Skip to main content Skip to search
31 Jan 2012
18 min 17 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Urgyen Tendzin, a Chonggyé area school teacher, relates some regional history. Topics include an explanation of the Gongdro village name, Tsering Jong, Jigme Lingpa’s empowered water, etc. 

Transcript search
No results found for this search
0 of 0
  • བཅའ་འདྲི་བ་
    གྲོག་གུ་དེའི་མིང་ལ་ཡཱ་དགུང་བོ་གྲོག་གུ་ཟེར་ཀྱི་རེད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    འོའོ། དགུང་བོ་གྲོག་གུ་ཟེར་ཀྱི་རེད། དགུང་བུ་གྲོག་བུ་ཟེར་བ་དེ་ནི་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ད་ང་རས་ཡི་གེའི་ཐོག་ནས་གོ་བ་བླངས་པ་ར་གཅིག་ཡིན་ན། དགུང་ཟེར་ན་དཱ་སྟོད་ཀྱི་དོན་དག་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེའི་ཡཱ་དཔེ་གཞུག་གཡུ་འབྲུག་འཁྱིལ་ཟེར་གྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    མི་ཚང་ཆེན་པོ་གཅིག་ཡོད་རེད། གཞིས་ཀ་གཅིག ཨོའོ།
  • བཅའ་འདྲི་བྱ་ཡུལ་
    འཇིག་མེད་གླིང་པའི་དུས་ཀྱི་དེ་རེད། འཇིག་མེད་གླིང་པའི་ཆོས་ཡོན་བྱིན་བདག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། འཇིག་མེད་གླིང་པའི་ཆོས་ཡོན་བྱིན་བདག་བྱས་འདུག་ཟེར་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་དགུང་ཟེར་ཡས་དེ་ཁྱིམ་ཚང་དེ་གཞིས་ཀ་དེའི་གོང་དེའི་ཡོད་པའི་དོན་མིན་དྲོ་བསམ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གྲོག་གུ་ཟེར་བྱས་བྱས་ད་ཁོ་ཤོ་གྲ་༼བར་གསེང་༽གཅིག ད་ཁོ་ཆུ་རྒྱུགས་སའི་ཤོ་གྲ་གཅིག་ཡོད་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    དེའི་ཡང་བརྟེནས་ནས་གྲོག་གུ་ཟེར་གྱི་ཡོད་པ་མ་ཞེས་གཞན་དག་གི་གྲོག་གུ་ཆེན་པོ་བྱས་ནས་དེ་འདྲས་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་རེད་ལགས།
  • བཅའ་འདྲི་བ་
    ཨ་ནེ་ཆུ་དེ་ཡང་དུས་རྒྱུན་དུ་ཚེ་རིང་ཇོ་དབང་དང་ཁོང་རྣམ་ཚོའི་དེ་གནང་གི་མེད་དྲོ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ཚེ་རིང་འཇོ་དབང་གི་ད་ཆབ་བཞེས་ཡས་ཡིན་ནའང་འདྲ་འདི་ཚོའི་
  • བཅའ་འདྲི་བྱ་ཡུལ་
    འདིའི་ཁུལ་གྱི་ཡོངས་རྫོགས་འཐུང་ཆུ་རང་འདི་ནས་རང་ལེན་གྱི་ཡོད་རེད་ལགས། ལགས་འོ་ན།
  • བཅའ་འདྲི་བྱ་ཡུལ་
    ཚེ་རིང་འཇོ་དབང་ཡང་དེ་མིན་པའི་ཡང་ཕ་གིར་དགོན་པའི་གཤམ་གྱི་
  • བཅའ་འདྲི་བྱ་ཡུལ་
    འདུ་ཁང་འོག་དེ་གེའི་གཙུག་ལག་ཁང་འོག་དེའི་ཆུ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཡང་དེ་འཇིག་མེད་གླིང་པ་དེའི་གྲུབ་པ་རྒྱབ་བྱས་བཞུགས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནེ་དེའི་སྐབས་དེའི་ཨ་ནེ་ཆུ་དེ་དོན་པ་ཡིན་ཟེར། བྱས་ཙང་དེའི་ཡང་གྲུབ་ཆེ་ཟེ།
  • བཅའ་འདྲི་བྱ་ཡུལ་
    འཇིག་མེད་གླིང་པའི་གྲུབ་ཆུ་ཟེར་ཀྱི་ཡོད་རེད། ཆུང་དེར་།
  • བཅའ་འདྲི་བྱ་ཡུལ་
    ད་ཆུ་ཆུང་ཆུང་གཅིག་ཡོད་རེད། དགོན་པ་ཁོ་རའི་འོག་ནས་དོན་སླེབས་ཀྱི་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནེ་རྒན་ལགས་ཀྱིས་དེ་མཁྱེན་ཀྱི་ཡོད་དྲོ། ཆོས་ཟེར་ཡས་ཀྱི་ལུང་པ་དེ་སྐོར་གཅིག་ཡོད་ནཱ།
  • བཅའ་འདྲི་བྱ་ཡུལ་
    དཱ། ཆོས་ཟེར་བྱས་ཆོས་སྒྲུབ་པའི་དོན་དག་ར་གཅིག་མ་གཏོགས་གཞན་དག་དེ་ཟེར་མི་འདུག་ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་དེའི་ནང་དེའི་ཡར་དེ་མང་པོ་གཅིག་བཤོད་ཡས་ཡོང་གིས་དེའི་སྐོར་ནས་གཅིག་ཡིན་ཀྱི་རེད་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། གང་ཟེར་དགོས་བཱ། ཨ་ཅེ་རྒྱ་བཟའི་ལོ་རྒྱུས་མང་པོ་གཅིག་དེ་ནས་ཡར་བཤོད་ཡས་ར་གཅིག་ཡོང་གིས།
  • བཅའ་འདྲི་བ་
    ཆོས་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ཆོས་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    ཡང་དེ་གཅིག་ཨོ་དེ་འདྲས་ད་བར་ནས་གཅིག་ནས་འབྲེལ་བ་ར་གཅིག་ཡོད་ན་མ་གཏོགས་ངས་ཡང་
  • བཅའ་འདྲི་བྱ་ཡུལ་
    གསལ་པོ་བཤོད་ཡས་མེད། གང་ཡིན་ཟེར་ན་ཨ་ཅེ་རྒྱ་བཟའ་ལོ་རྒྱུས་མང་པོ་གཅིག་དེ་འདྲས་འདུག
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཕ་ཀས་གཅིག་ཆང་ཁྱིམ་ཟེར་ཡས་གཅིག་ཡོད་རེད། གཞིས་ཀ་གཅིག
  • བཅའ་འདྲི་བྱ་ཡུལ་
    ཆང་ཁྱིམ་གཞིས་ཀ་ཟེར་ཡས་གཅིག་ད་ལྟ་གཞིས་ཀ་ཁོ་རང་ཆ་ཚང་བསྡད་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་འདུག་ཟེ་བལྟས་པ་ཡིན་ན་ང་ཚོའི་ད་པར་བྱས་པ་ཡིན་ན་དཱ། རིག་གནས་ཀྱི་དཱ་ག་རེ་ཟེར་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    དཱ་དྲན་གསོ་བྱེད་ཡས་བཟོ་ར་པོ་གཅིག་འདྲ་པོ་ཡོད་རེད། གཞིས་ཀ་ཁོ་རང་ཆ་ཚང་བསྡད་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཆང་ཁྱིམ་ཆང་ཁྱིམ་ཟེར་ཡས་དེ་དེ་འདྲས་ཟེར་བྱུང་བ་རེད་ཟེ། དེའི་ཡར་ཨ་ནི་ཕེབས་ནས་ཨ་ནི་དཱ།
  • བཅའ་འདྲི་བྱ་ཡུལ་
    ཨ་ཅེ་རྒྱ་བཟའ་དེའི་ཕེབས་ནས་ཆང་གཅིག་བྱིན་པ་རེད་ཟེར་དཱ་ཁོ་རང་ལ།
  • བཅའ་འདྲི་བྱ་ཡུལ་
    ཆང་བྱིན་ཙང་ཆང་དེ་ཞིམ་པོ་བྱུང་ཟེར་བྱས་བྱས་ཨ་ནི་ཆང་ཞིམ་ཟེར་གསུངས་པ་རེད་ཟེ། མིང་ལ་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ད་ལྟ་ཆང་ཁྱིམ་ཟེར་ཀྱི་ཡོད་རེད། ཆང་གི་ཁྱིམ་ཚང་བཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཆང་ཞིམ་པོ་བྱུང་བའི་དོན་དག་ལ་ཐོག་མར་བྱས་པ་ཡིན་ན་ད་རྦད་དེ་སྒྲ་འགྲུར་བའི་བཟོ་ར་པོ་གཅིག
  • བཅའ་འདྲི་བྱ་ཡུལ་
    ཆང་ཞིམ་པོ་བྱུང་བའི་དོན་དག་ལ་བལྟས་ནས་དེ་ནི་ཆང་ཁྱིམ་ཟེར་བྱས་བྱས་དེ་འདྲས་ཐོགས་པ་ཡིན་ཟེར་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་གཅིག་གི་ཡ་གའི་ལ་དེའི་རྩེ་དེའི་ཨ་དའི་རྣམ་སྲས་གླིང་དང་དེའི་བར་དེ་ལ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ལ་དེའི་རྩེ་དེའི་སྤྲེལ་མོང་མགོ་རྩེད་ར་གཅིག་ཟེར་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    སྤྲེལ་མོང་མགོ་རྩེད་ཟེར་བྱས་བྱས་ཡང་གཅིག་གིས་དེ་འདྲས་གཅིག་བཤད་ཡོད་འདུག
  • བཅའ་འདྲི་བྱ་ཡུལ་
    ཨ་ཅེ་རྒྱ་བཟའ་ལ་ཕྲུ་གུ་སྤྲེལ་མོང་ཙམ་གཅིག་སྐྱེས་པ་རེད་ཟེར་ན་གཅིག་གཅིག་ཟེར་ཡས་
  • བཅའ་འདྲི་བྱ་ཡུལ་
    ར་སང་སང་གཅིག་དེ་ར་གཅིག་བྱས་ཨ་ཅེ་རྒྱ་བཟའ་སྨྱོ་བའི་ལོ་རྒྱུས་ར་གཅིག་དང་དེ་ནས་ཡང་
  • བཅའ་འདྲི་བྱ་ཡུལ་
    གཅིག་མང་པོ་གཅིག་བཤད་ཡས་འདུག་དེ་ཚོའི་ཐོག་ནས་གཅིག་གིས་ཆོས་སྒྲུབ་པའི་དོན་དག་ར་གཅིག་
  • བཅའ་འདྲི་བྱ་ཡུལ་
    བྱས་བྱས་ཆོས་ཟེར་བྱས་བྱས་བྱུང་པ་ནཱ། དེ་འདྲས་གཅིག་མ་གཏོགས་ཡང་ངས་གསལ་པོ་ར་གཅིག་ཞུ་ཡས་མེད་།
  • བཅའ་འདྲི་བ་
    ཨ་ནི་ང་ཚོས་དེའི་འཕྱོངས་རྒྱས་ཀྱི་བུད་མེད་ཀྱི་གྱོན་ཆས་གཅིག་ཡོད་རེད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས་འོ
  • བཅའ་འདྲི་བ་
    དེ་རྦད་ཤའ་དེ་དང་ཞྭ་མོ་དེ་གཉལ་ཞྭ་ཟེར་དགོས་རེད་པཱ་ལགས།
  • བཅའ་འདྲི་བ་
  • བཅའ་འདྲི་བྱ་ཡུལ་
    ལགས་འོའོ།
  • བཅའ་འདྲི་བ་
    དེ་ཚོ་མཆོད་ཡས་དེ་ཚོ་ཟླ་བ་སྒྲོལ་མས་མཆོད་ཡས་རེད་ཟེར་ཀྱི་འདུག་གུ་རེད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ད་དེ་རྦད་ཤའ་དེ་བྱས་ན་ཟླ་བ་སྒྲོལ་མའི་ཆས་དེ་འདྲ་ལགས། གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དེ་འཕྱོངས་རྒྱས་མ་གཏོགས་པའི་གཞན་དག་ད་པར་གཅིག་ཡའི་གྱོན་མཁན་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ཀྱི་རིགས་སུ་ཐག་པ་དེ་ལ་རྦད་ཤའ་དེ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ང་ཚོ་ལྷ་ས་དང་ག་པར་ཕྱིན་པ་ཡིན་ནའི་རྦད་ཤའ་དེ་མཐོང་པ་ཙ་གཅིག་གིས༼ཙམ་གྱིས༽
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ཀྱི་མི་ཡིན་པ་དེ་བརྟན་འཁེལ་པ།
  • བཅའ་འདྲི་བྱ་ཡུལ་
    ད་ལྷོ་ཁ་ཙམ་མ་ཟིན་པའི་འཕྱོངས་རྒྱས་རང་གི་ཁྱད་ཆོས་དང་
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་རང་མ་གཏོགས་པའི་རྩེད་ཐང་སྣེ་གདོང་དང་དེ་ནས་ཕར་རྒྱུད་ལ་ཡང་གཅིག་གྱོན་གྱི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ཞྭ་མོ་དེ་ངེད་གཏན་ཡོད་མ་རེད། ཞྭ་མོ་དེ་ཁོ་རང་ལ་གཉལ་ཞྭ་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་གཉལ་ཞྭ་ཟེར་ན་གང་ཟེར་ཟེ་ན་གཉལ་ལས་ལས་དར་པའི་དོན་དག་རེད།
  • བཅའ་འདྲི་བྱ་ཡུལ་
    ཐོག་མར་བྱས་པ་ཡིན་ན། ཨ་དཱ་ལུང་རྩེ༼ལྷུན་རྩེ༽ངོགས་ནས་དེའི་ངོས་ནས་དར་པའི་དོན་དག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ང་ཚོ་ད་དེ་སྐབས་དེའི་ཡང་གང་ཡིན་ཟེར་ན་ཞྭ་མོ་དེ་དེ་འདྲས་ཀྱི་ཡག་པོ་ར་གཅིག་མཐོང་པའི་
  • བཅའ་འདྲི་བྱ་ཡུལ་
    སྐབས་ལ་ཡིན་ན་མི་གང་ག་ཚང་མས་དོ་སྣང་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཚུར་འགོས་ཡོང་ཀྱོ་མ་གཏོགས་པའི་འཕྱོངས་རྒྱས་རང་གི་དེ་མ་རེད། གཉལ་ཞྭ་དེ་།
  • བཅའ་འདྲི་བྱ་ཡུལ་
    ད་རྦད་ཤའ་དེ་འཕྱོངས་རྒྱས་རང་གི་ཟླ་བ་སྒྲོལ་མའི་དེ་ར་གཅིག་ཡིན་གྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ངས་གཏན་གཏན་བཤོད་ཡས་མེད་དེ་རྦད་ཤའ་དེ་འཕྱོངས་རྒྱས་ཀྱི་མངོན་གསལ་དོད་པོའོ་ཁྱད་ཆོས་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    གཉའ་ཞྭ་དེ་དེ་རེད་དཱ་མི་གཞན་དག་གི་རྩ་ནས་ཕུར་དེ་བྱས་བྱས་དཱ་དེ་སྨོན་པོ་ར་གཅིག་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཚུར་ཡོང་བྱས་བྱས་ཨ་ནི་འཕྱོངས་རྒྱས་ལ་དར་སོ་བྱས་བསྡད་ཀྱོ་དེ་འདྲས་རེད། འཕྱོངས་རྒྱས་རང་གི་དེ་མ་རེད།
  • བཅའ་འདྲི་བ་
    ང་ཚོའི་དེའི་རྒྱུད་ལ་དེའི་ད་རྟེན་འབྲེལ་དེ་འདྲས་ཡོད་རེད་པཱ་ལགས།
  • བཅའ་འདྲི་བ་
    དེ་འདྲས་བྱེད་དུས་དང་གཞན་དག་ད་སྔར་མའི་ལུགས་སྲོལ་བྱེད་ཀྱི་ཡོད་རེད། གང་འདྲས་ཟེར་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲ་མ་འདྲ་ཡོད་རེད། ཨོའོ། དཔེར་ཆ་བཞག་ན་ཆང་བསུ་རྒྱག་ཡས་བཟོ་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གཅིག་གི་དེ་འདྲས་ཀྱི་སྐབས་ལ་ཡིན་ནའི་ཡང་སྔར་མའི་དེ་འདྲས་བྱེད་མཁན་ཡང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་དཱ་ཡང་དེང་སང་གི་དེ་དེ་འདྲས་བྱེད་མཁན་ཡང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། སྣ་ཚོགས་དེ་འདྲས་རེད། ཨོའོ། སྔོན་མ་བྱས་པ་ཡིན་ན་དཱ། ཨོའོ།
  • བཅའ་འདྲི་བྱ་ཡུལ་
    མི་ཚང་ཆེ་ཁག་དེ་འདྲས་མ་གཞི་དེ་འདྲས་རྟེན་འབྲེལ་བྱེད་ཀྱི་མ་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་ཀྱི་བྱས་པ་ཡིན་ན་ཆོས་ཀྱི་རྒྱུད་ད་པར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ད་ལྟ་ཤའན་༼རྒྱ་སྐད། བོད་སྐད་དུ་རྫོང་༽གི་གཤམ་གྱི་ཡའ་ལགས་ཟེར་ཡས་ར་པོ་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ཁྲལ་པ་ཆེན་པོ་དེ་འདྲས་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྒྱལ་སྨན་གྱི་མདའ་ད་པར་དང་དེ་ཚོ་ལ་ཡ་ད་ཁྲལ་པ་ཆེན་པོ་དེ་འདྲས་ཡོད་སའི་ས་ཆར་
  • བཅའ་འདྲི་བྱ་ཡུལ་
    ཡཱ་ཨ་ནི་དེ་འདྲས་བྱེད་ཀྱི་རེད་དཱ། སྔར་མའི་ལུགས་སྲོལ་དེ་འདྲས་དེ་བྱས་བྱས་བྱས་བྱེད་མཁན་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་མང་ཆེ་བ་གཅིག་ད་དེང་སང་གི་དེ་རེད། ཡིན་ནའི་ད་དེང་དེ་མང་པོ་གཅིག་གིས་དེ་བྱེད་ཀྱི་ཡོད་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    འཚོ་བའི་ཆ་རྐྱེན་དེ་ཡར་མཐོ་རུ་མཐོ་རུ་འགྲོ་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    སྔར་མ་གི་བྱེད་སྟངས་དེ་ཚོ་ཡང་ཧུད་ཧྥུ་༼རྒྱ་སྐད། བོད་སྐད་དུ་སླར་གསོ༽ར་གཅིག་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    བསྐྱར་བཟོ་ར་གཅིག་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    གཅིག་གི་མནའ་མ་མང་པོ་དེ་འདྲས་བསུ་པའི་སྐབས་ལ་ཡིན་ནའི་གཅིག་གིས་ག་རེ་ཟེར་དགོས་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    ག་རེ་ཟེར་དགོས་རེད་སྒོ་ས་ལ་སླེབས་པ་ཡིན་ནའི་ལམ་ཀྱང་༼ལམ་སེང་༽སྒོ་མ་ཕྱེ་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    བཤད་པ་ར་གཅིག་མང་པོ་གཅིག་རྒྱག་ཡས་དང་དེ་འདྲས་བྱེད་ཡས་ཀྱི་ལུགས་སྲོལ་དེ་དེང་སང་ཡང་
  • བཅའ་འདྲི་བྱ་ཡུལ་
    གཅིག་གི་མང་ཚོགས་གི་ནང་ལ་རྒྱ་ཁྱབ་ཀྱི་དེ་འདྲས་བྱེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་གང་ཡིན་ཟེར་ན་དེ་གཙོ་བོ་འཚོ་བའི་ཆ་རྐྱེན་ལ་བལྟས་ནས་དེ་བྱེད་ཀྱི་ཡོད་རེད་པཱ། ཧ་ཧ།
  • བཅའ་འདྲི་བ་
    ཨ་ནི། འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་སྐོར་དེ་ད་བོད་ཡོངས་ལ་ཡང་བཤོད་སྲོལ་མང་པོ་ཡོད་རེད་པཱ་ལགས།
  • བཅའ་འདྲི་བ་
    ད་ང་ཚོ་འཕྱོངས་རྒྱས་རང་ནས་ཟླ་བ་སྒྲོལ་མ་དེ་འཁྲུངས་ནས་ཨ་ནི་
  • བཅའ་འདྲི་བ་
    སྔོན་མ་དེ་པར་ཆབས་ཡང་ཞེ་དྲགས་བསྐུལ་འདུག་ཀཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས་འོ།
  • བཅའ་འདྲི་བ་
    ཁ་ཤས་ཀྱིས་ཟླ་བ་སྒྲོལ་མ་ག་པར་ཡོད་རེད་ཟེར། ཤར་ཀྱག་ཤ་ས་ནས་ཡོང་པར་རྒྱག་ཀ་ཞེ་དག་ཡོང་།
  • བཅའ་འདྲི་བ་
    མིང་ལ་ཡང་ཟླ་བ་སྒྲོལ་མ་བྱས་པ་དེ་འདྲས་ཀྱི་ནང་བསྟན། ཨ་ནི་དེ་རེད་པས་ཟེར་།
  • བཅའ་འདྲི་བ་
    དེ་རེད་ཟེར་ཀོང་ཚོས་པར་རྒྱབ་ཨེ་འདྲས་བྱས་པ་དེ་འདྲས་དང་ཨ་ནི་དེའི་སྐོར་ཀྱི་
  • བཅའ་འདྲི་བ་
    དམངས་ཁྲོད་ཀྱི་བཤད་སྟང་དེ་འདྲས་ག་རེ་ཡོད་ནཱ།
  • བཅའ་འདྲི་བ་
    རྒན་ལགས་ཀྱིས་མཁྱེན་གཅིག་གསུངས་རོགས་གནང་།
  • བཅའ་འདྲི་བྱ་ཡུལ་
    དེ་གསལ་པོ་ཞེ་དྲག་མིན་འདུག་ལགས། ཟླ་བ་སྒྲོལ་མ་ཟེར་བྱས་བྱས་བྱུང་ནི་བྱུང་པའི་དུས་དཱ།
  • བཅའ་འདྲི་བྱ་ཡུལ་
    དེ་རྒྱལ་བ་ལྔ་པའི་དེ་པར་དུས་ཚོད་ད་པར་གཅིག་པ་མིན་དྲོ་ལགས།
  • བཅའ་འདྲི་བྱ་ཡུལ་
    གཅིག་གི་ཨ་ནི་ད་ཞོལ་ལ་ཨ་ནི་གཞུང་གི་ཨ་ནི་གཅིག་གི་འུ་ལག་དེ་འདྲས་ཞེ་དྲག་འཁྲིས་ཀྱི་མེད་དྲོ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཡིན་ན། ཨ་ནི་དེ་འདྲས་ཀྱི་གཞས་ཡིན་ན་གཅིག་བཏང་བྱས་བྱས་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཉི་མ་རྒྱམ་སྟོང་ནང་ནས་བཀྲོ་༼བསྲོ༽མཁན་ཡིན་།
  • བཅའ་འདྲི་བྱ་ཡུལ་
    གང་ཟེར་ནས་གཅིག་གཅིག་ཟེར་ཡས་གཅིག་གཞས་ར་གཅིག་བཏང་བྱས་བྱས་གཅིག་བྱེད་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁྲལ་མང་པོ་གཅིག་ཕྱག་ཡང་བཏང་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་སྒྲོལ་མ་ཟེར་དུས་བྱུང་ཐག་གཅོད་དེ་འདྲས་རེད། ཡིན་ནའི་ཁ་ཤས་ཀྱིས་དཱ།
  • བཅའ་འདྲི་བྱ་ཡུལ་
    སྔར་དམངས་ཁྲོད་ཀྱི་བཤོད་སྲོལ་ར་པོ་བྱས་པ་ཡིན་ན་ད་ལྟ་ཁྲོམ་ཁཱ་ཟེར་ཡས་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁྲོམ་ཁཱ་ཟེར་དྲོ་བྱེད་ཀྱིས་དཱ། དཔལ་འབྱོར་ཤའང་ཟེར་ཡས་གཅིག
  • བཅའ་འདྲི་བྱ་ཡུལ་
    དེའི་ཁྱིམ་ཚང་དེའི་རྒྱུད་ད་པར་གཅིག་ལ་རེད་མདོག་མདོག་ར་གཅིག་བཤད་ཡས་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཡང་དེ་གསལ་པོ་ར་གཅིག་ཞེ་དྲག་མི་འདུག
  • བཅའ་འདྲི་བྱ་ཡུལ་
    དེ་འཕྱོངས་རྒྱས་ཀྱི་རྒྱུད་དེ་པར་ད་རྒན་རྒོན་ར་སང་ལ་བཀའ་འདྲི་གནང་ནའི་དེ་འདྲའི་ཀྱི་
  • བཅའ་འདྲི་བྱ་ཡུལ་
    གསལ་པོ་བཤོད་མཁན་ཡོད་མ་རེད། བཤད་ཐུབ་མཁན་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨའེ། ཁྱིམ་ཚང་དེ་རེད། དེ་ནས་འཁྲུངས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེའི་རྒྱུད་པ་ར་པོ་འདུག་ཟེ་རེད་ཟེར་ཡས་གཅིག་དེ་ཡོད་མ་རེད། ཨའེ།
  • བཅའ་འདྲི་བྱ་ཡུལ་
    ངག་རྒྱུན་ར་པོ་བྱས་པ་ཡིན་ན་དཔལ་འབྱོར་ཤའང་ཟེར་ཡས་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དཔལ་འབྱོར་ཤའང་ཟེར་ཡས་དེའི་རྒྱུད་དེ་པར་གཅིག་ལ་དེ་འདྲས་ཟེར་རེད་ཟེར་
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་ཟེ་ཟེར་གྱིས་ལགས་འོའོ། བྱུང་ད་བྱུང་ཐག་གཅོད་རེད་ལགས་།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་སྒྲོལ་མ་ཟེར་དེ།
  • བཅའ་འདྲི་བ་
    ང་ཚོའི་འདིའི་རྒྱུད་ལ་ཡ་ད་འཕྱོངས་རྒྱས་ཀྱི་རྒྱུད་ཀྱི་སྐད་གཅིག་ཡོད་རེད་པཱ།
  • བཅའ་འདྲི་བ་
    སྐད་དེ་དང་ཡར་ཀླུང་རྒྱུད་ཀྱི་སྐད་དེ་མ་འདྲ་ར་གཅིག་ཡོད་རེད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཏད་ཙེ༼ཏོག་ཙམ༽མ་འདྲ་ཡོད་རེད། མ་གཞི་རང་གཅིག་འདྲ་པོ་འདྲ་པོ་རེད།
  • བཅའ་འདྲི་བྱ་ཡུལ་
    ཏད་ཙེ་ཏད་ཙེ་ཁ་ཤས་བཤད་སྟངས་ར་པོ་ཁ་ཤད་ཐད་ནས་མ་འདྲ་དེ་འདྲས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གཞན་གཅིག་པ་ར་གཅིག་རེད་ལགས།
  • བཅའ་འདྲི་བ་
    ཨ་ནི། འཕྱོངས་རྒྱས་ནང་ལོག་ལ་ཡ་ཀ་པས་ཀ་པས་ཟེར་གཅིག་ཟེར་གྱིས།
  • བཅའ་འདྲི་བ་
    ཀ་པས་ཟེར་མཁན་དེ་ག་རེ་གསུངས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཀ་པས་ཀ་པས་ཟེར་དེ་ད་དེ་དེ་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    ཀ་པ་ཟེར་རེའི་ག་ཙང་ཏད་ཙེ༼ཏོག་ཙམ༽ད་ཡར་ཏང་ཚ་པོ་༼ཡ་མེད་ཚ་པོ༽ར་གཅིག འོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་ཀྱི་དེ་ར་གཅིག་ལ་བརྩི་གི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཀ་པ་ཟེར་རེའི་ག་ཙང་གཅིག་གིས་ཡ་ཐང་གུའི་དོན་དག་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཞེ་སྣང་ག་ག་ཡེ་འཚེར་སྣང་ག་ཡེ་མེད་པའི་བཟོ་ར་གཅིག དེ་འདྲས་གཅིག་ལ་གོ་དགོས་ཀྱི་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་ནམ་རྒྱུན་གཅིག་གིས་དཱ་པར་གཅིག་གིས་འགོ་འཁྲིད་དང་ད་པར་ཡོད་ན་ཞེ་ས་རྒྱག་སྲོལ་ཡོད་རེད་པས།
  • བཅའ་འདྲི་བྱ་ཡུལ་
    ད་ཞེ་ས་འདྲ་མིན་རེད་དཱ། འགའ་ཤས་ཀྱི་ཞེ་ས་ཡག་པོ་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཀྱི་ཞེ་ས་ཆ་མ་ཚང་བ་ར་དེ་འདྲས་དེ་འདྲས་། ལགས་འོ།
  • བཅའ་འདྲི་བ་
    ཞེ་ས་རྒྱབ་ན་ང་ཚོའི་དེའི་ནང་ལོག་ལ་ཞེ་སའི་སྐད་ཆ་དེ་འདྲས་མང་པོ་ཡོད་རེད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་མང་པོ་ཟེར་ནའི་ཞེ་དྲག་ཤེས་ཀྱི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་རྒྱུན་གཏན་གྱི་དེའི་བཞུགས་གདན་འཇགས་ཟེར་ཡས་ར་པོ་དེ་འདྲས་ཀྱི་དེ་འདྲས་
  • བཅའ་འདྲི་བྱ་ཡུལ་
    མ་གཏོགས་པའི་ཡར་ཆིབས་སྐྱོན་གནང་ཟེར་ཡས་ར་པོ་དེ་འདྲས་མ་གཏོགས་པའི་ཞེ་དྲགས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    ཞེ་ས་དར་གསོ་ཆེན་པོ་དེ་འདྲས་ཡོད་མ་རེད། ལྷ་ས་ངོས་ལ་བསམ་བློ་བཏང་ན།
  • བཅའ་འདྲི་བ་
    ཨ་ནི་རྒན་ལགས་ཨ་ནི་དེ་མཁྱེན་ཀྱི་མེད་དྲོ།
  • བཅའ་འདྲི་བ་
    འཇུའི་ནང་ལོག་ཡ་གའི་བྲོ་འཁྲབ་མཁན་གཅིག་འདུག་ཀཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས་ཨོའོ།
  • བཅའ་འདྲི་བ་
    བྲོ་འཁྲབ་དེ་ནས་ཡང་དེའི་རྒྱུད་དེའི་ལོ་རྒྱུས་ར་པོ་ཏད་ཙེ་༼ཏོག་ཙམ༽འདུག་ཀཱ་ལགས།
  • བཅའ་འདྲི་བ་
    དེའི་རྒྱུད་ད་པར་རྒན་ལགས་ལ།
  • བཅའ་འདྲི་བྱ་ཡུལ་
    འཇུ་འཇུ་ཟེར་བྱས་བྱས། དེ་འདྲས་ཟེར་ཀྱི་དཱ།
  • བཅའ་འདྲི་བྱ་ཡུལ་
    ངས་དེ་འདྲས་གཅིག་འཁྱུག་ཙེ་༼འཁྱུག་ཙམ༽ར་གཅིག་གོ་ཐོས་དེ་འདྲས་ཡོད།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ད་ཁྲལ་ཀྱི་ཐོག་ལ་ས་ཆའི་ཐོག་ལ་ཡ་རྩོད་གླེང་ཞེ་དྲགས་ཡོད་རེད་པཱ། སྤྱི་ཚོགས་སྙིང་པའི་སྐབས་ལ།
  • བཅའ་འདྲི་བྱ་ཡུལ་
    སུས་བདག་དང་མ་བདག་ཁྱིམ་ཚང་ད་མངའ་བདག་ག་གའི་ཁུངས་ཡིན་དང་མ་ཡིན་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སྤྱིར་བཏང་སྐབས་དེ་ལ་ཡ་འགྲིམ་འགྲུལ་དང་དེ་འདྲས་སྟབས་བདེ་པོ་མེད་པའི་
  • བཅའ་འདྲི་བྱ་ཡུལ་
    སྐབས་ལ་ཡིན་ན་གཅིག་གི་མང་ཚོགས་ཀྱི་ནང་ནས་མགོ་བདེ་བ་དེ་ཚོས་དཔོན་པོ་ལ་ཡང་
  • བཅའ་འདྲི་བྱ་ཡུལ་
    མགོ་བསྐོར་ཞེ་དྲག་གཏོང་གི་ཡོད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་འཇུ་ཟེར་བྱས་བྱས་ཐག་པའི་སྣེ་འཇུ་གང་ལས་མེད་པའི་དོན་དག་གི་ངོས་འཛིན་བྱེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    འོ། ཐག་པའི་སྣེ་འཇུ་གང་ཟེར་དུས་འདི་འདྲས་གཅིག་ལས་ཡོད་མ་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨ་ནི་ད་འཇུ་ཟེར་ཡས་དེ་གང་འདྲས་གཅིག་ཡོད་རས་དཔོན་པོ་ཚོ་ཁོའི་ཁྲལ་པའི་བདག་པོ་ར་དེ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ས་ཆ་གང་འདྲས་གཅིག་ཡོད་མེད་ཡང་ཧ་གོ་གི་མེད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་འཇུ་ཟེར་བྱས་བྱས་ཨ་ནི་ཆུང་ཆུང་གཅིག་ལས་མེད་པའི་དོན་དག་ར་གཅིག་དཱ།
  • བཅའ་འདྲི་བྱ་ཡུལ་
    ཐག་པའི་སྣེ་འཇུ་ཙམ་ལས་མེད་པའི་དོན་དག།
  • བཅའ་འདྲི་བྱ་ཡུལ་
    སྣ་དེ་ཐག་པའི་སྣེ་གཅིག་ལས་མེད་ན་སྤྲད་ཞོག་ཟེར་ཡས་དེ་འདྲས་བཤད་ཀྱི་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ད་ངག་རྒྱུནར་དེ་བཤད་པ་ཡིན་ན། བཤད་ཡས་ར་དེ་དེ་འདྲས་ཟེར་བཤད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    འཇུ་ཟེར་བྱས་བྱས་དེ་འདྲས། ད་བྲོ་འཁྲབ་ཡས་དེ་ལ་ཡང་སྔོན་མ་ཡིན་ན་དཱ། ཁྲལ་སྐྱལ་།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་ཁོ་རང་ཁྲལ་གཅིག་རེད་དཱ། སྐབས་དེར་འཕྱོངས་རྒྱས་སྤྱི་པ་བྲོ་གཞས་ཟེར་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    ལོ་གསུམ་ནང་ལ་ཐེངས་མ་རེ་རེའི་འཁྲབ་ཀྱི་རེད། རི་བོ་བདེ་ཆེན་གྱི་དེ་བྱེད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    འགྲོ་སོང་དེ་རི་བོ་བདེ་ཆེན་གྱི་གཏོང་བྱས་བྱས་འཕྱོངས་རྒྱས་སྤྱི་པ་བྲོ་གཞས་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ནང་ལ་གཙོ་བོ་གང་ཡོད་རེད་ཟེར་ན། བྲོ་ཁག་གཉིས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྲོ་ཁག་གཉིས་ཡིན་ན་གཅིག་སྨད་པ་ཀྱི་བྲོ་དང་སྟོད་པ་ཀྱི་བྲོ་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    སྨད་པ་ཀྱི་བྲོ་དེ་ད་ལྟ་ཡར་ལང་གི་བྲོ་དེ་རེད། དེ་ཡར་ལང་ཟེར་དེ་རི་བོ་བདེ་ཆེན་ཀྱི་མི་སེར་རེད། ཡོངས་རྫོགས།
  • བཅའ་འདྲི་བྱ་ཡུལ་
    ཁྱིམ་ཚང་ཡོང་རྫོགས་རི་བི་བདེ་ཆེན་ཀྱི་མི་སེར་རེད། བྱས་ཙང་ཁོང་ཉིན་མོ་གཉིས་འཁྲབ་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་སྟོད་པ་ཟེར་ན་ཆུ་མདོའི་ཕུ་དེ་ནས་ཡར་ལ་འཕྱོངས་རྒྱས་ཕུ་དེ་ནས་ཡར་དེ་ཀྱིས་འཕྱོངས་རྒྱས་རི་བི་བདེ་ཆེན་
  • བཅའ་འདྲི་བྱ་ཡུལ་
    ཀྱི་མི་སེར་རེད། ཨོ་དེ་ཀྱིས་ཀྱིས་སྟོད་པ་ཀྱི་བྲོ་ཟེར་བྱས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཁོང་གཉིས་ཀྱི་བྲའི་བྲོ་པ་འཁྲབ་སྟངས་ཀྱི་འཁྲབ་སྟངས་དང་འཁྲབ་ཆས་དང་དེ་ཚོ་གཅིག་པ་གཅིག་ཀྱང་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཁོང་གཉིས་ཀྱི་ས་ལ་ཡ་མི་འདྲ་བའི་ས་དེ་ག་རེ་ཡོད་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྟོད་པ་ཀྱི་བྲོ་དེ་ལ་ཡ་དེ་ཟེར་བཤད་ཀྱི་རེད་ད། བསམ་ཡས་ཀྱི་ལོ་རྒྱུས་དེ་ཀྱིས་བཤད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་བཞེངས་པའི་ལོ་རྒྱུས་དེ་ཀྱིས་བཤད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ད་དྲི་བ་དྲིས་ལན་གྱི་བཟོ་ར་པོ་བྱས་བྱས་བྲོ་འཁྲབ་ཀྱིན་འཁྲབ་པའི་བར་ལོག་ལ་དཱ།
  • བཅའ་འདྲི་བྱ་ཡུལ་
    གདངས་བཏང་བྱས་གདངས་ཀྱི་ཉམས་གྱུར་ལ་བརྟེན་ནས་ཡང་
  • བཅའ་འདྲི་བྱ་ཡུལ་
    ཁོ་བསམ་ཡས་ཀྱི་ལོ་རྒྱུས་དེ་ཀྱིས་བཤད་ཀྱི་རེད། བསམ་ཡས་ཀྱི་ས་རྡོ་ག་དུས་བསགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    འོ། བསམ་ཡས་ཀྱི་བརྩིགས་པ་ག་དུས་རྒྱབ་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་ཆ་ཚང་ཁོ་རུ་བཤད་ཀྱི་རེད། ཨོ་དེ་བཤད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་བསམ་ཡས་ཀྱི་བྲོའི་ནང་ལོག་ལ་ཡང་ལོ་རྒྱུས་དེ་དེ་གཅིག་བསམ་ཡས་
  • བཅའ་འདྲི་བྱ་ཡུལ་
    དེ་དང་འབྲེལ་བ་གཅིག་ཡོད་པ་འདྲ། གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི། ཕོ་རོག་རྡོ་རྗེ་གྲོལ་ཟེར་ཡས་གཅིག་རྒྱག་ཡས་ཡོད་རེད་དཱ། བྲོའི་ནང་ལོག་ལ།
  • བཅའ་འདྲི་བྱ་ཡུལ་
    ཁོ་འཁྲབ་གཞུང་གི་ལེའུ་གཅིག་ལ་ཡང་ཕོ་རོག་རྡོ་རྗེ་གྲོལ་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཕོ་རོག་རྡོ་རྗེ་གྲོལ་ཟེར་དེ་གང་ཟེར་ཀྱི་ཡོད་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ད་གཙུག་ལག་ཁང་ཡོངས་རྫོགས་སོར་༼བཞེངས་ཚར༽བྱས་བྱས་ཉ་རྒྱབ་ཀྱི་སྒང་ལ་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཕོ་རོག་ཕྱིན་པའི་འགྲོས་རྒྱག་སྟངས་ཕོ་རོག་གི་འགྲོས་རྒྱག་སྟངས་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    སྒུར་སྒུར་བྱས་བྱས་རྒྱབ་བྱས་བྱས་འགྲོ་མཁན་དེ་འདྲས་ཡང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨོ་དེ་ཁོ་རུ་བྱས་ན་བསམ་ཡས་ལོ་རྒྱུས་ཀྱི་བྲོ་བྲོ་པ་ཁོ་རའི་གཞུང་བྱས་ན་
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་ལོ་རྒྱུས་བྱས་ཨེ་འདྲས་གཅིག་ཡིན་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཇུ་དཀར་གྱི་བྲོ་དེ་ཀྱིས་དེ་བཤད་ཀྱི་མ་རེད། བསམ་ཡས་ལོ་རྒྱུས་དེ་བཤད་ཀྱི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    སྟོད་པ་ཀྱི་བྲོ་དེ་ཀྱིས་བསམ་ཡས་ལོ་རྒྱུས་དེ་ཆ་ཚང་བཤད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཁོ་རའི་གདངས་དང་བྱསབ་ཡས་བསམ་ཡས་ཡ་གའི་ས་རྡོ་དེ་ག་དུས་ལོ་ལ་བསགས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡང་གཞན་དག་དེ་ཀྱིས་ལེན་མཁན་དེ་ཀྱིས་ཡང་བསམ་ཡས་ཡ་གིའི་ས་རྡོ་དེ་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གཅིག་གཅིག་གཅིག་ག་ལོ་དེ་བསགས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་བྱས་འོའོ་ལན་རྒྱབ་བྱས་བྱས་ཁོ་དྲི་བ་ལོ་རེ་རེ་ལ་ལན་རེ་རེ་བྱས་བྱས་ཨ་ནི་
  • བཅའ་འདྲི་བྱ་ཡུལ་
    འཁྲབ་གཞུང་འདུག་ཟེ་འཁྲབ་བྱས་བསམ་ཡས་ཀྱི་ལོ་རྒྱུས་དེ་གས་ཆ་ཚང་བཤད་ཀྱི་རེད་
  • བཅའ་འདྲི་བྱ་ཡུལ་
    སྟོད་པ་ཀྱི་བྲ་ཨོ་དེ་འདྲས་རེད། འཇུ་དཀར་དེ་ཡང་དེ་ཡོད་མ་རེད། དེ་འདྲས་རེད།
  • བཅའ་འདྲི་བ་
    དེ་རེད་ད་གིན་འཇུ་དཀར་གྱི་བྲོ་གཅིག་ཡོད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས་འོ།
  • བཅའ་འདྲི་བ་
    འཇུ་དཀར་གྱི་བྲོ་དེ་དེ་ནི་ཡར་ལང་ཀྱི་བྲོ་དང་སྟོད་པ་ཀྱི་བྲོ་ཟེར་ཡས་གཅིག་ཡོད་པཱ་ལགས།
  • བཅའ་འདྲི་བ་
    འོ་དེ་ཡང་རྐྱར་གཅིག་གནང་རོགས་གནང་།དགོངས་དག་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་གཙོ་བོ་དེ་རེད་ད་ཁོའི་རི་བི་བདེ་ཆེན་ཀྱི་མི་སེར་རེད།
  • བཅའ་འདྲི་བྱ་ཡུལ་
    འཇུ་ཟེར་ནའང་འདྲ་སྟོད་པ་རི་བོ་བདེ་ཆེན་ཀྱི་མི་སེར་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཁོ་རང་གི་མི་སེར་མ་གཏོགས་གཞན་དག་ལ་འཁྲིས་ཀྱི་མ་རེད་
  • བཅའ་འདྲི་བྱ་ཡུལ་
    དེའི་ནང་ལ་སྟོད་པ་ཀྱི་བྲོ་དང་སྨད་པ་ཀྱི་བྲོ་ཟེར་ཀྱི་རེད། སྟོད་པ་ཀྱི་བྲོ་འཇུའི་བྲོ་དེ་རེད། སྨད་པ་ཀྱི་བྲོ་དེ།
  • བཅའ་འདྲི་བྱ་ཡུལ་
    སྟོད་པ་ཀྱི་བྲོ་དེ་ཨ་ནི་ད་ཆུ་མགོ་རྒྱུད་ཀྱི་ཆུ་མགོ་དང་གྲོང་སྟོད་ཀྱི་
  • བཅའ་འདྲི་བྱ་ཡུལ་
    རྒྱུས་དེ་ནས་ཡར་མི་སེར་དེ་ཀྱས་ཀྱིས་བྲོ་འཁྲབ་ཡས་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་གཉིས་ཀྱི་ད་འཁྲབ་སྟངས་དང་འཁྲབ་ཆས་དེ་ཚོའི་ཐོག་ལ་གཅིག་པ་གཅིག་རྐྱང་རེད།
  • བཅའ་འདྲི་བྱ་ཡུལ་
    ད་འཁྲབ་སྟངས་ཀྱི་ཐོག་ལ་གཅིག་པ་རེད། ནང་དོན་ཀྱི་ཐད་ནས་བཤད་པ་ཡིན་ན་དཱ།
  • བཅའ་འདྲི་བྱ་ཡུལ་
    ཁོ་སྟོད་པ་ཀྱི་བྲོ་དེ་ཀྱིས་ཁོ་བསམ་ཡས་ཀྱི་ལོ་རྒྱུས་དེ་ཀྱིས་ཆ་ཚང་བཤད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་ག་དུས་བཞེངས་པ་རེད་ཟེར། དེའི་ས་རྡོ་ག་དུས་བསགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ཚོ་རྦད་དེ་ཁོ་རུ་གདངས་དེ་ཚོ་བཏང་བྱས་། ཨོ་འདུག་ཟེར་བྱས་བྱས་དེ་བྱེད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཡ་ལངས་གི་བྲོ་དེ་ལ་ཡ་བསམ་ཡས་ཀྱི་ལོ་རྒྱུས་དེ་བཤད་ཀྱི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་འཁྲབས་ཡས་ཀྱི་འཁྲབ་གཞུང་ནང་ལ་ཆ་བཞག་ན་ཨོ་ད་ག་རང་ཡོད་རེད། དཔེར་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    ཕོ་རོག་རྡོ་རྗེ་གྲོལ་པ་ཟེར་བའི་ག་ཙང་ཨ་ནི་ཁོ་བསམ་ཡས་ཀྱི་གཙུག་ལག་ཁང་ཡོངས་སུ་
  • བཅའ་འདྲི་བྱ་ཡུལ་
    ཚར་པའི་རྗེས་ལ་ཨ་ནི་ཕོ་རོག་གི་ཉ་རྒྱབ་ཀྱི་སྒང་ལ་ཕྱིན་པའི་ཁོའི་སྒོམ་པའི་རྒྱག་སྟངས་དེ་ཚོ་ལ་
  • བཅའ་འདྲི་བྱ་ཡུལ་
    བྲོའི་ནང་ལ་མཚོན་པ་བྱས་བྱས། དེ་འདྲས་བྱེད་མཁན་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ལྟ་་ཨ་ནི་ཁུ་སུང་༼ཡུལ་གྱི་མིང་༽དང་དེ་འདྲས་ཀྱི་ལྡེབས་རིས་ཀྱི་ལྡེབས་ལ་ཆ་ཚང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ཀྱི་བྲོ་པ་བྲོ་གཞས་བྲོ་པ་ག་ཚོད་གཞས་མ་ག་ཚོད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཚོ་ཁུ་སོང་གི་ལྡེབས་རིས་ཀྱི་ལྡེབས་ལ་ཆ་ཚང་བྲིས་བཞག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ལ་བསམ་ཡས་ཀྱི་བཞེངས་པའི་སྐབས་ལ་དེ་འདྲས་བྱས་པ་ཙམ་མ་གཏོགས་པའི་
  • བཅའ་འདྲི་བྱ་ཡུལ་
    མ་ཚད་པའི་བསམ་ཡས་བཞེངས་ནས་བསམ་ཡས་ཉམས་གསོ་བྱས་པའི་ཡང་འཕྱོངས་རྒྱས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    བྲོ་པ་བྲོ་གཞས་དང་དེ་འདྲས་ཀྱི་ཤན་མང་པོ་གཅིག་གི་བྲོ་པ་བྲོ་གཞས་དང་
  • བཅའ་འདྲི་བྱ་ཡུལ་
    ལོ་རྒྱུས་དེ་འདྲས་བསམ་ཡས་ལྡེབས་རིས་ཀྱི་སྟེང་ལ་ཡང་མངོན་པ་དེ་འདྲས་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་ཚོ་བྲོ་གཞས་དེ་ཚོ་བསམ་ཡས་ཀྱི་ལོ་རྒྱུས་དེ་འདྲས་ནས་འདུག་ཟེར་བྱུང་པ་འདྲ། འོ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་སྤྱི་པ་བྲོ་གཞས་ཟེར་བྱས་ལོ་གསུམ་ཐོག་ལ་ཐེངས་རེ་བྱེད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ལོ་གསུམ་ཐོག་ལ་ཐེངས་རེ་རེ་དེ་གཅིག་ཡིན་ན་ཁོ་ཚོའི་མི་སེར་རྐྱང་རྐྱང།
  • བཅའ་འདྲི་བྱ་ཡུལ་
    གཅིག་ཡིན་ན་སྟོད་པ་ཀྱི་བྲོ། གཅིག་ཡིན་ན་སྨད་པ་ཀྱི་བྲོ། གཅིག་ཡིན་ན་ཧ་ལོ་སྒང་གི།
  • བཅའ་འདྲི་བྱ་ཡུལ་
    ཧ་ལོ་སྒང་ཟེར་དེ་ཡར་ཀླུང་གི་རྒྱུད་དེ་ནས་ཡར་ཧ་ལོ་སྒང་ཟེར་ཡས་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་རྒྱུད་དེ་ཀྱིས་ཡང་ལྷ་མོའི་འཁྲབ་གཞུང་དེ་འདྲས་འཁྲབ་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེ་བྱས་བྱས་ཕལ་ཆེར་ཉིན་མ་དྲུག་བདུན་གཅིག་གི་དུས་ཚོད་ཡ་འཕྱོངས་རྒྱས་
  • བཅའ་འདྲི་བྱ་ཡུལ་
    སྤྱི་པ་བྲོ་ཟེ་འདུག་ཟེར་རི་བོ་བདེ་ཆེན་གྱི་རྡོ་གཅལ་ནང་ལ་འཁྲབ་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རི་བོ་བདེ་ཆེན་གྱི་ཁོང་ཚོ་ལ་ཡ་ཉིན་མོ་མཇུག་མའི་ཉིན་པ་དེ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་དང་པོའི་ཉིན་པ་དེ་ཁོང་ཚོའི་འཁྲབ་སྟོན་རེད།
  • བཅའ་འདྲི་བྱ་ཡུལ་
    ཉིན་མ་གཉིས་པའི་ཉིན་པ་དེ་ཁོང་ཚོ་ཡ་གནང་སྦྱིན་དེ་འདྲས་སྤྲོད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    གནང་སྦྱིན་ཟེར་ད་ཁོ་ལ་དེ་སྤྲད་པ་གཟིགས་བཟོས་ཀྱི་བཟོ་ར་པོ་བྱ་དགའ་ར་དེ་
  • བཅའ་འདྲི་བྱ་ཡུལ་
    ད་འབྲུ་དོ་པོ་ར་འདྲས་མང་པོ་དེ་འདྲས། ལུག་དེ་འདྲས། ལུག་ཁོག་ཆ་ཚང་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ལ་ཡང་དར་མཚོན་སྣ་ལྔ་དེ་འདྲས་སྒྲོགས་བྱས་ཁོང་ཚོ་ཁག་ལ་ཡང་བགོ་བཤའ་རྒྱག་ཡས་ལ་
  • བཅའ་འདྲི་བྱ་ཡུལ་
    ཡང་དེ་འདྲས་ཟེར་སྤྲད་ཀྱི་རེད། གཙོ་བོ་ཡིན་ན་ད་ཁོ་རང་ཚོའི་ཁྲལ་བཟོ་ར་པོ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ག་རེ་ཟེར་དགོས་རེད་གཅིག་རིག་གནས་ཐོག་ལ་ཡང་དེ་ཡོད་པ་ར་གཅིག་ཨོ་དེ་འདྲས་ཟེ་རེད། ཨའེ།
  • བཅའ་འདྲི་བྱ་ཡུལ་
    སྤུ་ཤོད་གཡུ་དྲུང་ཁྱིམ་པ་ཟེ་བྱས་བྱས་སྐབས་དེའི་ཡ་འཇིག་མེད་གླིང་པའི་སྐབས་ལ་ཡ་དེ་བྱེད་པོ་གཅིག་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཁོ་སྟོབས་ཆེན་པོ་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་རྫོང་གི་གདན་འཚོགས་ཟེར་རེ་གཅིག་འཚོགས་ཀྱི་རེད་ད་ཤན་ཀྱི་ད་ཁྲང་ཧུད་ཟེར་ཡས་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་འཚོགས་ཀྱི་ཡོད་རེད་དེ་འདྲས་ཟེར་བཤད་སྲོལ་ར་དེ་དེ་འདྲས་ཟེ་འདུག
  • བཅའ་འདྲི་བྱ་ཡུལ་
    ཨའ་འཇིག་མེད་གླིང་པའི་དུས་ཚོད་ལ་ཡིན་ན་དེ་འདྲས་ཟེར་བྱུང་བ་རེད།
  • བཅའ་འདྲི་བྱ་ཡུལ་
    ལྕམ་ཉི་ཟླ་དཔལ་འཛོམས་ཟེར་ཡས་གཅིག དཔལ་གཞུ་གཞིས་ཀའི་། དེའི་གཞིས་ཀ་དེ་ལ་།
  • བཅའ་འདྲི་བྱ་ཡུལ་
    ལྕམ་ཉི་ཟླ་དཔལ་འཛོམས་ཟེར་དེ་འཇིག་མེད་གླིང་པའི་སྐུ་ཟླ་འདྲ་འདུག་ཀཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཆོས་ཕྱོགས་ཀྱི་ཐད་ནས་བཤད་པ་ཡིན་ན་དེ་སྔགས་ཟུང་གི་སྤྲུལ་པ་ཡིན་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ཚེ་རིང་མཆེད་ལྔ་ཟེར་གཅིག་ཡོད་རེད་དཱ། སྙིགས་མའི་གསུངས་མའི་ནང་ལ་ཚེ་རིང་མཆེད་ལྔ་ཟེར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཚེ་རིང་མཆེད་ལྔའི་ནང་གི་གྲས་གཅིག་ད་ད་ག་སད༼གང་བྱུང་མ་ཡིན་པ༽ཀྱི་
  • བཅའ་འདྲི་བྱ་ཡུལ་
    བུད་མེད་དེ་འདྲས་མིན་ཟེར་ཀྱི་ཡོད་རེད་དཱ། ཆོས་ཕྱོགས་ཀྱིས་བཤད་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    སྔགས་ཟུང་གི་སྤྲུལ་པ་ཡིན་ཟེར་གཅིག ལྕམ་ཉི་ཟླ་དཔལ་འཛོམས་ཞེས་པ་གཅིག་བྱུང་བ་ཡིན་ཟེར་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བཤད་ཀྱི་ཡོད་རེད། ཨའེ་དཔལ་བཤད་གཡུ་དྲུང་འཁྱིལ་པ་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གཡུ་དྲུང་འཁྱིལ་པ་ཟེར་ཡས་ཀྱི་གཙོ་བོའི་རྒྱུ་མཚན་དེ་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཁོའི་ཁང་པའི་བཟོ་ལྟ་དེ་གཡུ་དྲུང་འདྲ་པོ་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་གཡུ་དྲུང་བྲིས་བཞག་པ་ནང་བཞིན་གྱི་བཟོ་ལྟ་ཡིན་ནའི་འདྲ་པོ་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    སྔོ་མ་ཡིན་ན་ད་གཞིས་ཀ་ཆེན་པོ་གཅིག་རེད། འོ།
  • བཅའ་འདྲི་བྱ་ཡུལ་
    ཚེ་རིང་འཇོང་ངོ་ད་ཆོས་ཡོན་བྱིན་བདག་གི་བཟོ་ར་པོ་ད་འབྲེལ་བ་དམ་པོ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ཨ་ནི་ཁོ་རྗེས་ལ་ཡང་ཨ་ནི་ག་རེ་ཟེར་དགོས་རེད་ད་སྡེ་པ་གཞུང་གི་སྐུ་དྲག་མང་པོས་ཟིན་པ་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    ངས་ཏད་ཙེ་༼ཏོག་ཙམ༽བཟོས་།
  • བཅའ་འདྲི་བྱ་ཡུལ་
    དེའི་ཕ་རི་ཕ་ན་དེ་ཀྱིས་ཏེ་ཙེ་བཟོས་དེའི་པ་ར་ལ་དེ་ཁོས་བྱུང་བ་དེ་ཀྱིས་དེའི་འཁྱེར་ཕྱིན་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རིམ་བཞིན་གཞིས་ཀ་ཐོར་ཡས་བཟོ་ར་པོ་བྱས་བྱས་དེའི་རྒྱུད་པ་ར་དེ་འཛིན་ཡས་གང་ཡེ་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ཁོ་སྡེ་པ་གཞུང་པའི་གིས་སུ་ལ་སྤྲད་པ་ཡིན་ན་དེས་ལོ་ག་ཚོད་བྱས་ཡོད་ན་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ཚར་སོང་ན་ནི་དེ་གཞན་དག་ལ་སྤྲད་བྱས་ཨོ་འདུག་ཟེར་བྱེད་ཀྱི་ཡོད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    མ་གཏོགས་པའི་ཁོ་རུ་གཏན་བསྡོད་ཀྱི་དེ་ཡོད་མ་རེད། སྐུ་དྲག་དང་དེ་བྱས་བྱས་།
  • བཅའ་འདྲི་བ་
    དེས་གཞིས་ཀ་རེ་རེ་བཟུང་དུས་ལོ་ཚད་ར་གཅིག་ཡོད་རེད་པས་ལགས། གཏན་འཁེལ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་གཏན་འཁེལ་ཟེར་ད་དེ་འདྲས་ཡོད་མ་རེད། ཁ་ཤས་གཏན་འཁེལ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་གཏན་འཁེལ་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་ཁ་ཤས་ད་གང་ཡིན་ཟེར་ན་གཏན་འཁེལ་བྱས་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོ་ལ་རྩར་སྟོང་ནས་རྦད་དེ་སྤྲད་བཞག་ཀྱོ་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    འོ། རྒྱལ་བ་སྐུ་ཕྲེང་གཅིག་གཅིག་གཅིག་ཀ་དུས་ལ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ལ་བདག་པ་རེད་ཟེར་ཡས་དེ་འདྲས་ཡང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཡང་ཁོ་རའི་ལས་འགན་དེ་འཁུར་བའི་སྐབས་དེ་ལ་ཡང་
  • བཅའ་འདྲི་བྱ་ཡུལ་
    ཁོ་ལ་བདག་པ་རེད་དེ་ལས་འགན་དེ་གཙང་སོང་ན་ཡང་ཁོ་ལ་ཡ་བདག་དབང་བྱེད་ཡས་ཀྱི་དབང་ཆ་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ད་འགྱུར་འགྲོ་གི་ཡོད་རེད།