་ལ་དེ་ཙམ་གྱི་མར་༼མེད་པ་༽རེད་པོ་མིན་འདུག་མ་གཏོགས།
  • འཚིམ་བཟོ་བ་
    ནམ་རྒྱུན་གྱི་ཕྱུ་པ་ཡང་བཟོ་བ་གནང་མཁན་ཁ་ཤས་ཁ་ཤས་ཡོད་པ་ལ།
  • འཚིམ་བཟོ་བ་
    ད་དེ་ཚོ་ལ་ཆ་བཞགས་རྒྱུ་ན། ད་རྒན་པ་དེ་ཚོ་ད། དེ་ཚོའི་མི་ཚེས་མ་ཐུབས་པའི་བཟོ་འདྲ་རེད་པོ་བྱས།
  • འཚིམ་བཟོ་བ་
    རྗེས་མ་འོ་དེ་ཚོ་སྟོང་ཡས་བཟོ་འདྲ་རེད་པོ་བྱེད་ཀྱིས། ཉེན་ཁ་དང་མ་སོང་ནའི་འོ་འདུག་སེ་འདུག་ལ།
  • འཚིམ་བཟོ་བ་
    ད་ད་ལྟའི་ངོས་ནས་བྱས་ན་སོ་སོས། ད་སོ་སོའོ་ཕ་མེས་ཀྱི་ཤུལ་བཞགས་རེད་དེ་ཡར་གཅིག་སྦྱངས།
  • འཚིམ་བཟོ་བ་
    ད་སོ་སོའི་ལས་ཀ་དེ་ད། ལོ་ཆུང་དུས་ནས་ཕྲུ་གུ་ལ་ག་ལེར། ལོ་བཅུ་གཅིག་སྒང་ནས།
  • འཚིམ་བཟོ་བ་
    ད་རིག་གནས་སྒང་ནས་ད། ད་སྐྱོ་པོ་ར་ཅིག་བྱས་སོང་དེ་ལས། ད་ལས་ཀ་དེ་ཚོའི་སྒང་ལ་བྱས་ན།
  • འཚིམ་བཟོ་བ་
    ད་སོ་སོ་མཁས་པོ་རེད་ཅིག་ཆགས་བསྡད་ཡོད་པ་ལ།
  • འཚིམ་བཟོ་བ་
    ད་ལྟ་ད་ཆ་བཞགས་ན་ཕྲུ་གུ་ལོ་ཉི་ཤུ་རྩ་ལྔ་ལ་སླེབས་ཀྱི་ཡོད་པ་ལ། འོ་ལ།
  • བཅའ་འདྲི་བ་
    ཨ་ནི་སྟོད་ཐུང་དང་དེ་ཚོ་རེ་རེ་ལ་མིང་ལ་གང་ཟེར་གྱི་རེད་ལ།
  • བཅའ་འདྲི་བ་
    ཨ་ནི་ལྷམ་ཀོག་དེ་ཚོའི་མཐིལ་དང་དེ་ཚོ་རེ་རེ་མར་ངོ་སྤྲོད་གནང་རོགས་གནང་།
  • བཅའ་འདྲི་བ་
    ཞྭ་མོའི་མིང་ལ་གང་ཟེར་གྱི་རེད་ལ།
  • འཚིམ་བཟོ་བ་
    བྱས་ན། ཞྭ་མོ་ནས་འགོ་བཙུགས་གནང་ན།
  • འཚིམ་བཟོ་བ་
    ད་དེ་ཚོ་ལ་ཆ་བཞགས་ན། ཞྭ་མོ་གཉལ་ཞྭ་ཟེར་གྱི་པ་ལ།
  • འཚིམ་བཟོ་བ་
    ཁོ་རའི་དང་པོ་དང་པོའི་ཡོང་ཁུངས་རེད་དེ་བྱས་ན།
  • འཚིམ་བཟོ་བ་
    ཨོའོ་ལྷོ་ཁ་གཉལ་ཟེར་ཡས་དེ་ལ་ལྷུན་རྩེ་ཤན་ལ་དར་སྲོལ་རེད་དེ་འོ་འདུག་སེ་ཡོད་པ་འདྲ་ལ།
  • འཚིམ་བཟོ་བ་
    ད་འདུག་སེ་བྱས་བྱས། ད་ཡར་ཚོའི་འཕྱོངས་རྒྱས་དང་དེ་ཚོ་ལ་སྔ་མོ་ནས་གཟབ་སྤྲོས་སྒང་ལ་དེ་ནི་
  • འཚིམ་བཟོ་བ་
    དང་འདོད་ཆེན་པོ་ཞེད་ཅིག་ཡོད་པ་ན་ལ།
  • འཚིམ་བཟོ་བ་
    ད་དེ་ཚོ་ཡར་པ་ལ་མིག་བལྟས་བྱས་དེ་ནི་གསར་གཏོད་བཟོ་འདྲ་རེད་ཅིག་བྱས་བྱས་འོ་འདུག་སེ་བྱས་པ་ལ།
  • འཚིམ་བཟོ་བ་
    ད་དེ་ཚོ་གཟབ་སྤྲོས་རང་པ་ལ། ད་ལྷམ་ཀོག་རེད་ཅིག་ལ་ཆ་བཞག་རྒྱུ་ན།
  • འཚིམ་བཟོ་བ་
    དེ་ཚོ་ད་ཨེ་རའི་ད་བོད་ཀྱི་གནའ་ཤུལ་གྱི་ད་དབུས་དང་གཞིས་ཀ་རྩེ་རྒྱ་རྒྱུད་དང་ལྷོ་ཁ་ལྷ་ས།
  • འཚིམ་བཟོ་བ་
    འོ་དེའི། ད་ལྟ་ཀོང་པོ་དང་མདོ་སྨད་ངོ་ཕྱོགས་ལ་རྒྱུད་ནི་མ་པ་ལ། གཞན་དབུས་གཙང་རྒྱུད་ལ་བྱས་ན།
  • འཚིམ་བཟོ་བ་
    ད་ལྷམ་ཀོག་དེ་དར་སྲོལ་ཆེན་པོ་ཞེད་དྲག་ཡོད་པ་ལ། ད་མཐིལ་རེད་ཅིག་ལ་ཆ་བཞག་གྱུར་ནའི།
  • འཚིམ་བཟོ་བ་
    རྦད་དེ་རྐོ་བ་བྱས། ད་གཟུགས་པོ་ལ་གནོད་ཐོག་རྐང་དྲགས་ཁོ་རང་ནས་མེད་པ་ལ། དེ་ཚོ།
  • འཚིམ་བཟོ་བ་
    ཕན་ཡས་མ་གཏོགས་གནོད་ཡས་རྐང་དྲགས་ནས་མེད་པ་ལ། ད་སྒང་རེད་ཅིག་ལ་ཆ་བཞགས་རྒྱུ་ན།
  • འཚིམ་བཟོ་བ་
    རྦད་དེ་འོ་ད་ཡོངས་རྫོགས་འཕྲུལ་འཁོར་གྱི་གཅིག་ཀྱང་མ་རེད་ལ།
  • འཚིམ་བཟོ་བ་
    རྦད་དེ་ལག་པ་རྐྱང་རྐྱང་གི་པ་ལ། ད་འོ་འདུག་སེ་པ་ལ། ད་ནམ་རྒྱུན་གོན་ཡས་ད་གིན་ངས་ཞུས་པ་དེ་ཀ་བ་ལ།
  • འཚིམ་བཟོ་བ་
    ད་འོ་འདི་ནམ་རྒྱུན་མཆོད་པ་གནང་ཡས་ཀྱི། མཐིལ་དེ་ཀ་ཡང་སོ་མ་ར་རྩྭ་བ་ལ།
  • འཚིམ་བཟོ་བ་
    འོ་ལ། འདི་རྦད་ལག་པ་ཁོ་རས་འདུག་སེ། འཚེམ་པོ་རེ་རེ་བྱས་འདུག་སེ་བརྒྱབ། དེ་ནས་རི་དེ་ཡར་བསླངས།
  • འཚིམ་བཟོ་བ་
    དེ་ནི་བཏག་ནི་འོ་འདུག་སེ་བཟོ་དགོས་བ་ལ། ད་གཅིག་ནས་འོ་འདུག་སེ་བ་ལ། གཉིས་ནས་ཆ་བཞགས་ན།
  • འཚིམ་བཟོ་བ་
    རྒན་ཁོག་དེ་ཚོས་ནམ་ཞག་འཁོར་བའི་རྒྱུན་དུ། རྒྱུན་གཏན་གྱི་མཆོད་པ་གནང་ཡས་འདུག་སེ་བ་ལ།
  • བཅའ་འདྲི་བ་
    དེའི་མིང་ལ་ག་རེ་ཟེར།
  • འཚིམ་བཟོ་བ་
    པད་ཞྭ་ཟེར་གྱི་བ་ལ། འོ་ལ། པད་ཞྭ།
  • འཚིམ་བཟོ་བ་
    ད་དཔེ་ཤར་རེད་ཅིག་ལ་ཆ་བཞགས་རྒྱུ་ན། དེང་སང་གི་ཡང་གཞོན་ནུ་དེ་ཚོས་ཡང་འོ་འདུག་སེ།
  • འཚིམ་བཟོ་བ་
    ལོ་བཅུ་བདུན་བཅོ་བརྒྱད་དེ་ཚོས། ད་ཨེ་རེའི་ཀོའོ་ཡཱ་ ཀོའོ་ཡཱ་ རྒྱ་སྐད་དེ། སྐེད་པ་ཅུང་མཐོ་བའི་སྟོད་གོས་ཀྱི་རིགས་ཤིགབཟོ་རེད་དེ་
    ( )
  • འཚིམ་བཟོ་བ་
    འོ་འདུག་སེ་ཐུང་ཐུང་རེད་ཅིག་བྱས། ད་དེ་ཚོ།
  • འཚིམ་བཟོ་བ་
    རིང་ང་དེ་ཚོ་ཡང་གཟབ་སྤྲོས་ལྟེ་བ་ལ་ཁ་བལྟས། ད་རྦད་དེ།
  • འཚིམ་བཟོ་བ་
    བོད་ཆས་རང་ཆ་ཚང་མཆོད་གནང་དགོས་དུས་དེ་ནི་འོ་དེ་ཚོ་རིང་ང་དེ་འདུག་སེ་བྱས། འོ་འདུག་སེ་དེ་གནང་རྒྱུ་བ་ལ།
  • བཅའ་འདྲི་བ་
    རེ་རེ་ངོ་སྤྲོད་གནང་རོགས་གནང་།
  • འཚིམ་བཟོ་བ་
    འོ་ལ། པང་གདན་དེ་ཚོ་ལ་ཆ་བཞགས་ན། ཡང་ཨེ་རས་འཐག་ཀྱོག་མ་བ་ལ། གྲྭ་ནང་གི་བ་ལ།
  • འཚིམ་བཟོ་བ་
    ཡིན་ཡས་ཨེ་རའི་བོད་རིགས་རང་གི་བ་ལ། ལག་བཏགས་རང་གི་བ་མ་གཏོགས།
  • འཚིམ་བཟོ་བ་
    ནི་ཚོ་འཕྲུལ་འཁོར་གྱི་གཅིག་ཀྱང་ཡོད་མ་བ་ལ།
  • འཚིམ་བཟོ་བ་
    རྒྱ་ལོག་ཡང་འོ་ཕ་གིའི་གྲྭ་ནང་གི་ད་ཡོད་ཚོ་རྦད་དེ་ཚོང་ཞག་བཟོ་རེད་ཅིག་བྱས།
  • འཚིམ་བཟོ་བ་
    ཏིང་༼རྒྱ་སྐད། བོད་སྐད་དུ་གཏན་འཁེལ་བྱས་པའི་དོན། ༽ཁོ་ར་བྱས། འོ་འདུག་སེ་བྱེད་ཀྱི་ཡོད་བ་ལ།
  • འཚིམ་བཟོ་བ་
    ད་དེ་ཚོ་རྦད་དེ་ལག་པས་བྱས་ཀྱོག་རང་བ་མ་གཏོགས་ཡང་།
  • འཚིམ་བཟོ་བ་
    འཕྲུལ་འཁོར་རེད་ཅིག་གིས་ཕྱི་ལོག་ནས་ནང་འདྲེན་བྱས་བྱས་ད།
  • འཚིམ་བཟོ་བ་
    ཕྱེད་ཀ་ཨེ་རེ་བྱས་པ་དང་ཕྱེད་ཀ་ཕྱི་ལོགས་ནས་འདུག་སེ་བྱས་འདུག་སེ་བྱས་པ་མ་བ་ལ།
  • འཚིམ་བཟོ་བ་
    ད་དེ་ཚོ་བུད་མེད་ཀྱི་ཕྱུ་པ་དེ་ཚོ་བ་ལ། ད་བུ་མོའི་སྟོད་ཐུང་རེད་ཅིག་ལ་ཆ་བཞག་འགྱུར་ན།
  • འཚིམ་བཟོ་བ་
    ནིའི་ད་མ། ད་ནི་ཚོ་ཨེ་རས་བསྒྱུར་བཟོ་བྱས་བཞགས་པ་བ་ལ། ཁོ་ར་གང་ཡིན་ཟེར་ན། མ་དེ་རྒྱ་བཟོ་བྱས།
  • འཚིམ་བཟོ་བ་
    ད་འདི་ཀིའི་གཏོང་ཆ། དེ་ཀས་ལ་ཆ་བཞག་རྒྱུ་ན་བོད་རིགས་ཀྱི་ལུགས་སྲོལ་རེད་ཅིག་བྱས།
  • འཚིམ་བཟོ་བ་
    འོ་འདུག་སེ་བཟོས་ཀྱོག་བ་ལ། ད་བུ་མོའི་ཡང་འདི་ད་གོང་ང་ཡོད་པ་བྱས།
  • འཚིམ་བཟོ་བ་
    སླིང་རྩེ་འདུག་ཀང་ལ། ད་དེ་ཚོ་ཡོད་པ་དེ་ཚོ། མ་ཡང་རྒྱ་བཟོ་བྱས།
  • འཚིམ་བཟོ་བ་
    ཡང་དེ་ཀས་ཨེ་རེའི་བོད་རིགས་ཀྱི་ལུགས་སྲོལ་བྱས། ད་དེ་ཚོ་ནང་བཞིན་གོང་ང་ཡོད་པ་བྱས།
  • འཚིམ་བཟོ་བ་
    འོ་འདུག་སེ་བ་ལ། ད་བུའི་ཁ་སྦྱར་དེ་དབྱར་ཁ་གོན་ན།
  • འཚིམ་བཟོ་བ་
    ད་འོ་འདུག་སེ་གནམ་ཚ་བའི་དུས་ཚོད་དེ་པ་ལ་སླེབས་སོང་ན། ཕུ་ཐུང་མེད་པ་བྱས། འོ་འདུག་སེ།
  • འཚིམ་བཟོ་བ་
    ཡང་དགུན་ཁའི་དུས་ངའི་དེ་ནང་བཞིན་བ་ལ། ཕུ་ཐུང་ཡོད་པ་བྱས་ལ། འོ་འདུག་སེ་བ་ལ།
  • བཅའ་འདྲི་བ་
    ཨ་ནི་ཨོའོ། རྦད་ཤག་དེ་ནམ་རྒྱུན་གཟབ་སྤྲོས་དང་ཡང་བཟབ་སྤྲོས་མིན་པའི་ཧེ་བག་དང་།
  • བཅའ་འདྲི་བ་
    དེའི་མཐའ་ཅག་དེ་ཚོ་རེ་རེ་བྱས་ནི།
  • འཚིམ་བཟོ་བ་
    གཟབ་སྤྲོས་མིན་པ་བྱས་ན། དེའི་གོས་ཆེན་དེ་གཏོང་གི་མ་བ་ལ།
  • འཚིམ་བཟོ་བ་
    ཨོའོ་བྲིས་སྣེ་༼སྟོད་གོས་ཀྱི་གོང་བའི་ཁ་མཚར་ལ་བཏང་བའི་དཀྱིལ་འཁོར་གྱི་མིང་།༽ཡོད་པ་བྱས།
  • འཚིམ་བཟོ་བ་
    བྲིས་ཁ་ཤས་ལ་རས་དང་རས་ཟིང་སྐྱ་བཟོ་རེད་པོ་དེ་འདྲ་བཏང་།
  • འཚིམ་བཟོ་བ་
    ཁ་ཤས་ལ་དཀྱིལ་འཁོར་རས་དཀར་པོ་བཏང་། འོ་འདུག་སེ་བཏང་བཞག་ཀྱི་བ་ལ།
  • འཚིམ་བཟོ་བ་
    ནམ་རྒྱུན་འོ་འདུག་སེ་མཆོད་ཀྱི་བ་ལ། ད་དེང་སང་ཆ་བཞག་ན་འཚོ་བ།
  • འཚིམ་བཟོ་བ་
    སྤྱི་ཚོགས་ཀྱི་འཕེལ་རིམ་འཚོ་བའི་ཡག་ཏུ་སོང་ཙང་། ད་གསར་གཏོད་རེད་ཅིག་གཅིག
  • འཚིམ་བཟོ་བ་
    གསར་པ་རེད་ཅིག་བྱས་པ་དང་། གསར་པ་དེ་ལིའུ་ཞིང་༼རྒྱ་སྐད། བོད་སྐད་དུ། དར་གསོ་བྱས་པའི་དོ།༽བྱས། དེ་གཟབ་སྤྲོས་བྱས།
  • འཚིམ་བཟོ་བ་
    ཡང་དེ་ཚོ། དེའི་སྔོན་གྱི་བཟོ་ལྟ་དང་གོས་ཆེན་ཡག་སྡུག་དང་།
  • འཚིམ་བཟོ་བ་
    རྒྱུ་ཆ་གང་ཀའི་ཐོག་ནས་ཏོག་ཙམ་ཞན་པ་དེ་ཚོ་ཡང་ནམ་ཞག་འཁོར་བའི་རྒྱུན་དུ་ད་འོ་འདུག་སེ་བྱས་གོན་ཡས་བྱེད་ཀྱི་ཡོད་བ་ལ།
  • བཅའ་འདྲི་བ་
    ཨ་ནི་གཟབ་སྤྲོས་དེའི་རིགས་ང་རང་ཚོའི་དེའི་རྒྱུད་ལ་མི་སེར་གྱིས་ལོ་གསར་ལ།
  • འཚིམ་བཟོ་བ་
    ལོ་གསར། འོང་བསྐོར། ལྟེ་བ་རེད་དེ་ད་སོ་སོའི་སོ་ནམ་དུས་ཆེན་དེ། འོང་བསྐོར།
  • འཚིམ་བཟོ་བ་
    དབྱར་ཁ་ཟླ་བ་ལྔ་པ་དྲུག་པའི་ནང་ལ། འོ་དེ་གལ་ཆེ་ཤོས་ཅིག་བྱེད་ཀྱི་བ་ལ།
  • འཚིམ་བཟོ་བ་
    ད་དེ་དུས་སོའི་གཟབ་སྤྲོས་ཡོད་ན་མད་ན་གོན་ཡས་དང་། སོ་སོའི་གནའ་ཤུལ་གྱི་ད།
  • འཚིམ་བཟོ་བ་
    དར་སྲོལ་གང་ཡོད་ནའང་འོ་དེ་ཚོ་རང་ཆགས་རང་གོན་བྱས། ད་ལུང་པ་གཞན་དག་རེད་ཅིག་ལ་ཆ་བཞགས་རྒྱུ་ན།
  • འཚིམ་བཟོ་བ་
    དཔེ་ཤར་དེ་ཡང་བྲིན་པོ་ཆགས་བསྡད་ཡོད་པ་ལ།
  • འཚིམ་བཟོ་བ་
    ཤར་རྒྱག་ཕ་པར་གྲམ་ངོ་ཕྱོགས་ལའང་སླེབས་ཀྱི་ཡོད་པ་ལ། ཡང་དགའ་པོ་བྱེད་ཀྱི་ལ།
  • འཚིམ་བཟོ་བ་
    ད་ངེད་ཚོའི་ཡུལ་ལ་ཆ་བཞགས་ན། ལྷོ་ཁ་ལ་ཆ་བཞགས་རྒྱུ་ན། འཕྱོངས་རྒྱས། སྣེ་གདོང་། ཨོའོ་མཚོ་སྨད།
  • འཚིམ་བཟོ་བ་
    མཚོ་སྨད་འབྲོག་ལ་སྦྲ་རྩེ་དང་། འབྲི་གུ་བྱས། རྒྱུད་སྟོད་བྱས། འོ་དེ་ཀས་རྒྱུད་ལ་ཉོ་ཀྱི་བ་ལ།
  • འཚིམ་བཟོ་བ་
    ད་ལྷོ་ཁ་རང་དེ་རྒྱུད་ལ་ཉོ་ཀྱི་མ་བ་ལ། འོ་འདུག་སེ་བ་ལ། ད་དེ་དར་སྲོལ་ཆེན་པོ་ཞེ་ཅིག་ཡོད་བ་ལ།
  • བཅའ་འདྲི་བ་
    གོང་ཐང་དེ་གང་འདྲ་ཡིན་ནམ།
  • འཚིམ་བཟོ་བ་
    ད་ད་ཞག་བྱུང་སྟངས་བྱུང་ལུགས་ར་དེ་བྱས་ན། སྔོན་མ་དའ། གྲགས་ཅན་མི་སྣ་ཟླ་བ་སྒྲོལ་མ།
  • འཚིམ་བཟོ་བ་
    སྔོན་མ་ཞལ་འཚོ་བཞུགས་སྐབས་ནས་ཨོ་འདུག་ཟེར། འཕྱོངས་རྒྱས་ཁོ་རའི། ཨོ་འདུག་ཟེར་བའ་ནའ།
  • བཅའ་འདྲི་བ་
    གཟུགས་དེ་ཀ་རང་རེད་པས།
  • འཚིམ་བཟོ་བ་
    གཟུགས་རང་དེ་ཨོ་འདུག་ཟེར་བའ་ལགས། ད་མཇུག་གུ་ལ་ཁོ་རས་ཨོ་ནི་ཀའི་གོས་ཆེན་ནི་གཏོང་ཡས་ལ།
  • འཚིམ་བཟོ་བ་
    གསར་གཏོད་བྱས་པའི་ཁུལ་བའ། གཞན་སྔོན་མའི་གཞུང་རང་ནས་བྱས་ན།
  • འཚིམ་བཟོ་བ་
    འདེའི་ཀྱི་ཟེར་འདྲིལ་དང་འདྲིལ་དཀར་པོ་ནི། དཀྱིལ་འཁོར་དཀར་པོ་ནི།
  • འཚིམ་བཟོ་བ་
    བཏང་བ་མ་གཏོགས་གཅིག་ནས་གོས་ཆེན་ནི་གཏོང་སྲོལ་མིན་ནིས།
  • འཚིམ་བཟོ་བ་
    ད་མཇུག་གུ་ལ་ཁ་གཏད། ད་ནི། དང་པོ་ལས་ཀ་ནི་བྱེད་ཡས་ཡོད་ཀྱོ་ནི།
  • འཚིམ་བཟོ་བ་
    རྦད་དེ་མཉམ་འགྲེལ་དང་བྱེད་ཡས་ཡོད་ཚད་གནང་བའ་ལགས།
  • འཚིམ་བཟོ་བ་
    ཡོད་ཚོས་༼ང་ཚོས༽ཀོང་པོ་ཡི་གོས་ཟས་དེ་ལ་ཁ་གཏད་ཁོ་རའི་སྔོན་མ་ནས་
  • འཚིམ་བཟོ་བ་
    གོས་ཆེན་དང་གཞན་དག་བཏང་ནས་དེ་འདྲས་བྱེད་མཁན་ཡོད་པའ་ན་ལགས།
  • འཚིམ་བཟོ་བ་
    ཨོ་དེ་ལ་བལྟས་བྱས་བྱས། ད་དེ་ལ། ལན་པོ་བྱུང་༼འཚམ་པོ་བྱུང་༽ཙང་
  • འཚིམ་བཟོ་བ་
    དེ་ནི་ངེད་ཚོའི་པད་ཤད་དེ་ལ་ཡང་ཨོ་འདུག་ཟེར་བཏང་བའ་ལགས།
  • བཅའ་འདྲི་བ་
    གསར་གཏོད་དེ།
  • འཚིམ་བཟོ་བ་
    འོང་། གསར་གཏོད་དེ་བྱས་པའ་ལགས། ད་འདུག་ཟེར་བྱས་བྱས་སྟོད་ཐུང་འདི་ཚོ་ལ་ཆ་བཞག་པ་ཡིན་ན།
  • འཚིམ་བཟོ་བ་
    ད་ག་རང་བའ་ལགས། སྔོན་མ་ཡིན་ན། རས་དང་གོས་ཆེན་ཀྱུར་ཀྱུར་མ་གཏོགས་མེད་པོའོ་ལགས།
  • འཚིམ་བཟོ་བ་
    ད་མཇུག་གུ་ལ་ཁ་གཏད་ཨེ་རས་གསར་གཏོད་བྱས་ཨོ་འདུག་ཟེར་བྱས། ཨོ་འདུག་ཟེར་བའ་ལགས།
  • བཅའ་འདྲི་བ་
    ད་ལྟ་ལོ་ཆུང་བས།
  • འཚིམ་བཟོ་བ་
    ལོ་ཆུང་བ་དེ་ཚོས་རྦད་དེ་ཨོ་ནི་ལ་དང་དོད་ཞེ་པོ་གིག་ཡོད་པའ་ལགས།
  • འཚིམ་བཟོ་བ་
    ལུང་པ་ནུའུ་པ་༼འདི་རུ༽མ་ཚད་ལུང་པ་གང་ག་དགའ་པོ་བྱེད་པའ།
  • བཅའ་འདྲི་བ་
    ལུང་པ་གཞན་པ་ལ་ཨས།
  • འཚིམ་བཟོ་བ་
    ནི་དའ། དར་རྒྱུགས་ཆེན་པོ་ར་གཅིག་བྱས། ནི་དའ།དགའ་པོ་ཞེ་པོ་གཅིག་བྱེད་པ་ལགས། གཞོན་པ་དེ་ཚོས།
  • འཚིམ་བཟོ་བ་
    ངེད་ཚོ་ལྷོ་ཁའི་ཚོང་འདུས་ལ་ལོ་ལྟར་ཁོ་རུ་སྤྱི་ཟླ་བཅུ་གཉིས་པའི་ཚེས་པ་གཅིག་ནས།
  • འཚིམ་བཟོ་བ་
    ཉིན་མོ་བདུན་ གཅིག་ཚོང་འདུས་ཚོགས་ཀྱི་བའ་ནའ་ལགས།
  • འཚིམ་བཟོ་བ་
    ངེད་ཚོས་ནི་ནས་ག་ཚོས་བཟོས་ཕྱིན་ནའི་མ་འདང་ཤག་ཤག་ར་པོ་འགྲོ་གི་བའ་ལགས།
  • འཚིམ་བཟོ་བ་
    གང་བཤོད་དགོས་བའ་གས་དའ།
  • བཅའ་འདྲི་བ་
    ད་ལྟའི་རེ་བ་དེ་ཀྱིས།
  • འཚིམ་བཟོ་བ་
    ད་སོ་སོའི་ཆ་བཞག་པ་གྱུར་ན་ནི་དའ། སྒང་ནས་དའ།
  • འཚིམ་བཟོ་བ་
    སོ་སོའི་རྒྱལ་ཁབ་ཀྱིས་སྒང་ནས་ཆ་བཞག་ན་དངུལ་བུན་གཏོང་པ་གནང་ཡས་བའ།
  • འཚིམ་བཟོ་བ་
    དེ་པར་མ་རྩའི་ཐད་ལ་རྒྱབ་སྐྱོར་གང་མིན་ཚད་གནང་གི་བའ་དེ།
  • འཚིམ་བཟོ་བ་
    ད་ཞིང་གྲོང་གསེབ་ཁག་ལ་ཡོད་གནང་ཡས་རྒྱ་ཁྱོན་ཆེན་པོ་བྱས།
  • འཚིམ་བཟོ་བ་
    དེ་ལ་བརྟེན་ནས་ངེད་ཚོའི་བཟོ་ར་གཅིག་གིས་གཅིག་ཞེ་དྲགས་གཞུ་ཀ་ཕྱིན་བཞིན་ན་དེ། ཏག་ཏག་སྡོད་ཀྱི་མིན་ནིས་ནའ་ལགས།
  • འཚིམ་བཟོ་བ་
    བྱས་ཙང་དེ་ལ་བརྟེན་བྱས་ད་མིས། སྔོན་ལ་ཆ་བཞག་ནའི་དའ།
  • འཚིམ་བཟོ་བ་
    དེང་སང་ཏིང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་དགོངས་པ་གཞིར་བཟུང་བྱས་གང་ལྟར།
  • འཚིམ་བཟོ་བ་
    ད་ཁྲོམ་རའི་དཔལ་འབྱོར་རྒྱ་ཆེན་སྒོ་འབྱེད་ཡས་དང་གཅིག་ནས།
  • འཚིམ་བཟོ་བ་
    གཉིས་ནས་རྒྱལ་ཁབ་ཕྱི་ལོགས་དང་འབྲེལ་བ་བྱེད་ཡས་དེ་ཚོ་གང་ག་དའ། སྒང་གི་བཀའ་སློབ་ཡོད་པའ་ནའ་ལགས།
  • འཚིམ་བཟོ་བ་
    ད་དེ་ལ་བརྟེན་བྱས་སོ་སོའི་རེ་བ་ར་པོ་ལ་བྱས་པ་ཡིན་ན་དའ། ད་སོ་སོས་ཉམས་པ་སོར་བཅུད་དང་
  • འཚིམ་བཟོ་བ་
    མ་ཉམས་གོང་འཕེལ་གྱི་ད་སོ་སོའོ་བོད་ཀྱི་ལོ་རྒྱུས་དེ་ཡར་སླར་གསོ་བྱེད་ཡས་དེའི་ཆེད་དུ་དའ།
  • འཚིམ་བཟོ་བ་
    རྗེས་མ་ག་དུས་དའ། སོ་སོའི་ཕྲུ་གུ་གཅིག་པོ་མིན་པ་ཙམ་གྱིས་དའ། གཞན་དག་ལ་མ་སོང་ནས་
  • འཚིམ་བཟོ་བ་
    འཁྲིད་ཐུབ་ཡས་ཀྱི་སེམས་ཤུགས་རྟགས་ལ་མ་སོང་ནས་དའ། ད་གཅིག་ཡོད་ཟེར་བྱས།
  • འཚིམ་བཟོ་བ་
    དེ་ལ་བརྟེན་ནས་དའ། སོ་སོ་ལ་དཀའ་ངལ་ལ་རྟགས་ལ་མ་སོང་ནས་གང་ཐུབ་ཀྱི་ཡོད་པའ་ཟེར་ན།
  • འཚིམ་བཟོ་བ་
    གཅིག་ནས་ལག་ཆ་ནུ་ཚོའི་ཐོག་ལ་ཆ་བཞག་གྱུར་ན། དཀའ་ངལ་འདུག
  • འཚིམ་བཟོ་བ་
    གཉིས་ནས་ལྟེ་བ་ལྟེ་བ་ར་དེ་བྱས་ན་དའ། མ་ཙའི་ཐོག་ལ་དཀའ་ངལ་ར་པོ་ཨོ་འདུག་ཟེར།
  • འཚིམ་བཟོ་བ་
    ད་དེའི་ཐོག་ལ་ཆ་བཞག་གྱུར་ན་དའ།
  • འཚིམ་བཟོ་བ་
    དེ་སྔོན་ཡིན་ནའི་རྒྱལ་ཁབ་མང་པོ་གཅིག་གིས་སོ་སོའི་ལུང་པ་ལ་ཁ་གཏད་ཆུ་ཀ་ལ་འཛུགས་ཡས་ཡིན་ནའི་འདྲ།
  • འཚིམ་བཟོ་བ་
    ལམ་ཀ་བཟོ་ཡས་ཡིན་ནའི་འདྲ། ཟམ་པ་རྒྱག་ཡས་ཡིན་ནའི་འདྲ།
  • འཚིམ་བཟོ་བ་
    དེ་ཚོ་གང་གའི་ཐད་ལ་སོ་སོའི་རྒྱལ་ཁབ་ཙམ་མིན་པའི་རྒྱལ་ཁབ་ཕྱི་ལོགས་ནས་
  • འཚིམ་བཟོ་བ་
    གང་མིན་ཚད་རོགས་རམ་དེ་འདྲས་གནང་གི་ཡོད་པའ། དེ་གཞིར་ བཟུང་དའ།
  • འཚིམ་བཟོ་བ་
    ད་ང་ཚོའི་སོ་སོའི་བོད་ཀྱི་བོད་ཀྱི་ལོ་རྒྱུས་དེའི་སྒང་ལ་ལས་ཀ་ཉམས་པ་གསོར་བཅུས་དང་མ་ཉམས་གོང་འཕེལ།
  • འཚིམ་བཟོ་བ་
    གཏོང་ཡས་དེའི་སྒང་ལ་ཆ་བཞག་གྱུར་ནི།
  • འཚིམ་བཟོ་བ་
    རྣམ་པ་ཚོས་རོགས་རམ་གནང་ཡས་ཀྱི་རེ་བ་རྟགས་ལ་མ་སོང་ནས་ཆེན་པོ་ཡོད་ ཟེར། ཧ་ཧ།
  • བཅའ་འདྲི་བ་
    བསྐོར་ཀྱོན་གནང་ན་འགྲིག་པའ།
  • འཚིམ་བཟོ་བ་
    ལགས་ལགས་སོ།