Video Overview
A local scholar points out and gives a brief description of several tombs near Chonggyé.
- Lhokha
- Chonggyé Khül
- Chonggyé
- ཨ་ནི་ངས་འདའི། ཨོང་། ངོ་སྤྲོད་ཞུ་རྒྱུ་དེ། གཙོ་བོ་དེ་ང་ཚོ་འཕྱོངས་རྒྱས་ཀྱི་བང་སོའི་ཚོགས་ནང་དེའི། སླེབས་ནས། ཨོང་། གཙོ་བོའི་བང་སོ་འདི། རྒྱལ་པོ་སྲོང་བཙན་སྒམ་པོའི་བང་སོ་ཡེ་གི་རེད་ལགས། ཨོང་། རྒྱལ་པོ་སྲོང་བཙན་སྒམ་པོའི་བང་སོ་ཡེ་གིའི་ཐོག། གང་ལ་ཡིན་ནའི་ཆ་བཞག་ན། ད་དུང་སྲོང་བཙན་ལྷ་ཁང་བྱས། འདུག་ཟེར་ཡོའོ་རེད།
- ཨོང་། རྒྱལ་པོ་སྲོང་བཙན་སྒམ་པོའི་བང་སོ་འདི་ད། ཨ་ནི། བང་སོ་འདིའི་ཚོགས་ནང་ནས་ཆ་བཞག་ན། གཙོ་གནས་གཅིག་ལ་བརྩིས་ཀྱི་ཡོའོ་རེད། གཙོ་བོའི་གི་བང་སོ་ཡིན་ཟེར་བྱས། ཨོང་། ལོ་རྒྱུས་ཐོག་ལ་ཆ་བཞག་ནའི། བང་སོ་འདི་ལ་ཨ་ནི། ཨོང། མཐའ་བཞི་ལ་ཆ་བཞག་ནའི་ལྕགས་རི་སྐོར་ནས་སྲུང་སྐྱོབ་བྱས་བཞག་ཡོའོ་རེད། ཨོང་། དེང་སང་ཡིན་ནའི་ཡེ་གེའི་ལྷ་ཁང་གང་ཡ་གེའི། ཨ་ནི་དོ་དམ་མི་སྣ་བཞུགས་ནས། བང་སོ་ཀྲུང་༼སྲུང༽མཁན་དག་དེ་འགས་འདི་ཡོའོ་རེད། གཙོ་བོ་ཨ་ནི་བང་སོའི་ཚོགས་ནང་ནས་ཆ་བཞག་ན། གཙོ་གནས་ཀྱི་བང་སོ་ཆེ་ཤོས་ཨོའོ་དེ་རེད།
- འདི་ཚང་མ་ལོག་ཨ་ནི། ཨོང་། སྤྱི་ལོའི་དུས་རབས་བདུན་པོའི་ནང་ལ། རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་འཚོ་བཞུགས་སྐབས་ལ་ཡིན་ན། ཨོའོ། དངོས་སུ་ད། ཡར་དེ། སའི་བརྒྱངས་བརྒྱབ་ནས། རིམ་པ་གཅིག་རྡོ་བརྩིག། རིམ་པ་གཅིག་ས་བརྩིག། རིམ་པ་གཅིག་ས། རྡོ་བརྩིག་འདུག་ཟེར་བྱས་བྱས་ཡར་བཞངས་པ་དེ་འདྲས་རེད། ད་ཚང་མ་ལོག་མིའི་ངལ་རྩོལ་ལ་བརྟེན་ནས་བཞངས་པ་ཀྱང་།
- མདུན་གྱི་བང་སོ་འདི་ཨ་ནི། ཨོང་། རྒྱལ་པོ་མང་སྲོང་མང་བཙན། སྲོང་བཙན་སྒམ་པོའི་ཚ་བོ། ཁོང་གི་ཨ་ནི་བང་སོ་རེད། བང་སོ་དེ་ཨ་ནི་བཟོ་ལྟའི་ཡིན་ནའི་སྤྱིར་བཏང་བྱས་ན་གྲུ་བཞི་བྱས་བྱས། ད་ལྟ་ཨ་ནི་དེའི་ཡོད་པའི་བང་སོའི་ནང་ནས་ཆ་བཞག་ན། ཏད་ཙེ་༼ཙམ༽ཆ་ཚང་ཡོའོ་མ་རེད། རེད་ད་འདི། བང་སོ་གཞན་དག་དང་བསྡུར་ན། ཏད་ཙེ་༼ཙམ༽ཆ་ཚང་པོ་བསྡད་ཡོའོ་རེད། དཀྱིལ་གྱི་བང་སོ་ཆུང་ཆུང་ཡ་གི་ཡིན་ན། ཨོང་། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་གྱིས་༼ཡིས་༽བང་སོ་རེད་ད། ཨོང་། བང་སོའི་མཚན་ལ། ཨོང་བློ་ན་ཁྲོད་རྒྱལ་གྱི་བང་སོ་རེད་ཟེར་གྱི་ཡོའོ་རེད་ཡང་། མིང་འབོད་སྲོལ་གཉིས་རེད།
- དེའི་རྒྱབ་ཀྱི་ཨ་ནི་ལྕང་མ་ཡོད་སའི་འཁྲིས་ཀྱི་བང་སོ་འདི་ཨ་ནི་རྒྱལ་པོ་མུ་ནེ་བཙན་པོའི་བང་སོ་རེད། མུ་ནེ་བཙན་པོ་ཟེར་འདི། ཨོང་། དེ་ནས་ཡར་བརྩིས་ནས། ད་རིའི་འདབས་ཡེ་གེའི་ཨ་ནི་རྡོ་དཀར་པོ་ཞེ་དྲག་ཡོད་ས་དེའི། གཤམ་དེའི་གི་བང་སོ་དེ་ནི། རྒྱལ་པོ། སྲས་ལྗང་ཚ་ལྷ་དབོན་གྱི་བང་སོ་རེད། ཨོང་ལྗང་ཚ་ལྷ་དབོན་གྱི། དེའི་གང་གི་བང་སོ་དེ་ཨ་ནི། ཁོང་རང་གི་ཡབ། རྒྱལ་པོ་ཁྲི་ལྡེ་གཙུག་ལྡན་གྱི་བང་སོ་རེད། བང་སོ་ཡ་གིའི་ཨ་ནི་མཚམས། གཤམ་དེའི་རྡོ་དཀར་པོ་ཡོད་ས་དེའི་ཁར་ཐུག་དེའི་ཨ་ནི། ཨོང། རྡོ་ཡི་སེང་གེ་གཉིས་ཡོའོ་རེད། ཨོང་། འདུག་ཟེར་རེད།ཨོ
- དེ་ནས་ཨ་ནི་བང་སོ་འདི། རྒྱལ་པོ། ཁྲི་ལྡེ་སྲོང་བཙན་གྱི་བང་སོ་རེད། ཁྲི་ལྡེ་སྲོང་བཙན་གྱི་བང་སོ། འདིའི་བང་སོའི་མདུན་དེ་ཨ་ནི་ད་ལྟ། རྡོ་ཡི། རྡོ་རིང་ཨ་ནི་ཆེན་པོ་གཅིག་ཡོའོ་རེད། འདི་ཡོད་སའི་བང་སོ་འདི་རྒྱལ་པོ། དེའི་རྒྱབ་ལ་ཆ་བཞག་ན། ད་ད་ལྟ་བང་སོ་ཆུང་ཆུང་ཞེ་དྲག་ཡོའོ་རེད་དེའི། དེ་འགས་མཐོང་ཐུབ་ཀྱི་མི་འདུག་གང་། ལོའོ། ལོའོ།