Skip to main content Skip to search
31 Jan 2012
41 min 2 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Urgyen Tendzin, a Chonggyé area school teacher, provides a regional history. Topics include the Chonggyé and Tsering Jong areas, Jigmé Lingpa (his life and doings; places he visited; institutions he founded), the tombs at Chonggyé, 18th century history of the area, the death of Jigmé Lingpa and his connection to Longchenpa, the founding of Tsering Jong, the Khyentsé lineage, and an explanation of the names of Chonggyé, Dongkar, Gyemen, etc. 

Transcript search
No results found for this search
0 of 0
  • བཅའ་འདྲི་བྱ་ཡུལ་
    ངའི་མིང་ལ་ཡ་ཨོ་རྒྱན་བསྟན་འཛིན་ཟེར་གྱི་ཡོད།
  • བཅའ་འདྲི་བྱ་ཡུལ་
    འོ་༡༩༤༤ལོ་དེ་ལ་སྐྱེས་པ་ཡིན། ད་ཏ་ལོ་༦༢ལ་སླེབས་ཀྱི་ཡོད།
  • བཅའ་འདྲི་བྱ་ཡུལ་
    འོ་ང་འདིའི་ཡོང་ཡས་དེ་གཙོ་བོ་ག་རེ་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    འོ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ཨ་ནི་༦༤ལོ་དེ་ལ་འདིའི་བསླབ་གྲྭ་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    བསླབ་གྲྭ་བཙུགས་ཡས་ཀྱི་རྒྱུ་མཚན་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དེའི་སྔོན་ལ་ཡའ་ཤང་དེའི་མི་གྲངས་དེ་ལ་༡༥༦ཙམ་ཞིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་རིག་གནས་ཡོད་པའི་མི་གཅིག་ཡི་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སོང་ཙང་ཆུས་དང་ཤའང་ཤན། ༼ཆུས་དང་ཤའང་། རྒྱ་སྐད། བོད་སྐད་དུ། གཞི་རིམ་སྲིད་གཞུང་། བོད་སྐད་དུ། ཤན།རྒྱ་སྐད།བོད་སྐད་དུ།རྫོང་།༽
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ནས་བརྡ་ཐོ་གཅིག་འབྱོར་པའི་སྐབས་ལ།
  • བཅའ་འདྲི་བྱ་ཡུལ་
    བརྡ་ཐོ་དེ་ཡང་བསྐྱར་ཨ་ནི་ཀློག་ཀ་འགྲོ་དགོས་ཀྱི་ཡོག་རེད། བརྡ་ཐོའི་ནང་དོན་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་འབྲས་སོང་ཙང་ཨ་ནི་ལས་ཀ་མང་པོ་གཅིག་ཨ་ནི་ད་དུས་ཐོག་ཏུ་བྱེད་མ་ཐུབ་པ་དང་འགོར་འགྱངས་ཕྱིན་པ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གི་བརྟེན་ནས་ང་སྐབས་དེའི་དམངས་བཙུགས་བསླབ་གྲྭའི་ནང་ལ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དཔལ་རིའི་དམངས་བཙུགས་བསླབ་གྲྭའི་ནང་ལ་ཡ་སློབ་སྦྱོང་བྱེད་ཀྱི་ཡོད།
  • བཅའ་འདྲི་བྱ་ཡུལ་
    སློབ་སྦྱོང་བྱེད་ས་ནས་ཚུར་ཡོང་ནས་ཨ་ནི། གཞི་ནས་ང་བསླབ་གྲྭའི་དགེ་རྒན་གཅིག་བྱས་བྱས་དེ་འདྲས་སེ་བྱས་པ་ཡིན་སེ།
  • བཅའ་འདྲི་བྱ་ཡུལ་
    དེའི་ངས་ལོ་བཅོ་ལྔ་ཙམ་ཞིག་བསླབ་གྲྭའི་དགེ་རྒན་བྱས་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    སློབ་ཕྲུག་ཨ་ནི་མང་པོ་གཅིག་གསོ་སྐྱོང་བྱས།ད་ལྟ་ཨ་ནི་ལས་ཁུངས་ང་ལ་བསྡོམས་བྱས་ཆ་བཞག་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་དེའི་ཤའང་ཆུང་ཆུང་རེད། ཤའང་ཆུང་ཆུང་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ལས་ཁུངས་ནང་ལ་མི་གྲངས་སུམ་བཅུ་ལྷག་ཙམ་ཅིག་དེ་འདྲས་ཅིག་ཡོང་བ་ཡོད།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་བྱས་བྱས་འདིའི་ལས་ཀ་བྱས་བྱས་ལོ་བཅོ་ལྔ་ཙམ་ཅིག་བསྡད་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས། ང་མར་ཕ་གི་ཡའ།
  • བཅའ་འདྲི་བྱ་ཡུལ་
    ཆུ་འགོ་ཆུས་ལ་ཡའ་ཆུས་ལ་ཡའ་སྐབས་དེའི་ཆུས་ལ་ཡའ་གཞུང་བཙུགས་ཀྱི་བསླབ་གྲྭ་ཅིག་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    གཞུང་ཀྱི་བསླབ་གྲྭ་དེའི་ནང་ལ་ཡའ་ཕར་འཐེན་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་བྱས་གཞུང་བཙུགས་བསླབ་གྲྭ་དེའི་ལོ་གཅིག་ལྷག་ཙམ་བསྡད་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཨ་ནི་ད་ཤན་ཀྲུང་ཞོལ་༼ཤན་ཀྲུང་ཞོལ།རྒྱ་སྐད།བོད་སྐད་དུ།རྫོང་སློབ་འབྲིང་།༽ལ་མར་འཐེན་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཤན་ཀྲུང་ཞོལ་གྱི་ཞོའོ་ཀྲང་༼ཞའོ་ཀྲང་།རྒྱ་སྐད།བོད་སྐད་དུ།སློབ་སྤྱི།༽གཞོན་པའི་འགན་འཁྱེར་བྱས་བྱས་ལོ་ཁ་ཤས་ཤིག་བསྡད་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    འོ།༡༩༧༢ཀྱི་ལོ་དེའི་ཨ་ནི་༨༢རེད། ༨༢ལོ་དེའི་ཡའ་ཨ་ནི་ད་ག་རེ་ཟེར་གོ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡང་གོང་རིམ་གྱི་མཛུབ་སྟོན་དེ་འདྲས་ཅིག་ཡོག་རེད། ཨ་ནི་ད་གཅིག་སྡུད་ཀྱི་བསླབ་གྲྭ་ཡག་པོ་དེ་འདྲས་བཙུགས་ཡས།
  • བཅའ་འདྲི་བྱ་ཡུལ་
    པན་ཏི་ཁད་ཧྭ་ཟེར་དེ་མིན་པ།༼རྒྱ་སྐད། པན་ཏི་ཁད་ཧྭ་། བོད་སྐད་དུ།མེ་ཏོག་གང་སར་བཞད་པ།༽
  • བཅའ་འདྲི་བྱ་ཡུལ་
    འོ་གཅིག་ས་ག་ལ་མེ་ཏོག་ཤར་པ་ནང་བཞིན་གཅིག་མང་པོ་ཞིག་བཙུགས་བྱས་བྱས་སྤུས་ཚད་དག་པོའི་མེད་པ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཅིག་གི་གནས་ཚུལ་དེ་ཁྱད་བསད་བྱེད་ཡས་ཀྱི་ཆེད་དུ་ཨ་ནི་གཅིག་སྡུད་ཀྱི་
  • བཅའ་འདྲི་བྱ་ཡུལ་
    བསླབ་གྲྭ་བཙུགས་བྱས་བྱས་༼རྒྱ་སྐད། ཀྲུང་ཞོལ།བོད་སྐད། སློབ་འབྲིང་།༽ཀྲུང་ཞོལ་མང་པོ་ཞིག་མེད་པ་བཟོས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཟླ་སྒྲིལ་གཏོང་དགོས་པ་ཟླ་སྒྲིལ་བཏང་། མེད་པ་བཟོ་དགོས་པ་མེད་པ་བཟོས་བྱས་ས་དེ་འདྲས་བྱས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་དུས་ཙམ་པ་ང་ཤའན་གྱི་རིག་སློབ་ཁོའོ་ནང་ལ་ཡར་འཐེན་པ་རེད།
  • བཅའ་འདྲི་བྱ་ཡུལ་
    རིག་སློབ་ཁོའོ་ནང་ལས་ཀ་བྱས་བྱས་དེ་འདྲས་སེ་བསྡད་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ནས་ཞུག་ལ་ཨ་ནི་ད་རིག་སློབ་ཁོའོ་དེ་སློབ་གསོ་ཅུས་ལ་ཡ་བསྒྱུར་པ་རེད།
  • བཅའ་འདྲི་བྱ་ཡུལ་
    སློབ་གསོ་ཅུས་ལ་བསྒྱུར་བྱས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་བྱས་བྱས་ཧ་ལམ་ལོ་བཅོ་ལྔ་ཙམ་ཞིག་དེ་འདྲས་སེ་བསྡད་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    སློབ་གསོའི་འཐབ་ཕྱོགས་ཐོག་ལ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ང་ཚོའི་སློབ་གསོའི་འཐབ་ཕྱོགས་ཐད་ནས་བཤད་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་ཤན་ལ་ཨ་ནི་ད།དེ་སྔ་ཡིན་ན་ད་དམངས་གཙོའི་བཅོས་བསྒྱུར་གོང་ལ་ཡ་
  • བཅའ་འདྲི་བྱ་ཡུལ་
    ཕལ་ཆེར་གཞུང་གི་བཙུགས་པའི་བསླབ་གྲྭ་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་སྐབས་དེའི་རྫོང་སྲིད་གཞུང་གི་བཙུགས་ཀྱོག་དེ་འདྲས་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་ཡང་།༡༩༥༦ཙམ་དོ་པ་གཅིག་ལ་དུས་ཚོད་དེ་འདྲས་ཤིག་ལ་བཙུགས་པ་མིན་འགྲོ་བསམ་བསམ་འདུག
  • བཅའ་འདྲི་བྱ་ཡུལ་
    དེའི་སྐབས་དེའི་ཡིན་ན་ཨ་ནི་བསླབ་གྲྭ་རྒྱ་ཆེན་པོ་ཡོག་མ་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    རྒྱ་ཆེན་པོ་ཡོག་མ་རེད།དེ་འདྲས་ཀྱི་དའ་མང་ཆེ་བ་སྐུ་དྲག་གི་པུ་གུ་དང་༼པུ་གུ།ཁ་སྐད།ཡིག་སྐད་དུ།ཕྲུ་གུ།༽
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་རེད།ཡང་རེ་གཉིས་ཡང་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    མང་ཚོགས་ནང་གི་གཅིག་གསོ་སྐྱོང་བྱེད་ཡས་དེ་འདྲས་རེ་ཙམ་གཉིས་ཙམ་དེ་འདྲས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་མ་གཏོགས་པའི་བསླབ་གྲྭ་ཡོག་མ་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་རིག་གནས་ཀྱི་ཐོག་ནས་ཆ་བཞག་པ་ཡིན་ནའི་ཡིག་རྨོངས་ཧ་ལམ་རྒྱ་ཆ་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དགུ་བཅུ་ཡན་ཟིན་གྱི་ཡོག་རེད། འོ།དེ་འདྲས་ཟིན་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་སོང་ཙང་ཨ་ནི་དེའི་རྗེས་ལ་ཡིན་ན་ཤའང་སོ་སོ་ལ་ཡའ་
  • བཅའ་འདྲི་བྱ་ཡུལ་
    ཤང་གི་དམངས་བཙུགས་སློབ་གྲྭ་དེ་འདྲས་བཙུགས་པ་རེད།ཤའང་ཉི་བཤུ་རྩ་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཤའང་ཉི་ཤུ་རྩ་གཅིག་ནང་ལ་ཚང་མ་ལ་ཡའ་དམངས་བཙུགས་བསླབ་གྲྭ་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ༡༩༦༠ལོ་དེ་ལ་ཤན་ལ་ཨ་ནི་ད་མཐོ་རིམ་སློབ་ཆུང་གཅིག་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    མཐོ་རིམ་སློབ་ཆུང་ཟེར་ན་ད་ལོ་རིམ་གསུམ་པ་ཡན་ཆས་ཀྱི་སློབ་ཆུང་གཅིག་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་དེ་༦༢ཀྱི་ལོ་དེ་སྐབས་དེ་སྲིད་ཇུས་དོན་ཚན་ཉི་བཤུ་རྩ་དྲུག་བརྒྱུད་བསྒྲགས་བྱས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    སྲིད་ཇུས་དོན་ཚན་ཉི་ཤུ་རྩ་དྲུག་ནང་ལ་ཡིན་ན་མང་ཆེ་བ་རང་མོས་ཀྱི་དེ་དེ་ཤུགས་ཆེན་པོ་ཞེ་དྲག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་སོང་ཙང་སྐབས་དེ་ལ་ཡིན་ན་བསླབ་གྲྭ་མང་པོ་ཞིག་དེ་འདུག་སེ་བྱས་བྱས་ཐོར་ཕྱིན་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡང་མར་འདོན་བྱས་བྱས་ཞིང་པའི་ནང་ལ་ལོག་ཕྱིན་བྱས་འདུག་སེ་ཐོར་པ་རེད།
  • བཅའ་འདྲི་བྱ་ཡུལ་
    གཞི་ནས་༡༩༧༢ལོ་དེ་ནས་གཞི་ནས་ཨ་ནི་ཡང་ཤན་ནང་ལ་ཡའ་གཙོ་གནད་ཀྱི་སློབ་འབྲིང་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་ལ་བསླབ་གྲྭ་འབྲིང་བ་ཟེར་གྱི་ཡོག་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་སློབ་ཚན་གྱི་ནང་དོན་གཙོ་བོ་བྱས་པ་ཡིན་ན་བསླབ་གྲྭ་འབྲིང་བ་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་སློབ་ཆུང་གི་སློབ་ཚན་རྐྱང་རྐྱང་ཁྲིད་ཀྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་༧༢ལོ་ནས་བསླབ་གྲྭ་དེ་འདྲས་བཙུགས་བྱས་བྱས་དེ་འདྲས་སེ་བྱས་པ་རེད། ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་གཞི་རྩའི་ཐོག་ནས་བྱས་པ་ཡིན་ན་ཨ་ནི་སློབ་གྲྭའི་ཐོག་ལ་ཡིན་ན་ཡར་རྒྱས་ཆེན་པོ་ཞེ་དྲག་བྱུང་ཡོག་རེད་དཱ། ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    མི་མང་པོ་ཞིག་གསོ་སྐྱོང་བྱས་བྱས། ང་ཚོ་འཕྱོངས་རྒྱས་ལ་ཆ་བཞག་པ་ཡིན་ན་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ད་སློབ་གསོའི་འཐབ་ཕྱོགས་ཐོག་ལ་ཡིན་ན་རང་སྐྱོང་ལྗོངས་ཀྱི་དཔེ་མཚོན་བཟོ་ར་གཅིག་དེ་འདྲས་གཅིག་བྱས་བསྡད་པ་རེད།
  • བཅའ་འདྲི་བྱ་ཡུལ་
    རང་སྐྱོང་ལྗོངས་ཀྱི་དཔེ་མཚོན་བཟོ་ར་གཅིག་དེ་འདྲས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཐོག་མར་ང་ཚོ་དེའི་༡༩༨༥ལོ་དེ་ལ་བོད་ལ་ཡིན་ན་ད་དེ་བཙུགས་པ་རེད་དཱ། ནང་ས་ལ་ཡ་སློབ་འབྲིང་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་སློབ་འབྲིང་དེ་འདྲས་ཨང་དང་པོ་དེ་༨༥ལོ་དེ་ལ་བཙུགས་པ་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    ༨༥ལོ་དེ་ལ་ཨང་དང་པོ་དེ་བཙུགས་དུས་ཙམ་པ་ང་ཚོའི་ཤའན་ལ་ཡ་མིང་ཨཱ་༼རྒྱ་སྐད། མིང་ཨཱ། བོད་སྐད་དུ། ཁ་གྲངས།༽
  • བཅའ་འདྲི་བྱ་ཡུལ་
    དེ་ག་ཚོད་ཡོག་རེད་ཟེར་ན། མིང་ཨཱ་༡༥ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བཅོ་ལྔ་ཆ་ཚང་ཨ་ནི་ང་ཚོས་བཏང་ཐུབ་པ་དེ་འདྲས་བྱུང་སོང་། ༨༦ལོ་དེ་ལ་མིང་ཨཱ་༡༣ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མིང་ཨཱ་༡༣ང་ཚོས་ཆ་ཚང་བཏང་ཐུབ་པ་དེ་འདྲས་ཅིག ༨༧ནས་ཨ་ནི་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    ག་རེ་ཟེར་དགོས་རེད་ཟེར་ན།ཆང་༼རྒྱ་སྐད། ཆང་། བོད་སྐད་དུ། ཧབ་ཐོབ་བརྒྱབ་པའི་དོན།༽བྱེད་ཡས་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    ཚད་གཞི་ཡོག་མ་རེད་ད་ཁྱེད་རང་ག་ཚོད་ལོངས་ལོངས་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བྱས་ནས་ང་ཚོས་ཤའན་ནས་སུམ་བཅུ་དང་བཞི་བཅུ་དེ་འདྲས་ཨ་ནི་དཱ་རྒྱ་ནག་ལ་ཕྱིན་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་གསོ་སྐྱོང་བྱས་རྒྱ་ནག་ལ་མང་ཐག་ཅོས་གསོ་སྐྱོང་བྱས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་དེ་ཚོ་ཚང་མ་ཨ་ནི་ལས་རྐང་སོ་སོའི་ཐོག་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་གུའུ་ཀན་༼གུའུ་ཀན། རྒྱ་སྐད། བོད་སྐད་དུ། རྐང་འཛིན་པ།༽དེ་འདྲས་ཆགས་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    རྐང་འཛིན་པ།རྐང་འཛིན་པ་དེ་འདྲས་ཡང་ན་ཁ་ཤས་སྲིད་འཛིན་གྱི་ལས་བྱེད་པ་ནང་ལ་ཆ་བཞག་པ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    འགོ་འཁྲིད་མཐོ་པོ་དེ་འདྲས་ཆགས་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་ཚོ་ཡིན་ན་སློབ་གསོའི་འཐབ་ཕྱོགས་ཐོག་ལ་བཤད་པ་ཡིན་ན་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    མེད་པ་ནས་ཡོད་པར་འགྱུར་བ་དང་ཡོད་པ་ནས་སྟོབས་ཆེར་འགྱུར་བ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གི་ང་ཚོའི་འཕྱོངས་རྒྱས་ཀྱི་སློབ་གསོའི་འཐབ་ཕྱོགས་ཐོག་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    དཔེ་མ་སྲིད་པའི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དེ་འདྲས་བྱུང་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སློབ་གསོའི་ཐོག་ནས་བཤད་པ་ཡིན་ན་རང་ཉིད་དེ་འདྲས་སེ་ཡིན།
  • བཅའ་འདྲི་བྱ་ཡུལ་
    རང་ཉིད་གཙོ་བོ་གང་ཡིན་ཟེར་ན་སློབ་གསོའི་འཐབ་ཕྱོགས་ཐོག་ལ་ལས་ཀ་མང་དག་གཅིག་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    སློབ་གསོའི་འཐབ་ཕྱོགས་གཅིག་གུ་ལ་ཡ་ངས་ལས་ཀ་ལོ་སུམ་བཅུ་ཐམ་པ་ཏག་ཏག་ལས་ཀ་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བྱས་བྱས་བསྡད་དེ་འདྲས་ཡིན། དེའི་མཇུག་ལ་ཡིན་ན་ང་།
  • བཅའ་འདྲི་བྱ་ཡུལ་
    ཡང་ཨ་ནི་དཱ་ངས་མི་དམངས་འཐུས་ཚོགས་ཀྱི་གཞུང་དོན་ཁང་ལ་ཡ་ལས་ཀ་བྱས་བྱས་ལོ་གཅིག་བསྡད་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ལོ་གཅིག་བསྡད་པའི་རྗེས་ལ་ཡང་གཞི་ནས་ཡང་ཕ་གའི་སྤྱི་ཚོགས་ཀྱི་དགོས་འཁོ་ཟེར་ནའི་འདྲ་ལས་ཀའི་དགོས་འཁོ་ཟེར་ནའི་འདྲ།
  • བཅའ་འདྲི་བྱ་ཡུལ་
    ང་དེའི་ང་ཚོའི་ཤའན་ལ་ཨ་ནི་དེ་བཙུགས་པ་རེད་དཱ། ག་རེ་ཟེར་དགོས་རེད། མི་རིགས་ཆོས་དོན་ཅུད།
  • བཅའ་འདྲི་བྱ་ཡུལ་
    མི་རིགས་ཆོས་དོན་ཅུད་བཙུགས་ནས་ཨ་ནི་ང་མི་རིགས་ཆོས་དོན་ཅུད་ནང་ལས་ཀ་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་སྤྱིར་བཏང་ལས་ཀའི་ཐོག་ལ་ཆ་བཞག་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    རང་ཉིད་ལས་ཀའི་ཐོག་ལ་ཆ་བཞག་པ་ཡིན་ན་ཨ་ནི་ལོ་༣༧ཙམ་ཞིག་ལས་ཀའི་གང་ལ་བསྡད་བྱས་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    མདོར་བསྡུས་ནས་ཆ་བཞག་པ་ཡིན་ན་མང་ཆེ་བ་སློབ་གསོའི་ལས་ཀ་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་མཇུག་ལ་ཡིན་ན་མི་རིགས་ཆོས་ལུགས་ཀྱི་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    མི་རིགས་ཆོས་ལུགས་དེའི་ནང་ལ་ཆ་བཞག་པ་ཡིན་ནའི་ང་ལས་ཀ་ལ་སླེབས་པའི་རྗེས་ལ་གཅིག་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    དཱ་དགོན་པ་ཁག་ལ་དཱ་ཆོས་ལུགས་བྱེད་སྒོའི་ག་རེ་ཟེར་དགོས་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    ཐོ་འགོད་ཀྱི་ལས་ཀ་དེ་ཁེལ་བྱུང་ཆོས་ལུགས་བྱེད་སྒོ་ག་འདྲས་ཅིག་བྱས་པ་ཡིན་ན་དགོན་པ་ག་འདྲས་གཅིག་ཨ་ནི་དཱ།
  • བཅའ་འདྲི་བྱ་ཡུལ་
    ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་ས་གནས་ཡིན་པ་ཁ་ཤས་ཡིན་ན་དགོན་པ་
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཡིན་ན་ཆོས་ལུགས་བྱེད་སྒོ་སྤེལ་མ་ཆོག་པ་དེ་སུ་ཡིན་པ། གང་འདྲས་ཟེ་ཡིན་པ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ཨ་ནི་དཱ་ཐོ་འགོད་བྱེད་ཡས་ཀྱི་དེ་གཅིག་བྱས་བྱས་ཨ་ནི་༡༩༩༥ལོ་དེ།
  • བཅའ་འདྲི་བྱ་ཡུལ་
    ༩༥ལོ་མཇུག་ལ་ཡིན་ན་ཨ་ནི་ལས་ཀ་དེ་འགོ་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ༩༦ཀྱི་ནང་ལ་ཡིན་ན་ཁྱོན་ཡོངས་ནས་དགོན་སྡེ་ཁག་ལ་ཡིན་ན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཏང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་སྔོན་ན་ལ་ཡིན་ན་ཟང་ཟིང་མང་པོ་དེ་འདྲས་བྱུང་པ་རེད། ཟང་ཟིང་མང་པོ་དེ་འདྲས་བྱུང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དགོན་སྡེའི་ནང་ལ་ཡཱ།ཨ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བྱས་པའི་དུས་ནས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དགོན་སྡེ་ཁག་ལ་ཨ་ནི་མང་ཆེ་བ་གཅིག་ཨ་ནི་ཡག་པོ་ཆགས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་གཅེས་ཆོས་གཅེས་ཨ་ནི། རྒྱལ་གཅེས་དམངས་ཕན་གྱི་དགོན་པ་ཞིག་ལ་ལ་འགྱུར་པ་ཡོད་ཟེར་བཤད་པ་
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ཐལ་མ་དྲག་པ་དེ་འདྲས་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ང་ཚོ་དགོན་སྡེ་ཁག་ལ་ཆ་བཞག་པ་ཡིན་ནའི་དགོན་སྡེ་ཁག་བྱས་པ་ཡིན་ནའི་ད་ལྟ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ལྷ་ཁང་གསུམ་ཙམ་ཞིག་དང་དགོན་སྡེ་ཁག་དགུ་ཙམ་ཞིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཅིག་ཡོག་རེད་བྱས་ཙང་ཨ་ནི་ང་ཚོ་རྫོང་ལ་ཆ་བཞག་པ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་པན་ཀྲེ༼རྒྱ་སྐད། པན་ཀྲེ བོད་སྐད་དུ། ཁ་གྲངས།༽དེ་༢༢༠རེད།
  • བཅའ་འདྲི་བྱ་ཡུལ་
    ༢༢༠ ད་ཡོད་དེ་ལ་ཕལ་ཆེར་༡༨༠ནང་དུ་པ་གཅིག
  • བཅའ་འདྲི་བྱ་ཡུལ་
    པན་ཀྲེ་རྦད་དེ་༼རྦད་དེ།ཁ་སྐད། ཡིག་སྐད་དུ། ཡོངས་སུ་ཞེས་པའི་དོན།༽ལོངས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དགོན་སྡེའི་ཐོག་ནས་བྱས་པ་ཡིན་ན་དེ་འདྲའི་སེ་རེད། ཨེ།དེ་ཡིན་ན་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    གཉིས་ནས་ཡིན་ན་ངའི་ཞང་པོའི་ལོ་རྒྱུས་རགས་པོ་ཞུས་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སེ་རེད། ངའི་ཞང་པོའི་མིང་ལ་ཡཱ་དབང་ཕྱུག་རྡོ་རྗེ་ཞུ་གི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དབང་ཕྱུག་རྡོ་རྗེ། ཨ་ནི།༡༩༠༩ལོ་དེ་ལ་འཁྲུངས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    བཅུ་མེད་དགུའི་ལོ་དེ་ལ་འཕྲུངས་ནས་ཆུང་དུས་ཨ་ནི་དཔལ་རི་དགོན་པའི་སྐྱིད་སྡུག་ནང་ལ་ཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དཔལ་རི་དགོན་པའི་སྐྱིད་སྡུག་ནང་ལ་ཞུགས་ནས་ལོ་ཕལ་ཆེར་ལོ་དེ་ད་ངས་ཏན་ཏན་
  • བཅའ་འདྲི་བྱ་ཡུལ་
    བཤོད་ཡས་མིན་འདུག་ལོ་༡༥ཙམ་ཞིག་དེ་འདྲས་འགྲོ་དུས་ཙམ་པ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོ་རང་ཕ་གིའི་ལྷ་སའི་སྨན་རྩིས་ཁང་ལ་ཡིན་ན་སློབ་སྦྱོང་གནང་བྱས་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ལོ་བཅུ་གཉིས་ཙམ་ཞིག་སློབ་སྦྱོང་གནང་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ལོ་བཅུ་གཉིས་ཙམ་ཞིག་སློབ་སྦྱོང་གནང་བྱས་བཞུགས་བྱས་ཚུར་ཐོན་པའི་རྗེས་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    བསླབ་གྲྭ་དེ་ནས་ཐོན་པའི་རྗེས་ལ་ཡིན་ན་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དཔལ་རི་དགོན་པའི་ནང་ལ་ཡིན་ན་སྐབས་དེ་ལ་ཡཱ་ཡང་ཨ་ནི་དཱ། སྨན་རྩིས་ཀྱི་བསླབ་གྲྭ་ཆུང་ཆུང་ཞིག་བཙུགས་པ་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    བསླབ་ཕྲུག་ཞེ་དྲག་ཡོག་མ་རེད། ཨ་ནི་གཅིག་ཡིན་ན་སློབ་ཚན་གྱི་ནང་དོན་ལ་ཆ་བཞག་པ་ཡིན་ན་ཨཱ་རྩིས་དང་སྨན།
  • བཅའ་འདྲི་བྱ་ཡུལ་
    སྨན་རྩིས་གཉིས་རེད། སྨན་དང་རྩིས། བྱས་ཙང་སྨན་གྱི་ཐོག་ལ་ཆ་བཞག་པ་ཡིན་ན་སློབ་ཕྲུག་ཁ་ཤས་ཤིག་དང་།
  • བཅའ་འདྲི་བྱ་ཡུལ་
    རྩིས་སྦྱངས་ཡས་ཀྱི་སློབ་ཕྲུག་ཁ་ཤས་ཤིག་འདུག་སེ་བྱས་བྱས་ཕལ་ཆེར་སློབ་ཕྲུག་དྲུག་བདུན་ཙམ་མ་
  • བཅའ་འདྲི་བྱ་ཡུལ་
    གཏོགས་དེ་འདྲས་མང་པ་ཡོག་མ་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ཚང་མ་སློབ་ཕྲུག་ཀྱི་ཡོངས་ཁུངས་ཡང་སྐབས་དེའི་དགོན་སྡེ་ཁག་ནས་རེད།
  • བཅའ་འདྲི་བྱ་ཡུལ་
    དགོན་སྡེ་ཁག་ནས་བཏང་ཡས་ཀྱི་རྒྱུ་མཚན་གཙོ་བོ་གང་ཡིན་ཟེར་ན་གཅིག་ཡིན་ན་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    སློབ་ཕྲུག་དེ་ཚོའི་ཁོའི་འཚོ་བའི་ཐོབ་ཐང་དེ་དགོན་པ་དེའི་སྐྱིད་སྡུག་ཀྱི་ནང་ནས་རང་འཇགས་རགས་ཀྱི་ཡོག་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    སྨན་པ་སྦྱངས་བསྡད་པ་ཡིན་ན་ཁོ་དགོན་པའི་སྐྱིད་སྡུག་ནང་ལ་རང་འཇགས་བཞག་གི་ཡོག་རེད་ལ་
  • བཅའ་འདྲི་བྱ་ཡུལ་
    བསྐལ་ལའི་རང་འཇགས་སྤྲད་ཀྱི་ཡོག་རེད། འདུག་སེ་བྱས་བྱས་མང་ཚོགས་ལ་ཕན་པ་ཡོང་ཡས་ཀྱི་ཆེད་དུ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    བསླབ་གྲྭ་དེ་འདྲས་བཙུགས་བྱས་དེ་འདྲས་སེ་བྱས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་པ་རེད་དེ་ཡིན་ནའི་༡༩༥༩ལོ་དེ་ལ་བསླབ་གྲྭ
  • བཅའ་འདྲི་བྱ་ཡུལ་
    དཱ་ཁོ་ཚོ་བསླབ་གྲྭ་ཐོན་ཁ་ལ་མོ་ལ་སློབ་ཕྲུག་དེ་ཚོ་བསླབ་གྲྭ་ཐོན་ཁ་ལ་མོ་ཡཱ་དམངས་གཙོའི་བཅོས་བསྒྱུར་བཏང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དམངས་གཙོའི་བཅོས་བསྒྱུར་བཏང་ནས་ཨ་ནི་ཁོ་ཚོ་ཕར་བཞག་ནས་དགེ་རྒན་ལའི་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བྱེད་ཡས་ཀྱི་ཆ་རྐྱེན་གའི་བསྡད་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཆ་རྐྱེན་དེ་འདྲས་བསྡད་ཡོག་མ་རེད།འོ།
  • བཅའ་འདྲི་བྱ་ཡུལ་
    དེ་ཡིན་ན་དུམ་མཚམས་གཅིག་རེད། གཅིག་ཡིན་ན་ཁོ་རང་ཨ་ནི་དཱ།
  • བཅའ་འདྲི་བྱ་ཡུལ་
    ངའི་ཞང་པོ་ཁོ་རང་དབང་ཕྱུག་རྡོ་རྗེ་ཁོ་རང་ཨ་ནི་ཐོག་མར་༡༩༥༦གི་ལོ་
  • བཅའ་འདྲི་བྱ་ཡུལ་
    དེ་རྫོང་ཁག་སོ་སོ་ལ་ཡ་དེ་བཙུགས་པ་རེད་དཱ་དོན་གཅོད་ལས་ཁུངས།
  • བཅའ་འདྲི་བྱ་ཡུལ་
    འོ།པའན་ཧྲེ་ཁྲུའུ་༼རྒྱ་སྐད། བོད་སྐད་དུ། དོན་གཅོད་ལས་ཁུངས།༽དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བཙུགས་བྱས་བྱས་དེའི་ནང་ལ་ཡིན་ན་དེའི་ཁོངས་མི་གཅིག་རེད་
  • བཅའ་འདྲི་བྱ་ཡུལ་
    དོན་གཅོད་ལས་ཁུངས་ཀྱི་ཁོངས་མི་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་བྱས་དོན་གཅོད་ལས་ཁུངས་ཀྱི་ནང་ལ་ཕྱག་ལས་གནང་བྱས་བྱས་དེ་འདྲས་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    འོ།༥༧དང་༥༨དོ་པ་ནས་སླེབས་དུས་ཙམ་པ་བོད་ལ་ཡཱ་
  • བཅའ་འདྲི་བྱ་ཡུལ་
    ཁྱོན་ཡོངས་ནས་དྲག་པོའི་ཟིང་འཁྲུག་དེ་འདྲས་ལངས་བྱས་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    གསར་བརྗེའི་སྒྲིག་འཛུགས་མང་པོ་གཅིག་ཐོར་ཞིག་དེ་འདྲས་སེ་ཕྱིན་པ་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་བྱས་ཨ་ནི་སྒྲིག་འཛུགས་དེ་མེད་པ་ཆགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དཱ་༡༩༦༠ལོ་དེ་ཨ་ནི་ཟླ་བ་གཉིས་པའི་ནང་ལ་ཡིན་ན་ལྷོ་ཁ་ས་ཁུལ་གྱི་སྐབས་དང་པོའི་སྲིད་གྲོས་དབུ་བརྙེས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་གཉིས་པའི་ནང་ལ།དྲུག་བཅུ་ཐམ་པའི་སྐབས་དེ་དུས་ཙམ་པ་ངའི་ཞང་ལགས་དམ་པ་དེ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཡང་སླར་ཡང་ལྷོ་ཁ་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་གྱི་ནང་ལ་བཞུགས་པ་རེད། རྒྱུན་བཞུགས་ཨུ་ཡོན།
  • བཅའ་འདྲི་བྱ་ཡུལ་
    རྒྱུན་བཞུགས་ཨུ་ཡོན་གནང་བཞུགས་བྱས་བྱས་ཕྱག་ལས་གནང་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཨ་ནི་དཱ་ཆིག་སྟོང་དགུ་བརྒྱ་ཕལ་ཆེར་བདུན་བཅུ་དོན་གྲངས་དོ་པ་གཅིག་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    བདུན་བཅུ་ཐམ་པ་དོ་པ་གཅིག་ཡིན་ན་དེ་འདྲས་གཅིག་ལ་ཡཱ་ཨ་ནི་ལྷོ་ཁ་ལ་ཡཱ་བོད་སྨན་གྱི་སྨན་རྩིས་ཁང་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁ་མི་དམངས་སྨན་ཁང་ནང་ལོགས་ལ་ཡཱ་བོད་སྨན་གྱི་དེ་གཅིག་བཙུགས་པ་རེད་དཱ།སྨན་བཅོས་བྱེད་ས་གཅིག་
  • བཅའ་འདྲི་བྱ་ཡུལ་
    དེའི་སྐབས་དེ་ཡཱ་ཁོ་རང་ཨ་ནི་ཨེམ་ཇི་གནང་བྱས་འདུས་སེ་བཞུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཨེམ་ཇི་གནང་བྱས་བྱས་འདུག་སེ་བཞུགས་པའི་སྐབས་དེ་ལ་ཡཱ་ལྷ་ས་ནས་
  • བཅའ་འདྲི་བྱ་ཡུལ་
    བསླབ་གྲྭ་ཡིན་ནའི་འདྲ། ཁག་གཉིས་ཕེབས་སོང་།
  • བཅའ་འདྲི་བྱ་ཡུལ་
    གཅིག་ཡིན་ན་དེ་རེད་དཱ་ད་ལྟ་གཙང་དབྱི་ཡོན་གྱི་ཡོན་ཀྲང་༼གཙང་དབྱི་ཡོན་གྱི་ཡོན་ཀྲང་།རྒྱ་སྐད།བོད་སྐད་དུ།སྨན་ཙིས་ཁང་གི་དབུ་ཁྲིད།༽
  • བཅའ་འདྲི་བྱ་ཡུལ་
    བསྐལ་བཟང་ཡོན་ཀྲང་རེད། གཅིག་ཡིན་ན་ཤེས་རབ་རྒྱལ་མཚན་ཟེར་ན་གཅིག་འདུག
  • བཅའ་འདྲི་བྱ་ཡུལ་
    འོ་ཁོ་རང་རེད། ཁོ་རང་གཉིས་རོགས་པ་གཉིས་སླེབས་སོང་ང་།
  • བཅའ་འདྲི་བྱ་ཡུལ་
    ཤེས་རྦ་རྒྱལ་མཚན་ཞུག་ལ་ཡིན་ན་ལས་བསྒྱུར་བྱས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་བསྐལ་བཟང་ལགས་མུ་མཐུད་ད་གར་བཞུགས་བྱས། ད་ལྟ་ལྷོ་ཁ་སྨན་རྩིས་ཁང་གི་ཡོན་ཀྲང་གནང་གི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་སེ་རེད། བྱས་ཙང་ངའི་ཞང་ལགས་དམ་པ་དེ་ཡིན་ན་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཁྱོན་ཡོངས་ནས་བྱས་པ་ཡིན་ན་ཨ་ནི་གཅིག་ཡིན་ན་ཨེམ་ཇི་ཡིན་པ་དང་
  • བཅའ་འདྲི་བྱ་ཡུལ་
    གཉིས་ཡིན་ན་གསར་བརྗེའི་ནང་ལ་བཞུགས་ཡས་ཡིན་ན་སྔ་པོ་རེད། སྔ་པོ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཀྱི་འོག་ལ་ཡིན་ན་༡༩༧༩ལོ་དེ་ལ་ཁོ་རང་དགོངས་པ་རྫོགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དགོངས་པ་རྫོགས་དུས་དགུང་ལོ་བདུན་བཅུ་ཐམ་པ་ལ་ཕེབས་ཀྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ། བྱས་ཙང་ངའི་ཞང་ལགས་དམ་པ་དེ་ཨ་ནི་༥༩ལོ་ལ་སྐྱ་འགྱུར་བྱས།
  • བཅའ་འདྲི་བྱ་ཡུལ་
    པུ་གུ་གསུམ་ཡོག་རེད། ནང་ལ་ཡིན་ན་པུ་གུ་གསུམ་ཡོག་རེད། བུ་མོ་གཅིག་དང་བུ་གཉིས།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་དེ་རྒན་ཤོས་དེ་རེད། བུ་མོ་དེ་ད་ལྟ་ཞིང་པའི་ནང་ལ་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ཞིང་ལས་བྱས་བྱས་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་མིན་གྱི་བུ་གཉིས་པོ་དེ་གཉིས་ཀ་ཨ་ནི་ད་ལྟ་ལས་ཁུངས་ནང་ལ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ག་འདྲས་སེ་བྱས་བྱས་ལས་ཁུངས་ནང་ལ་ཚུད་པ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་བརྒྱད་བཅུ་ཐམ་པ་བརྒྱད་གཅིག་དོ་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་ཡིན་པ་ཡོད།
  • བཅའ་འདྲི་བྱ་ཡུལ་
    ༡༩༨༡ལོ་དེ་ང་སྐབས་དེའི་ཡིན་ན་ཤའན་ཀྲུང་ཞོལ་༼ཀྲུང་ཞོལ།རྒྱ་སྐད།བོད་སྐད་དུ།སློབ་འབྲིང་།༽གྱི་
  • བཅའ་འདྲི་བྱ་ཡུལ་
    ཞའོ་ཀྲང་༼ཞའོ་ཀྲང་།རྒྱ་སྐད།བོད་སྐད་དུ།སློབ་འབྲིང་།༽ཀྱི་འགན་འཁྱེར་བྱས་བསྡད་ཡོད།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་ཙམ་པ་ཨ་ནི་ལྷོ་ཁ་ནས་བསླབ་གྲྭ་བསྡུ་ངན་བོད་སྨན་གྱི་བསླབ་གྲྭ་བསྡུ་ངན་ཁག་གཅིག་སླེབས་སོང་།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་བསླབ་གྲྭའི་ནང་ལ་ཡོང་བྱས་ཡིག་ཚད་གཏོང་གི་ཡིན་གསུངས་གིས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོ་ཚོ་ཡིག་ཚད་གཏོང་གར་ཡོང་དུས་ཙམ་པ།ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དེ་ཟེར་གྱིས།སྔོན་མ་དེ་འདྲས་གཅིག་ཡོག་རེད་ཟེར་གྱིས་སེ།
  • བཅའ་འདྲི་བྱ་ཡུལ་
    དཔལ་རིའི་ཨེམ་ཇི་ཟེར་ངན་ཞིག་ཡོག་རེད་ཟེར།དེའི་པུ་གུ་ཡོག་རེད་ཟེར་གྱིས་སེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་ཀྱི་ནང་ལ་པུ་གུ་དེ་འདྲས་ཡོད་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    རིག་གནས་ཀྱི་བོད་ཡིག་གི་ཆུ་ཚད་ཨོ་ཙིའི་༼ཨོ་ཙིའི། ཁ་སྐད། ཡིག་སྐད་དུ། ཅུང་ཟད་ཞེས་པ་དང་དོན་འདྲ།༽
  • བཅའ་འདྲི་བྱ་ཡུལ་
    ཡོད་པ་ཡིན་ན་དེ་འདྲས་ཀྱི་ནང་ནས་ཡིན་ན་ཐུང་དང་གི་ཐེའོ་ཅན་ཤཱ་
  • བཅའ་འདྲི་བྱ་ཡུལ་
    ཡིན་ན་ཡའུ་ཤའན་གྱི་ཀྲའོ་ཀུའུ་༼ཐུང་དང་གི་ཐེའོ་ཅན་ཤཱ་ཡིན་ན་ཡའུ་ཤའན་གྱི་ཀྲའོ་ཀུའུ།རྒྱ་སྐད།བོད་སྐད་དུ།འདྲ་གཉམ་གྱི་ཆ་རྐྱེན་འོག་ལ་དམིགས་གསལ་གྱི་གཟིགས་སྐྱོང་བྱེད་པ།༽བྱེད་དགོས་ཡོད་ཟེར་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    རན་མིན་དབྱི་ཡོན་༼རན་མིན་དབྱི་ཡོན།རྒྱ་སྐད།བོད་སྐད་དུ།མི་དམངས་སྨན་ཁང་།༽གྱིས་དེ་འདྲས་སེ་ཟེར་གྱིས་འདུག་སེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འདུག་སེ་བྱས་ནས་ངས་ཁོ་ཚོའི་ནང་ལ་བརྡ་ཐོ་བཏང་བྱས་པུ་གུ་རྒན་པ་དེ་སྐབས་དེའི་ཡིག་ཚད་ནང་ལ་བཞུགས་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    པུ་གུ་རྒན་པ་དེ་ཡིག་ཚད་ནང་ལ་བཞུགས་བྱས་བྱས་ད་ལྟ་ཨ་ནི་དེའི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁ་བོད་སྨན་གྱི་མ་གའི་སྨན་རྩིས་ཁང་ལ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སྨན་རྩིས་ཁང་ལ་ཨེམ་ཇི་བྱས་བྱས་བསྡད་ཡོག་རེད། ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    པུ་གུ་གཞོན་པ་དེ་ད་ལྟ་སེ་ཧྥ་ཁྲུའུ་༼སེ་ཧྥ་ཁྲུའུ།རྒྱ་སྐད།བོད་སྐད་དུ།ཁྲིམས་འཛིན་ཁྲུའུ།༽ནང་ལ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་ལ་ཡི་ན་པུ་གུ་གསུམ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་བྱས་ད་ལྟ་པུ་གུ་ཡིན་ནའི་གཞི་རྩའི་ཐོག་ནས་བྱས་པ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ལས་ཀ་དེ་འདྲས་སེ་བྱས་བྱས་གཏན་འཁེལ་པ་དེ་འདྲས་སེ་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དེའི་ལོ་རྒྱུས་རགས་པ་བྱས་པ་ཡིན་ན་འདུག་སེ་ཡིན་སེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁྱོན་ཡོངས་ནས་བྱས་པ་ཡིན་ན་ང་འདའི་ད་འཕྱོངས་རྒྱས་ལ་ད་གཅིག་ནས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ལ་སྐྱེས་པ་དང་གཉིས་ནས་འཕྱོངས་རྒྱས་ལ་ཨ་ནི་འཚར་ལོངས་བྱས་པ་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སེ་སོང་ཙང་ཨ་ནི་འཕྱོངས་རྒྱས་ལོ་རྒྱུས་མ་ཤེས་ཟེར་ནའི་
  • བཅའ་འདྲི་བྱ་ཡུལ་
    ཏིག་ཙམ་༼ཏིག་ཙམ། ཁ་སྐད། ཡིག་སྐད་དུ། ཅུད་ཟད་དང་དོན་འདྲ།༽ཤེས་ངན་བཟོ་ར་གཅིག དེ་འདྲས་སོང་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཕྱོངས་རྒྱས་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་ཞུས་པ་ཡིན་ན་ང་ཚོ་འཕྱོངས་རྒྱས་ལ་ཡིན་ན་ད།
  • བཅའ་འདྲི་བྱ་ཡུལ་
    བོད་སྤྱི་དང་མི་འདྲ་བར་དམིགས་གསལ་གྱི་ཁྱད་ཆོས་གཅིག་གཙོ་བོ་གཅིག་ག་རེ་ཡོག་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དེ་རེད་དཱ་རྒྱལ་རབས་ཁག་གི་བང་གསོ་དེ་གས་ང་ཚོ་འཕྱོངས་རྒྱས་ལ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་རྒྱལ་རབས་ཁག་གི་བང་གསོ་དེ་གས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་རྒྱལ་རབས་ཁག་གི་བང་གསོ་དེ་གས་འཕྱོངས་རྒྱས་ལ་ཡོང་ཡས་ཀྱི་གཙོ་བོའི་རྒྱུ་མཚན་དེ་ད་དེ་ངས་བོད་ལ་ཡཱ་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཀྱི་རྒྱལ་ས་དེ་སྐབས་དེའི་ཡཱ་བོད་ལ་ཡིན་གྱི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ཁོ་ཚོའི་བང་གསོ་དེ་གས་འཕྱོངས་རྒྱས་ལ་ཆགས་ཡས་ཀྱི་རྒྱུ་མཚན་གཙོ་བོ་གང་ཡིན་མིན་
  • བཅའ་འདྲི་བྱ་ཡུལ་
    དེ་སྐབས་དེ་ལ་ཡ་ལོ་རྒྱུས་ཀྱི་ཐོག་ནས་ཞེ་དྲག་གསལ་པོ་མིན་འདུག་ལ་ང་རས་ཡང་དེ་འདྲས་ཞུ་ཡས་གའི་མེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ང་རའི་བསམ་ཚོད་རགས་པོ་བྱས་པ་ཡིན་ན་སྐབས་དེ་ལ་ཡིན་ན་བོད་སིལ་བུར་
  • བཅའ་འདྲི་བྱ་ཡུལ་
    ཆགས་པའི་དུས་ཚོད་དེའི་ནང་ལ་ཡིན་ན། བོད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཕྱོངས་རྒྱས་ཀྱི་སྡེ་པ་དེ་སྟོབས་ཤུགས་ཆེན་པོ་གཅིག་མེད་འགྲོ་དེ་འདྲས་བསམ་བསམ་ཞིག
  • བཅའ་འདྲི་བྱ་ཡུལ་
    དེ་བྱས་ནས་ད་ལྟ་ཡིན་ན་ད། རྫོང་གི་མ་གའི་དེ་ཞེ་དྲག་ཡོག་རེད། འོ་ད་ག་རེ་ཟེར་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    སོར་ཁུང་བཟོ་ར་དེ་འདྲས།འོ་འཕྱོངས་རྒྱས་ཀྱི་རྫོང་ཟེར་བའི་སྐབས་དུས་ཐོག་བརྩེགས་དགུ་བྱས་པའི་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཐོག་བརྩེགས་དགུ་བྱས་པའི་ཁང་པ་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྲག་དེའི་རྩེ་དེའི་ཡཱ།བྲག་དེའི་གཤམ་ལ་མར་བྲག་ཁོ་རང་ལ་
  • བཅའ་འདྲི་བྱ་ཡུལ་
    ཨེ་ཁུང་པིག་༼པིག ཁ་སྐད། སྐབས་དེར་བརྟོལ་བའི་དོན།༽བྱས་འཕྱོངས་རྒྱས་འཕྱོངས་རྒྱས་ལུ་མའི་ནང་ལ་
  • བཅའ་འདྲི་བྱ་ཡུལ་
    ཆུ་ལེན་གར་འགྲོ་ས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རིའི་རྩེ་ལ་ཡ་ལྕགས་རི་དེ་གས་ཡར་ལྟས་རིའི་རྩེ་ལ་བྱས་བྱས་ཨ་ནི་དམག་རྒྱག་ས་ག་ས་ག་ལ་ཁ་གཏད་བཅག་ས།
  • བཅའ་འདྲི་བྱ་ཡུལ་
    བཙན་རྫོང་དེ་འདྲས། སྟོབས་ཆེན་པོ་དེ་འདྲས་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མཇུག་ལ་ཡིན་ན་ཨ་ནི་ད་རྒྱལ་བ་ལྔ་པའི་ཕོ་བྲང་ལ་ཡ་བསྒྱུར་པ་རེད།
  • བཅའ་འདྲི་བྱ་ཡུལ་
    རྫོང་དེ། འོ།འདུག་སེ་བྱས་བྱས་དེ་འདྲས་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་བྱས་ཙང་དེ་ལ་དེ་ལ་བརྟེན་བྱས་ཁོའི་སྐབས་དེའི་སྟོབས་ཤུགས་ལ་བརྟེན་ནས་ད།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ལ་བཙུགས་མེད་འགྲོ་བསམ་བསམ་གཅིག
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་མདོར་བསྡུས་བྱས་བཤད་པ་ཡིན་ན་ང་ཚོ་འཕྱོངས་རྒྱས་ལ་ཡིན་ན་རྒྱལ་རབས་དེ་གས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    བང་གསོ་ཉི་བཤུ་རྩ་གཅིག་ཙམ་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ད་ལྟ་དངོས་སུ་ཆ་ཚང་བ་ར་གཅིག་བསྡད་པ་དེ་ལ་ཡཱ་བང་གསོ་བཅུ་དྲུག་ཙམ་གཅིག་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བང་གསོ་བཅུ་དྲུག་ཙམ་གཅིག
  • བཅའ་འདྲི་བྱ་ཡུལ་
    འོ།མ་གཞི་བྱས་པ་ཡིན་ན་ཁྲི་གཉན་ཟུང་བཙན་ནས་ཚུར་བྱས་པའི་བང་གསོ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་བང་གསོ་མང་པོ་ཞིག་ག་རེ་བྱས་ཡོག་རེད་ཟེར་ན་
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་ཡིན་ན་བང་གྱེན་ལོག་གི་དུས་ལ་སྔོག་པ་རེད་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་མང་ཚོགས་ཀྱི་ངག་རྒྱུན་ཁ་ཤས་ཀྱི་ཐོག་ལ་ཡཱ་དེ་འདྲས་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སོག་པོ་ཇུན་དཀར་གྱི་སྔོག་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ནོར་རྫས་ཁག་གཅིག་བཏོན་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ནོར་རྫས་བཏོན་ཐག་གཅོད་རེད།བང་གསོ་ཁག་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨ་ལས་དཀྱིལ་ཁོ་ར་དཀྱིལ་ཀོང་ཀོང་རེད་མཐའ་དེ་གས་ས་ཇོག་ཇོག་བྱས།
  • བཅའ་འདྲི་བྱ་ཡུལ་
    བང་གསོ་ཁ་ཤས་ག་ག་རེ་བྱས་ཡག་རེད་ཟེར་ན་།
  • བཅའ་འདྲི་བྱ་ཡུལ་
    ཁྱུང་བཤགས་བཏང་ཡོག་རེད།དཀྱིལ་དེ་ནས་ཡར་བཤགས་ས་དེའི་གཅིག་བྱུར།དེའི་གཅིག་བྱུར་བྱས་བྱས་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གང་ཡིན་ཟེར་ན་ཨ་ནི་དཀྱིལ་དེའི་ཡཱ་ནོར་རྫས་ཡོད་པ་ཡིན་ན་དེ་གས་བཏོན་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ལྟ་བང་གསོ་གཉིས་འདྲ་པོ་ཆགས་བསྡད་ཡོག་རེད།ཡིན་ནའི་བང་གསོ་གཉིས་མ་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ག་རེ་རེད་ཟེར་ན་བང་གསོ་དེ་བཤགས་བྱས་བྱས་ཨ་ནི་ད། ཕྱོགས་གཉིས་ལ་བཞག་བྱས་བྱས་ནོར་རྫས་དེ་འདྲས་བཏོན་ཀྱོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ལྟ་བང་གསོ་ཁ་ཤས་ཆ་ཚང་པོ་དེ་འདྲས་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ངག་རྒྱུན་ལ་སྲོང་བཙན་གྱི་ལྷ་ཁང་ཡོད་སའི་བང་གསོ་དེ། དེ་གཙོ་གནད་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་སྲོང་བཙན་གྱི་རྒྱལ་པོ་སྲོང་བཙན་གྱི་བང་གསོ་ཡིན་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་བང་གསོ་དེའི་ཨ་ནི་དཀྱིལ་དེ་ཡི་གང་༼ཡི་གང་། ཁ་སྐད། ཡིག་སྐད་དུ། ཁུང་བུ།༽
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཡིན་ན་ས་ཆ་དེའི་ཡིན་ན་ཀ་བ་བཅུ་གཉིས་སའི་ལྷ་ཁང་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་དཀྱིལ་དེའི་ཡཱ་ཡི་གང་ཆུང་ཆུང་སྒོར་སྒོར་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡི་གང་སྒོར་སྒོར་དེ་ད་ག་སེ་བཞག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་རྩིག་པ་དེ་འདྲས་བརྒྱབ་བྱས་བྱས་ཨར་ཁ་བཅག་བྱས་བྱས་ཡི་གང་དེ་ད་ག་བཞག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མི་ཚོས་ག་འདྲས་བཤད་ཀྱི་ཡོག་རེད་ཟེར་ན།སོག་པོ་ཇུན་དཀར་གྱི་འདིའི་འབིག་སོར་བཙུགས་པ་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨི་གང་འབིག་ཡས་ཀྱི་སོར་དེ་བཙུགས་པ་ཡིན་ཟེར། འབིག་སོར་སྐེད་པ་ཆད་ནས་ཡི་གང་དེ་འདུག་སེ་བསྡད་པ་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁུང་བུ་དེ་འདུག་སེ་བསྡད་པ་ཡིན་སེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཡིན་དང་ཡང་ན་ཁོ་རླུང་རྒྱུ་སའི་ཡིན་གདའ། དེ་ངས་ད་ལྟ་མགོ་གསལ་པོ་ཚོད་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་འཇིག་མེད་གླིང་པའི་གཏམ་ཚོགས་ནང་ལ་དེ་འདྲས་གསལ་ཐག་གཅོད་བརྒྱབ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་སྲོང་བཙན་བང་གསོའི་ལོ་རྒྱུས་ཀྱི་ཐོག་ལ་བང་གསོ་དེ་ལ་ཨ་ནི་དཱ་
  • བཅའ་འདྲི་བྱ་ཡུལ་
    དེ་ཡོག་རེད། གང་ཟཱ།༼གང་ཟཱ།ཁ་སྐད། གང་ཟེར་ཞེས་པའོ།༽
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་སྲོང་བཙན་བང་གསོ་ཆུང་པོའི་མདའ་རུ་ཆགས།ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་འགའ།
  • བཅའ་འདྲི་བྱ་ཡུལ་
    ཞེང་གི་ཚད་ནི་མྱང་གི་རྡོ་རྒྱང་གང་། མྱང་གི་རྡོ་རྒྱང་ཟེར་ན་དཱ། མངའ་བདག་མྱང་གི་ལག་རྡོ་ཞུས་པའི་རྒྱང་ཐག་གཅིག་ཡོད་སེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེའི་ནང་ལ་ཡིན་ན་བང་གསོ་དེ་ལ་ཨ་ནི་ནང་ལོགས་ལ་ཡཱ་ལྷ་ཁང་ལྔ་བཞེངས་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཤར་དུ་སྒྲོན་མེ་ལྷ་ཁང་། སྒྲོན་མེ་འཇིགས་བརྒྱད་ཀྱི་ལྷ་ཁང་།
  • བཅའ་འདྲི་བྱ་ཡུལ་
    ལྷོ་རུ་དགའ་བའི་ལྷ་ཁང་། དགའ་བ་ལྟ་བདག་བརྒྱད་ཀྱི་ལྷ་ཁང་།
  • བཅའ་འདྲི་བྱ་ཡུལ་
    ནུབ་ཏུ་འཛམ་པ་ལྷའི་ལྷ་ཁང་དང་།བྱང་དུ་འཛམ་པ་ལྷའི་ལྷ་ཁང་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་གྲས་ཀྱི་ལྷ་ཁང་ལྔ། དཀྱིལ་དུ་ཨ་ནི་ཆོས་རྒྱལ་སྲོང་བཙན་གྱི་འདྲ་སྐུ་དབྱེར་མེད་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    འདྲ་སྐུ་དབྱེར་མེད་ཡོད་ཟེར། ད་ཁ་ཤས་ཀྱི་ངག་རྒྱུན་ལ་ཡ་ག་འདྲས་ཟེར་ཀྱི་ཡོག་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    འཛམ་བུ་གླིང་གི་ནོར་རྫས་ཐེངས་མ་གསུམ་བསྡུས་བྱས་དེའི་ཡར་འཕུལ་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ནོར་རྫས་ཐེངས་གསུམ་བསྡུས་བྱས་བྱས་དེ་འདྲས་ཟེ་འཕུལ་ཡོག་རེད་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་འཇིགས་མེད་གླིང་པའི་གཏམ་ཚོགས་ནང་ལ་བཤད་པ་ཡིན་ན་དེ་འདྲའི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བསྡུས་ཀྱོག་མ་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་དུས་ཆོས་རྒྱལ་སྲོང་བཙན་དེ་ཡིན་ན་དཱ་རྒྱལ་སྤྱིའི་ཐོག་ལ་ཡ་སྙན་གྲགས་ཆེན་པོ་དེ་འདྲས་བྱུང་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་བྱེད་དུས་ཙམ་པ་རྒྱལ་ཁབ་སོ་སོས་ཡར་འཕུལ་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོ་ལ་ཡ།སོ་སོའི་ནོར་གྱི་སྙིང་པོ་དེ་ཡར་འཕུལ་བྱས་བྱས་ཨ་ནི་དེ་འདྲས་ཟེར་ཡོད་སེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ད་དེ་ཚོ་འཇིགས་མེད་གླིང་པའི་གཏམ་ཚོགས་ནང་ལ་ཡ་གསལ་ཐག་གཅོད་དེ་འདྲས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    གསེར་གྱི་མི་རྟའི་གཟུགས་སུ་བྱས་པ་དང་། ཟེར། གསེར་གྱི་མི་དང་རྟ།
  • བཅའ་འདྲི་བྱ་ཡུལ་
    གནམ་ལ་འཕུར་འདྲ་བར་སྣང་མཆོངས་འདྲ་དེ་འདྲས་སེ་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་འདྲས་ཀྱི་དཱ་ལོ་རྒྱུས་ཀྱི་ཐོག་ནས་བྱས་པ་ཡིན་ན་ད་ལྟ་སྲོང་བཙན་གྱི་བང་གསོ་དེ་ཆ་ཚང་ཤོས་བསྡད་ཡོག་རེད་།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་དེའི་མདུན་དེའི་ཡར་མང་སྲོང་མང་བཙན་གྱི་བང་གསོ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་མང་སྲོང་གི་བང་གསོ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མང་སྲོང་དེ་ཕལ་ཆེར་གུང་རི་གུང་བཙན་གྱི་སྲས་ཡིན་པ་འདྲ།མང་སྲོང་བང་གསོ་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མང་སྲོང་བང་གསོ་ད་གའི་ཆ་ཚང་པོ་བསྡད་ཡོག་རེད།དེ་མིན་གཅིག་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཁྲི་ལྡེ་སྲོང་བཙན་གྱི་བང་གསོ་དེ་བསྡད་ཡོག་རེད། ཁྲི་ལྡེ་སྲོང་བཙན་གྱི་བང་གསོ་ད་གའི་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    གཙོ་བོ་དེའི་རྡོ་རིང་གཅིག་བྱས་ཨ་ནི་རྡོ་རིང་གཅིག་ཡོག་རེད་
  • བཅའ་འདྲི་བྱ་ཡུལ་
    རྡོ་རིང་དེ་ཨ་ནི་ད་ཁྲི་ལྡེ་སྲོང་བཙན་གྱི་བང་གསོ་ཡིན་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ཐོད་ལ་ཡ་མུ་ལ་རི་ཡ་མུ་ལ་རི་ཟེར་བྱས་མུ་ལ་རི་དེ་ལ་ཡ་ཨ་ནི་མེས་ཨག་ཚོམ་དང་ཁྲི་སྲོང་སྡེ་བཙན་གྱི་བང་གསོ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ཚང་མ་ཨ་ནི་ད་སྟོང་པ་དེ་འདྲས་ཆགས་བཞག འོ།
  • བཅའ་འདྲི་བྱ་ཡུལ་
    མངའ་བདག་ཁྲི་རལ་གྱི་བང་གསོ་དེ་ད་ལྟ་ཨ་ནི་ད་དེ་ཡོག་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཞེ་དྲག་གི་དའ་མཐོ་པོ་ཞེ་དྲག་མཐོང་ཡས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་ས་ཆ་དེའི་རྒྱུད་དེ་ལ་དང་དེའི་གཤམ་དེ་ལ་དོན་མཁར་ཟེར་ཡས།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་དེ་ཡིན་ན་དོན་མཁར་ཟེར་གྱི་ཡོག་རེད། དེའི་གཤམ་དེ་ལ་ཡ་ཨ་ནི་ས་ཞིང་དེ་ཚོ་དེ་ཞིང་དེ་ཚོ་དེ་འདྲས་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ལུན་ཞུའུ་༼ལུན་ཞུའུ།རྒྱ་སྐད།བོད་སྐད་དུ།རེས་མོས།༽ཐེ་དེ་འདྲས། ལུན་ཞུའུ་བྱེད་དགོས་ཡས་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ད་ལོ་ལོ་གཅིག་བཏབ།ལོ་གཅིག་མ་བཏབ་བྱས་ཆུ་བརྒྱངས་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨ་ནི་དེ་འདྲས་ཟེར་འཇིགས་མེད་གླིང་པའི་གཏམ་ཚོགས་ནང་ལ་དེ་འདྲས་ཟེར་འདུག
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁྲི་རལ་གྱི་བང་གསོ་དེའི་མདུན་དེའི་ཨ་ནི་རྡོ་རིང་གཅིག་འདུག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་བཞུགས་པའི་སྐབས་ལ་ད་ཁོ་རང་འཁྲུངས་ཡས་དེ་ཆིག་སྟོང་དགུ་བརྒྱ་
  • བཅའ་འདྲི་བྱ་ཡུལ་
    བདུན་བཅུ་ཆིག་སྟོང་བདུན་བརྒྱ་ཉི་བཤུ་ཙ་དགུ་ལ་འཁྲུངས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཆིག་སྟོང་བདུན་བརྒྱ་དགུ་བཅུ་དགུ་གཉིས་ལོ་ལ་དགོངས་པ་རྫོགས་པ་དེ་འདྲས་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོ་རང་འཚོ་བཤུགས་སྐབས་ལ་དེའི་བང་གསོ་དེའི་ཞིང་ཁ་བང་གསོ་དེའི་མདུན་དེའི་ཞིང་ཁ་དེའི་སྒང་དེའི་
  • བཅའ་འདྲི་བྱ་ཡུལ་
    རྡོ་ཕུང་ཞིག་འདུག་ཟེར། རྡོ་ཕུང་དེ་གཙོ་བོ་གང་ཡིན་ཟེར་ན་རྡོ་ཕུང་དེའི་འོག་དེའི་ཡ་ཨ་ནི་རྡོ་རིང་གཅིག་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    རྡོ་རིང་གཅིག་ཡོག་རེད་ཟེར།ཡིན་ནའི་རྡོ་རིང་དེ་སྐབས་དེ་དུས་ཙམ་པ་མངོན་གྱི་མིན་འདུག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཞིང་པའི་མཉག་དེ་ལོ་རེ་མང་པོ་ས་མང་པོ་བརྒྱངས་པ་སོང་ཙང་ཨ་ནི་
  • བཅའ་འདྲི་བྱ་ཡུལ་
    ད་ས་གས་མནན་བྱས་བྱས་མཐོང་ཡས་ཡོག་མ་རེད་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་ཀྱི་དེ་གཅིག་འདུག་ཟེར། འོ་དེ།
  • བཅའ་འདྲི་བྱ་ཡུལ་
    བང་གསོའི་ལོ་རྒྱུས་ནས་བྱས་པ་ཡན་ན་ད་བང་གསོ་བཅུ་དྲུག་ཙམ་ཞིག
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་དེ། དེ་འདྲས་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་ད་དེ་མིན་ང་ཚོ་འཕྱོངས་རྒྱས་ཀྱི་དེ་རགས་པོ་བྱས་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    འཚོ་བའི་གོམས་གཤིས་ཟེར་ནའང་འདྲ། གཙོ་བོ་ང་ཚོ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ཞིང་ལས་ཤུགས་ཆེ་ཙམ་ཡོད་པ་དང་འབྲོག་ལས་ཤུགས་ཆུང་ཙམ་ཡོད་པ།
  • བཅའ་འདྲི་བྱ་ཡུལ་
    ཕུ་ར་དེ་གས་ད་འབྲོག་ལས་དང་། འབྲོག་ལས་ཤུགས་ཆེ་ཙམ་དང་།
  • བཅའ་འདྲི་བྱ་ཡུལ་
    ས་མ་འབྲོག་བཟོ་ར་གཅིག མདའ་ད་གས་དམངས་ཆེ་བ་ཞིང་པའི་བཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་འཚོ་བའི་ཨ་ནི་ད་བརྟེན་གཞི་གཙོ་བོ་རང་དེ་ཨ་ནི་ཞིང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཞིང་ལས་ཀྱི་ཐོག་ནས་ཨ་ནི་གཙོ་བོ་ཞིང་ལས་ཀྱི་གཙོ་བོ་བྱས་པའི་ཤའན་གཅིག་ཡིན་ཟེར་ནའི་འགྲིག་གི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨེའེ། གཙོ་གནད་བྱས་པ་ཡིན་ན་དེ་འདྲས་རེད།
  • བཅའ་འདྲི་བྱ་ཡུལ་
    ཕུ་རགས་དེ་ཚོ་ས་མ་འབྲོག་རེད། ཨ་ནི་འཚོ་བའི་ཆ་རྐྱེན་ཐོག་ནས་བྱས་པ་ཡིན་ན་ད་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དམངས་གཙོའི་གཅོས་བསྒྱུར་བཏང་འགྲོ་དོ་པ་ཨ་ནི་སྐྱོ་པོ་རེད་ད།
  • བཅའ་འདྲི་བྱ་ཡུལ་
    དམངས་གཙོའི་བཅོས་བསྒྱུར་གོང་ལ་ནི་བཤད་མ་དགོས་དེ་འདྲས་རེད་ད། བཤད་མ་དགོས་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་དམངས་གཙོའི་བཅོས་བསྒྱུར་བཏང་པའི་རྗེས་ལའི་ལམ་སེང་དེའི་ཚུར་
  • བཅའ་འདྲི་བྱ་ཡུལ་
    ཧུད་ཕུའུ་༼ཧུད་ཕུའུ།རྒྱ་སྐད།བོད་སྐད་དུ།་སླར་གསོ།༽བྱེད་ཐུབ་ཡས་དེ་འདྲས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨ་ནི་ད་མང་ཆེ་བ་གཅིག་ཨ་ནི་འཚོ་བ་ཆད་འགྲོ་གི་ཡོག་རེད་ད།
  • བཅའ་འདྲི་བྱ་ཡུལ་
    དབྱར་ཁའི་དུས་ཚོད་ལ་ཡིན་ན། ཨ་ནི་དེ་འདྲས་བྱས་ནས་ཨ་ནི་ད་ཐོག་མར་ཡིན་ན་ད་རོགས་རེས་ཚོགས་ཆུང་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་མི་དམངས་ཀུང་ཧྲེ་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཨ་ནི་ད་གཞི་ནས་ཡང་ཨ་ནི་ད་ཐོན་སྐྱེད་ཀྱི་འགན་གཙང་ལམ་ལུགས་བཙུགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་༡༩༨༠ནས་ཨ་ནི་གཞི་ནས་ཨ་ནི་ག་རེ་ཟེར་དགོས་རེད་ད།
  • བཅའ་འདྲི་བྱ་ཡུལ་
    གཅིག་གི་ཐོན་སྐྱེད་འགན་གཙང་།
  • བཅའ་འདྲི་བྱ་ཡུལ་
    འབྲོག་ལས་ཡིན་ནའི་སོ་སོ་ལ་འགན་གཙང་བཏང་། ཞིང་ལས་ཡིན་ནི་སོ་སོ་ལ་འགན་གཙང་སྤྲད་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    འཚོ་བ་ལ་ཡིན་ན་ཨ་ནི་ད་ཆ་རྐྱེན་ཡིན་ན་སྤྲད་བྱས་བྱས། ལོ་རེ་ལས་ལོ་རེ་ཡག་རུ་འགྲོ་གི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ལོ་རེ་ལས་ལོ་རེ་ཡག་རུ་འགྲོ་གི་ཡོག་རེད། དཔེ་ཆ་བཞག་པ་ཡིན་ན་ང་ཚོའི་ཤའང་དེའི་ནང་ལ་ཆ་བཞག་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གྲོང་ཚོ་ཆུང་ཆུང་ཞིག་རེད། དོན་མཁར་གྲོང་ཚོ་དེ་ཆུང་ཆུང་ཞིག་རེད།
  • བཅའ་འདྲི་བྱ་ཡུལ་
    དོན་མཁར་གྲོང་ཚོ་དེའི་ནང་ལ་ཁྱིམ་སྡུད་དྲུག་བཅུ་རེ་གྲངས་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཁྱིམ་སྡུད་དྲུག་བཅུ་རེ་གྲངས་གཅིག་གི་གོང་ལ་ཡར་ཁྱིམ་སྡུད་བཅུ་ཙམ་གཅིག་ལ་ད་ལྟ་གློག་འཁྲིད་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཨ་ནི་ད་གཤམ་གྱི་ཁྱིམ་སྡུད་ལྔ་བཅུ་ལྷག་ཙམ་གཅིག་ལ་ཨ་ནི་གློག་དང་དེ་གས་ཆ་ཚང་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་ཡོད་པའི་ཐོག་ལ་ཆ་བཞག་པ་ཡིན་ནའི་ཚང་མ་ལ་ཡ་ཇ་བསྲུའི་འཕྲུལ་ཆས་མེད་པ་དང་།
  • བཅའ་འདྲི་བྱ་ཡུལ་
    ཡང་ན་ཏན་ཧྲེ་༼ཏན་ཧྲེ།རྒྱ་སྐད།་བོད་སྐད་དུ།བརྙན་འཕྲིན།༽མེད་པ་དང་།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཁྱོན་ནི་ཡོག་མ་རེད། འོ། བརྒྱ་ཆ་ཧ་ལམ་རྦད་དེ།
  • བཅའ་འདྲི་བྱ་ཡུལ་
    ས་ཆ་དེའི་རྒྱུད་དེའི་དེ་བྱས་པ་ཡིན་ན་བརྒྱ་ཆ་བརྒྱ་ཙམ་བརྙན་འཕྲིན་དང་དེ་འདྲས་ཀྱི་ཨ་ནི་ད་བལྟ་ཐུབ་པ།
  • བཅའ་འདྲི་བྱ་ཡུལ་
    བརྙན་འཕྲིན་ཡོད་པ་སོ་སོའི་ནང་ལ་ཡིན་ནའི་བྱ་སྲུའི་འཕྲུའི་ཡོད་པ་ད།
  • བཅའ་འདྲི་བྱ་ཡུལ་
    ཆ་རྐྱེན་ཐོག་ལ་ཆ་བཞག་པ་ཡིན་ན་དེང་སྐབས་ཀྱི་འཚོ་བའི་ཆ་རྐྱེན། ཨ་ནི་ཅུང་ཚང་ཙམ་དེ་འདྲས་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འཚོ་བ་ཆད་ངན་ཡིན་ནའི་གཞི་རྩའི་ཐོག་ནས་བྱས་པ་ཡིན་ན་དེ་འདྲས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་འཚོ་བའི་ཐོག་ལ་ཆ་བཞག་པ་ཡིན་ནའི་ཨ་ནི་ལྷག་པར་དུ་སྐབས་བཅུ་གཅིག་པའི་
  • བཅའ་འདྲི་བྱ་ཡུལ་
    ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་ཨ་ནི་སོ་སོའི་ཐོན་སྐྱེད་འགན་གཙང་།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་བྱས་འཚོ་བ་ད་མང་ཚོགས་ཀྱི་འཚོ་བ་དང་།
  • བཅའ་འདྲི་བྱ་ཡུལ་
    ཐོན་སྐྱེད་ཀྱི་ཐོག་ལ་ཡིན་ན་ཡར་རྒྱས་ཆེན་པོ་ཞེ་དྲག་བྱུང་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་མིན་ཞུ་ཡས་རགས་པོ་གཞན་དག་གའི་མིན་འདུག་ག་ཧེ་ཧེ་ཧེ་་་་སློའོ།
  • བཅའ་འདྲི་བ་
    ཨ་ནི་ད་ཀུན་མཁྱེན་འཇིགས་མེད་རླིང་པའི་ད་ལྟ་རྒན་ལགས་ཀྱིས་
  • བཅའ་འདྲི་བ་
    འཁྲུངས་དུས་དེ་དང་བཤེགས་དུས་དེ་གསུངས་གནང་ཡས་འདུག་ག་ལའོ།
  • བཅའ་འདྲི་བྱ་ཡུལ་
    སླའོ།
  • བཅའ་འདྲི་བ་
    ཀུན་མཁྱེན་འཇིགས་མེད་བརླིང་པ་དེ་དཔལ་རི་ལ་འཁྲུངས་པ་རེད་པས།
  • བཅའ་འདྲི་བྱ་ཡུལ་
    ལགས་འོ་ལགས།
  • བཅའ་འདྲི་བ་
    འོ་དེའི་སྐོར་དེ་ད་ལྟ་ཁོང་གི་གདུང་བརྒྱུད་དང་དེ་འདྲས་གཞན་དག་ཡོད་ནའ་མེད་ནའ།
  • བཅའ་འདྲི་བྱ་ཡུལ་
    འོ།ད་གདུང་བརྒྱུད་ཟེར་བྱས་ནའི་ད་དེ་གསལ་པོ་ཞེ་དྲག་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    མ་གཞི་རང་བྱས་པ་ཡིན་ན་ང་ཚོས་གོ་ཐོས་རང་བྱས་པ་ཡིན་ན་ཁྱིམ་ཚང་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཚོའི་རྒྱུད་པ་རགས་པོ་བྱས་པ་ཡིན་ན་རྒྱ་ཆེན་པོ་རེད། ཁོ་ཚོའི་རྒྱུད་པ་རྒྱ་ཆེན་པོ་རེད།
  • བཅའ་འདྲི་བྱ་ཡུལ་
    འོ།དེ་འདྲས་གཅིག་ཡོག་རེད། འོ།འཁྲུངས་ས་རང་དཔལ་རི་ལ་རང་རེད། འོ་ཆིག་སྟོང།
  • བཅའ་འདྲི་བྱ་ཡུལ་
    ད་ལོ་རྒྱུས་ཐོག་ནས་དེ་ཞུས་པ་ཡིན་ན་དེ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    རྒྱ་བོད་ཤན་སྦྱར་༼རྒྱ་བོད་ཤན་སྦྱར།སྐབས་འདིར་རྒྱ་བོད་ཤན་སྦྱ་གྱི་ཚིག་མཛོད་ལ་གོ༽དེའི་ནང་ལའི་
  • བཅའ་འདྲི་བྱ་ཡུལ་
    གསལ་པོ་བརྒྱབ་བཞག༡༧༢༩ལོ་དེ་ལ་འཁྲུངས་འདུག་ག
  • བཅའ་འདྲི་བྱ་ཡུལ་
    ༡༧༢༩ལོ་དེ་ལ་འཁྲུངས་ནས་ཁོ་རང་འཁྲུངས་ནས་ཨ་ནི་དཔལ་རི་དགོན་པར་ཆོས་བཞུགས་ཏིག་ཙམ་གནང་བཞག
  • བཅའ་འདྲི་བྱ་ཡུལ་
    ཆོས་བཞུགས་གནང་པའི་རྗེས་ལ་ཡིན་ན།ཁོ་རང་ཁམས་ཕྱོགས་ལ་མར་ཐད་འདུག་ག
  • བཅའ་འདྲི་བྱ་ཡུལ་
    ཁམས་ཕྱོགས་ལ་མར་འཐད་བྱས་བྱས་སྐུ་ཡོན་དེ་ཚོ་བཞེས་བྱས་བྱས་སྐུ་ཡོན་དཔེ་མི་སྲིད་པའི་དེ་ཆེན་པོ་བྱུང་བཞག
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་སོང་ཙང་།འདིའི་ཁུལ་ལ་སྐད་གྲགས་ཞེ་དྲག་ཡོག་མ་རེད།བོད་ཀྱི་ཁུལ་ལ་ཡིན་ན་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁམས་ཕྱོགས་ཀྱི་ཁུལ་ལ་ཟི་ཁྲོན་གྱི་བརྒྱུད་ལ་དང་དེ་འདྲས་ལ་ཡིན་ན་ཧ་ཅང་གི་དད་པ་ཆེན་པོ་བྱེད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་གི་སྐུ་ཡོན་བཞེས་ས་རང་ཁམས་ཕྱོགས་ལ་ཡིན་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོང་གི་ད་ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་འོ་ཐོག་མར་ཆོས་རྒྱལ་དེ་
  • བཅའ་འདྲི་བྱ་ཡུལ་
    སྟོན་པ་ཞལ་ཞུགས་པའི་སྐབས་ལ་ཡིན་ན་ཨ་ནི་སློབ་མ་གཅིག་གི་སྟོན་པའི་སློབ་མ་གཅིག་གི་དེ་ཡིན་ཟེར་གྱི་འདུག་ག
  • བཅའ་འདྲི་བྱ་ཡུལ་
    དེའི་སྐབས་ལ་སློབ་དཔོན་གྱི་དུས་ལ་ཡིན་ན་རྒྱལ་བ་ཨ་ཀ་མའི་བསྐལ་བ་བཞེས་པ་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྲོང་བཙན་གྱི་དུས་ལ་ཡིན་ན་ཆོས་རྒྱལ་སྲོང་བཙན་གྱི་དུས་ལ་ཡིན་ན་ཨ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བསྐལ་བ་བཞེས་པ་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འདྲས་སོང་ཙང་ཞུག་ལ་ཡིན་ན་ད་ཀུན་མཁྱེན་ཀློང་ཆེན་བྱས།
  • བཅའ་འདྲི་བྱ་ཡུལ་
    ཀུན་མཁྱེན་ཀློང་ཆེན་ནས་ཨ་ནི་འཇིགས་མེད་གླིང་པ་འཁྲུངས་པ་རེད་སེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འཇིགས་མེད་གླིང་པ་ཟེར་ཡས་དེ་ཡིན་ན་འཁྲུངས་ཡས་ཀྱི་དུས་ཚོད་དེ་ཡིན་ན་༡༧༢༩ལ་འཁྲུངས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་འཁྲུངས་ནས་གངས་བྱིའུ་ལ་ཡ་ཏིག་ཙམ་ཞུགས་གདན་འཇགས་བཞག
  • བཅའ་འདྲི་བྱ་ཡུལ་
    འདིའི་ཕུ་དེ་ལ་ཡིན་ན་དེ་གཅིག་ཡོག་རེད་ད།རྫ་མཐོ་པོ་གཅིག
  • བཅའ་འདྲི་བྱ་ཡུལ་
    རྫ་མཐོ་པོ་དེ་ལ་ཡ་སྔོན་མ་ལོ་རྒྱུས་ཐོག་ལ་ཡ་དེ་འདྲས་སེ་བཤད་ཀྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེའི་ཡ་ཆུ་མིག་བརྒྱ་དང་བརྒྱད། དུར་ཁྲོད་བརྒྱ་དང་བརྒྱད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཚོགས་གཞོང་བརྒྱ་དང་བརྒྱད། གཟིམ་སྦུག་བརྒྱ་དང་བརྒྱ་དང་བརྒྱད་སེ།
  • བཅའ་འདྲི་བྱ་ཡུལ་
    བརྒྱ་དང་བརྒྱད་བྱས་པ་ཞེ་དྲག་ཡོག་རེད། འདིའི་ཕུགས་ལ་སྒྲུབ་པ་བསྐྱོན་བྱས་བཞུགས་པ་ཡིན་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་ཕེབས་བྱས་འདིའི་པོད་བཞེས་གཞིས་ཀ་ཟེར་ཡས་ཀྱི་གཞིས་ཀ་ཆེན་པོ་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    པོད་བཞེས་གཞིས་ཀ་ཟེར་ཡས་དེ་དང་ཆོས་ཡོན་སྦྱིན་བདག་ཞུས་བྱས།ཨ་ནི་ཚེ་རིང་ལྗོངས་གཞི་ནས་ཕྱག་བཏབ་གནང་པ་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་གིས་དགོན་པ་དེ་ཕྱག་བཏབ་ཡས་དེ། ཚེ་རིང་ལྗོངས་ཟེར་ངན་དེ་ཁོ་ཪང་གིས་ཕྱག་བཏབ་གནང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ཆུ་རྟ་ལོ་ལ་ཕྱག་བཏབ་གནང་པ་རེད། བྱས་ཙང་ཨ་ནི་༡༧༦༢ཀྱི་ལོ་དེ་དགོན་པ་དེ་ཕྱག་བཏབ་གནང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    དགོན་པ་དེ་ཕྱག་བཏབ་གནང་ནས་ཨ་ནི་དེའི་རྗེས་ལ་ཡིན་ན་ཁོ་རང་༡༧༩༨ཙམ་དོ་པ་གཅིག་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་ལ་ཁོ་རང་དགོངས་པ་རྫོགས་བཞག
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོང་གི་དགོངས་པ་རྫོགས་པའི་རྗེས་ལ་ཡིན་ན་ཁོ་རང་གི་སྲས་གཅིག་བྱུང་བཞག སྲས་གཅིག
  • བཅའ་འདྲི་བྱ་ཡུལ་
    སྲས་དེ་འབྲི་གུང་གི་དོ་པ་གཅིག་གི་བླ་མ་གཅིག་རེད་ཟེར་གྱིས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འདུག་སེ་བྱས་བྱས་སྲས་དེ་འབྲི་གུང་ལ་ཕར་ཕེབས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོ་རང་གི་གདུང་རྒྱུད་དང་དེ་འདྲས་ཀྱི་མ་ཡོང་བའི་ངེས་པ་གའི་མེད་ཟེར་
  • བཅའ་འདྲི་བྱ་ཡུལ་
    གསུངས་པ་མ་གཏོགས་པས་དེ་ཡོང་གི་ཡོད་གསུངས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ངོས་འཛིན་བྱེད་ཡས་དང་དེ་འདྲས་གའི་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ཨ་ནི་དེ་སྔོན་མཁྱེན་བརྩེ་མཁྱེན་བཙེ་ཟེར་མཁན་གཅིག་ཁག་མང་པོ་གཅིག་ཡོག་རེད་བླ་མ།
  • བཅའ་འདྲི་བྱ་ཡུལ་
    མདོ་མཁྱེན་བརྩེ།འཇམས་དབྱངས་མཁྱེན་བརྩེ། བན་གོ་མཁྱེན་བརྩེ་ཁག་གསུམ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བླ་ཁག་ཆེན་པོ་གསུམ་ཡོག་རེད། དེ་ཡིན་ན་སྐུ། གསུང་། ཐུགས་ཀྱི་སྦྲུལ་པ་ཡིན་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་ཡིན་ཟེར་ཡས་ཀྱི་གཙོ་བོའི་རྒྱུ་མཚན་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    འཇིགས་མེད་གླིང་པ་སྐུ་འཚོ་ཞུགས་ཀྱི་སྐབས་ལ་ཡིན་ན་ཇོ་ཁང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ད་ལྟ་ཏ་ཀྲའོ་སི་༼ཏ་ཀྲའོ་སི།རྒྱ་སྐད།བོད་སྐད་དུ།ལྷ་ལྡན་གཙུག་ལག་ཁང་།༽ཇོ་ཁང་ནང་ལ་ཆོས་མཇལ་ལ་ཕེབས་པའི་
  • བཅའ་འདྲི་བྱ་ཡུལ་
    སྐབས་ལ་ཡིན་ན་ཁོ་རང་ཆོས་འཇལ་ལ་ཕེབས་པའི་སྐབས་ལ་ཡིན་ན་ཇོ་བོ་གིས་གསུང་བྱོན་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    འོ།མཁྱེན་བརྩེའི་ལྷ་ཕེབས་བྱུང་ཟེར་གསུངས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    མཁྱེན་བརྩེའི་ལྷ་ཕེབས་བྱུང་ཟེར་གསུངས་པ་རེད་ཟེར། ཇོ་བོ་གིས། དེ་འདྲས་ཟེར་གསུང་བྱོན་པ་སོང་ཙང་།
  • བཅའ་འདྲི་བྱ་ཡུལ་
    མཇུག་ལ་ཡིན་ན་མདོ་མཁྱེན་བརྩེ། འཇམས་དབྱངས་མཁྱེན་བརྩེ།བན་གོ་མཁྱེན་བརྩེ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་གས་གསུམ་པོ་དེ་ཡིན་ན་ཁོང་གི་སྐུ་སྤྲུལ།གསུང་སྤྲུལ།ཐུགས་སྤྲུལ་ཟེར་། འོ་དེ་འདྲས་སེ་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    །ཨོ་དེ་འདྲས་རེད།ཧེ།ཧེ།
  • བཅའ་འདྲི་བ་
    འདིའི་ང་ཚོའི་ལུང་པ་དེ་ལ་ཡ་མདོང་མཁར་ཟེར་གྱི་རེད། དུང་དཀར་ཟེར་གྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དོན་མཁར་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བ་
    འོ་དེ་ག་འདྲས་སེ་གོ་དགོས་དགོས་ཀྱི་ཡོད་ན།
  • བཅའ་འདྲི་བྱ་ཡུལ་
    ད་དོན་མཁར་ཟེར་ན་དེ་འདྲས་སེ།ངག་རྒྱུན་ལ་ཡ་དེ་འདྲས་རགས་པོ་བཤད་མྱོང་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་སྐབས་དེའི་ཡ་བོད་སིལ་བུའི་དུས་ཚོད་གཅིག་རེད་འདུག་ག
  • བཅའ་འདྲི་བྱ་ཡུལ་
    བོད་སིལ་བུའི་དུས་ཚོད་དེ་དུས་སྡེ་པ་གཙང་པ་དང་སྡེ་པ་སྣེ་གདོང་ཟེར་ཡས་རགས་པོ།
  • བཅའ་འདྲི་བྱ་ཡུལ་
    སྡེ་པ་འཕྱོངས་རྒྱས་ཟེར་ཡས་རགས་པོ་དེ་འདྲས་ཀྱི་ལོ་རྒྱུས་མང་པོ་བཤད་ཀྱི་འདུག་ག
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཟེར་བཤད་དུས་ཙམ་པ་ཨ་ནི་ད་སྡེ་པ་གཙང་པའི་དམག་དེ་ལྟ་ག་ཡོང་པ་རེད་ཟེར།འཕྱོངས་རྒྱས་ལ་ཡ།
  • བཅའ་འདྲི་བྱ་ཡུལ་
    ཁོ་སྟོབས་ཤུགས་ཆེན་པོ་རགས་པོ་རྩིས་ཀྱི་ཡོད་པ་འདྲ། སྐབས་དེའི།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་སྡེ་པ་གཙང་པའི་དམག་དེ་ཡོང་བྱས་བྱས་དེ་འདྲས་བྱས་པའི་སྐབས་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཐོག་མར་གཅིག་ཡོང་དུས་ཙམ་པར་ཨ་ནི་དེ་བྱས་པ་རེད་ཟེར། གང་ཟཱ།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ལ་ཡ་འཕྱོངས་རྒྱས་སྡེ་པ་ལ་ཡ་དམག་རྒྱབ་བྱས་དེ་འདྲས་སེ་བྱས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་གཅིག་ཞུག་མ་དེ་ཡོང་དུས་ཙམ་པར།
  • བཅའ་འདྲི་བྱ་ཡུལ་
    ཐེངས་གཉིས་པ་དེ་ཡོང་དུས་ཙམ་པར།ཨ་ནི་ལ་དེའི་རྩེ་ལ་ཡོང་འདུག་གལ་དེའི་རྩེ་ལ་ཡོང་དུས་ཙམ་པར།
  • བཅའ་འདྲི་བྱ་ཡུལ་
    མ་གའི་ད་ལྟའི་རྫོང་ད་བཞེངས་བཞག་ཡོག་རེད། རྫོང་དེ།
  • བཅའ་འདྲི་བྱ་ཡུལ་
    བྲག་གི་རྩེ་དེའི་རྫོང་ཐོག་སེ་དགུ་བྱས་པ་གཅིག མདུན་དེའི་རྦད་དེ། རྦད་དེ་ཤིང་གི་སྒྲོམ་རེད།
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་ལ་གང་ཡིན་ཟེར་ན་ཁོ་ལོ་རྒྱུས་ཀྱི་ཐོག་ལ་དེ་འདྲས་སེ་བཤད་སྲོལ་འདུག་ག
  • བཅའ་འདྲི་བྱ་ཡུལ་
    རྫོང་དེ་བཞངས་པའི་༼བཞངས་པ། ཁ་སྐད། བཞེངས་པའི་དོན།༽སྐབས་ལ་ད་བཟའ་ཚང་བྱུང་པ་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཁོ་གཉིས།བཟའ་ཚང་བྱུང་པ་དེ་འདྲས་ཁོ་གཉིས་རྫོང་དེ་ཚར་པའི་སྐབས་ལ་པུ་གུས་ཨར་པོ་ལ་འགྲོ་གི་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ལོ་ག་ཚོད་ཙམ་གཅིག་འགོར་ཡོག་རེད། དེ་འདྲས་གཅིག་ལོ་རྒྱས།ལོ་མང་པོ་གཅིག་འགོར་ཡོད་པ་མཚོན་གྱི་ཡོག་རེད་པ།
  • བཅའ་འདྲི་བྱ་ཡུལ་
    གཅིག་ཨ་ནི་དེ་འདྲས་རེད།གཉིས་ཨ་ནི་རྡོ་བཟོ་ཚོས་ཨ་ནི་ད་ག་འདྲས་སེ་ཟེར་གྱི་ཡོག་རེད་ན་
  • བཅའ་འདྲི་བྱ་ཡུལ་
    ངུས་པ་རེད་ཟེར་ད།ཁོའི་ས་རྡོ་དེ་གས་མཐོང་པའི་སྐབས་ལ་ངུ་གི་ཡོག་རེད་ད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་བརྩིགས་ཐུབ་པ་མི་འདུག་ཟེར་ད། དེ་འདྲས་ཟེར་དུས་རྩམ་པ་ད་ཤིང་བཟོ་དེ་ཚོས་ཡིན་ན་ད་གས་བྱེད་ཀྱི་མ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ང་ཚོས་རོགས་བྱས་གོ་ཟེར། མང་ཆེ་བ་ཤིང་གི་བསྒྲིགས་བཞག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་མདུན་དེ་གས།བྱས་ཙང་མདུན་དེ་རྦད་དེ་རབ་གསལ་ཤིང་གི་རྒྱ་ཁྲ་དེ་འདྲས་བསྒྲིགས།
  • བཅའ་འདྲི་བྱ་ཡུལ་
    རབ་གསལ་དེ་འདྲས་བསྒྲིགས་བྱས་བྱས། དེ་འདྲས་བྱེད་དུས་ཙམ་པ་དམངས་ཆེ་བ་ཤིང་གིས་བཟོས་པ་རེད་པ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྡོ་བཟོ་ལ་ཆག་ཡང་ཞེ་དྲག་ཡོང་གི་རེད་པ། བྱས་ཙང་འདུག་སེ་བལྟས་པ་ཙམ་གཅིག་གིས་ཨ་ནི་ད་ཡོག་རེ་སེ་ད།
  • བཅའ་འདྲི་བྱ་ཡུལ་
    སེང་གེ་གནམ་ལ་མཆོངས་པ་ནང་བཞིན་གཅིག་མཐོང་གི་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨ་ནི་ད་སྡེ་པ་གཙང་པའི་དམག་དེ་དེའི་ཡོང་དུས་ཙམ་པ་ལ་དེའི་རྩེ་དེ་ལ། དོན་མཁར་སྣ་ལེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ལ་དེའི་རྩེ་དེའི་ཡོང་དུས་ཙམ་པ་མ་གའི་ད་དེ་ཁང་པ་མཐོང་པའི་སྐབས་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    སེང་གེ་གནམ་ལ་མཆོངས་པའི་བཟོ་ར་གཅིག་འདུག་སེ། ཨ་ནི་ད་འཛིང་རྒྱུ་མི་འདུག་སེ།
  • བཅའ་འདྲི་བྱ་ཡུལ་
    བརླག་ཁྱེར་པ་མིན་འདུག་སེ་བྱས་བྱས་བྲོས་པ་རེད་སེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེའི་དོན་པའི་སྐབས་ལ་དམག་དེ་དེའི་དོན་པའི་སྐབས་ལ་ཡིན་ན་འདི་ནས་ད་ནི་མ་གི་མཐོང་པ་དང་མཁར་ར་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    འགྲོ་མ་ཐུབ་པ་ཡིན་ཟེར་ད། བཀག་པའི་བཟོ་རགས་གཅིག་འདུག་སེ་བྱས་བྱས་དོན་མཁར་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་མིང་དེ་དེ་འདྲས་སེ་བྱུང་པ་ཡིན་ཟེར་བྱས་བྱས་ངག་རྒྱུན་ལ་ཡ་དེ་འདྲས་སེ་བཤད་ཀྱི་ཡོག་རེད་ད།
  • བཅའ་འདྲི་བྱ་ཡུལ་
    ད་དོན་དངོས་ད། ལོ་རྒྱུས་ཀྱི་ཐོག་ནས་ད། ར་སྤྲོད་རགས་པོ་གསལ་པོ་དང་དེ་འདྲས་འདི་ཟེར་དེ་མིན་འདུག
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲས་སེ་རེད། འོ་མཇུག་ལ་ཡ་གཅིག་ཡོང་པ་རེད་ཟེར་ད།
  • བཅའ་འདྲི་བྱ་ཡུལ་
    ཁོ་སྐབས་དེ་ལ་ཡོང་བྱས་བྱས་དེའི་ཁང་པ་མ་གི་མཐོང་དུས་ཙམ་པ་ཨ་ནི་ཡོང་མ་ནུས་པ་རེད་པ།
  • བཅའ་འདྲི་བྱ་ཡུལ་
    སེང་གེ་གནམ་ལ་མཆོངས་ངན་བཟོ་ར་གཅིག་འདུག་ཟེར་བྱས་བྱས་ད་ཞུག་ལ་གཅིག་ཡོང་དུས་ཙམ་པ་དེ་
  • བཅའ་འདྲི་བྱ་ཡུལ་
    རྫོང་དེའི་རྒྱབ་དེ་ནས་ཡ་ཡར་ལྟས་རི་ལ་ཡ་དེ་བརྒྱབ་བཞག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    གྱང་བརྒྱབ་ཡོག་རེད། གྱང་བརྒྱབ་བྱས་སོར་ཁུང་དེ་འདྲས་བཟོས་ཞག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མ་གཞི་དོན་དངོས་ཐོག་ལ་བྱས་པ་ཡིན་ན་སོར་ཁུང་རེད། དམག་རྒྱག་ས།
  • བཅའ་འདྲི་བྱ་ཡུལ་
    གཡས་གཡོན་ལ་མེ་མདའ་རྒྱག་ས་འདུག་སེ་བྱས་། དེ་འདྲས་རེད། བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    མཇུག་ལ་གཉིས་པ་དེ་ཡོང་པའི་སྐབས་ལ་ཡིན་ན་ག་རེ་མཐོང་གི་ཡོག་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
  • བཅའ་འདྲི་བྱ་ཡུལ་
    སེང་གེ་དེ་བཏག་བཞག་སེ་ད། ཁོ་རྫར་རྫར་བྱས་དེ་རྦད་དེ་གྱང་འདུག་སེ་སྐོང་བྱས་བྱས་ཙང་སེང་གེ་དེ་བཏགས་བཞག་བཞག་ཟེར་ད།
  • བཅའ་འདྲི་བྱ་ཡུལ་
    གའི་བྱེད་པ་མིན་འདུག་སེ་བྱས་བྱས་ཡོང་པ་རེད་ཟེར་བྱས་བྱས་འོ་དེ་འདྲས་ཀྱི་ད་
  • བཅའ་འདྲི་བྱ་ཡུལ་
    ལོ་རྒྱུས་རགས་གཅིག་བཤད་བྱས་བྱས་དེ་འདྲས་བྱས་ཀྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ལྟ་དོན་མཁར་ཟེར་ཡས་ཀྱི་མིང་ད་ཀའི་འདུས་སེ་རྒྱག་གི་ཡོག་རེད། ད་ན་རོ་དོན་མོའི་ཁར་སེ།
  • བཅའ་འདྲི་བྱ་ཡུལ་
    ད་མཁར་བའི་དོན་དག་རགས་གཅིག་འདུག་སེ་བཏོན་གྱི་ཡོག་རེད།
  • བཅའ་འདྲི་བ་
    ཨ་ནི། ང་ཚོ་མ་གའི་འཕྱོངས་རྒྱས་ཟེར་ཡས་ཀྱི་མིང་དེ་ག་འདྲས་སེ་གོ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་དེ། བཞེད་པ་མ་འདྲ་དེ་འདྲས་དེ་འདྲས་ཡོང་གིས་ལ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་དེ་བཤོད་སྲོལ་རགས་པོ་གཅིག་ལ་དེ་འདྲས་སེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དིའི་ཕུ་དེའི་ཡར་ཆུ་མགོ་ནོར་བུ་རི་ཟེར་གྱི་ཡོག་རེད། རི་གཅིག་ཡོག་རེད། ཆུ་མགོ་བོར་བུ་རི་ཟེར།
  • བཅའ་འདྲི་བྱ་ཡུལ་
    ནོར་བུའི་རི་ཡིན་ཟེར་གྱི་ཡོག་རེད་ད་དེའི་ནང་ལ་ནོར་བུའི་རིགས་ཆས་མང་པོ་ཡོད་ཟེར་དོག་དོག་བཤད་ཀྱི་ཡོག་རེད། བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    ནོར་བུའི་རི་ཡིན་ཙང་ཨ་ནི་ནོར་བུ་མཆོང་ཟེར་ངན་དེ་ཡོག་རེད་ཟེར། རི་དེ་ལ་ཡ་ནོར་བུ་མཆོང་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་ལ་བརྟེན་ནས་འཕྱོངས་རྒྱས་ཟེར་བཏགས་པ་ཡིན་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་ཡི་གེའི་ནང་ལ་བྱས་པ་ཡིན་ན་འཕྱོངས་༼བོད་ཡིག་སྦྱོར་ཀློག༽ཟེར་དེ་བརྒྱབ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ད་འཕྱོངས་དེའི་གྲས་དེ་འཕྱོངས་ཐིག་གི་འཕྱོངས་བཟོ་རགས་གཅིག
  • བཅའ་འདྲི་བྱ་ཡུལ་
    ང་ཚོ་ད་ཤིང་བཟོ་དང་དེ་གྲས་ཀྱི་བལྟ་ཡས་ཀྱི་འདྲོང་པོའི་དྲོང་པོ་བཟོ་ཡས་ཀྱི་དེ།
  • བཅའ་འདྲི་བྱ་ཡུལ་
    ད་ཁ་ཐུག་བཟོ་ཡས་ཀྱི་དེ་འཕྱོངས་དེ་བརྒྱབ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ནོར་བུ་མཆོང་ཟེར་དེ་ཨ་ནི་མཆོང་༼མཆོང་ཞེས་པ་དེའི་བོད་ཡིག་སྦྱོར་ཀློག༽རེད་པ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ངག་རྒྱུན་ནས་བྱས་པ་ཡིན་ན་འོ་དེ་འདྲས་ཟེར་གྱི་ཡོག་རེད། ནོར་བུ་མཆོང་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ལ་བརྟེན་ནས་འཕྱོངས་རྒྱས་ཟེར་བྱས་བྱས་བཏགས་པ་རེད་སེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ཕུ་ལ་ཡར་རྒྱལ་སྨན་ཟེར་གྱི་རེད། འཕྱོངས་རྒྱས་ཀྱི་ཕུ་ཕར་ན་དེའི་ཡ་ད་ལྟ་གྲ་ནང་དང་ས་འབྲེལ་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ལ་ཡ་རྒྱལ་སྨན་ཟེར་གྱི་ཡོག་རེད། རྒྱལ་སྨན་ཟེར་དེ་ལ་ཡ་ཐོག་མར་དེ་འདྲས་གཅིག་བཤད་སྲོལ་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སྨན་བླ་སྡེ་བཤེགས་བརྒྱད་ཟེར་ཡས་དེ་དེ་ནས་འཁྲུངས་པ་རེད་ཟེར་ཟེར་ཡས་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་རྒྱལ་སྨན་ཟེར་ཡས་དེའི་ཕུ་ལ་ཡ་དེ་འདྲས་གཅིག་ཡོག་རེད། ད།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་དེ་ལ་ཡ་རྫ་རི་སྐུ་བཟང་ཟེར་ཡས་གཅིག
  • བཅའ་འདྲི་བྱ་ཡུལ་
    རྫ་རི་སྐུ་བཟང་སེར་ཡས་དེ་ལ་ཡ་ཨ་ནི་ཁོ་ཐང་སྡེར་གཅིག་ཡོག་རེད་ཟེར། རྫ་རི་དེའི་རྩེ་དེའི།
  • བཅའ་འདྲི་བྱ་ཡུལ་
    ཐང་སྡེར་གཅིག་ཡོད་དུས་ཙམ་པ་ཨ་ནི། ཨ་ནི་དེ་འགྲོ་གི་ཡོག་རེད་ཟེར་ད།
  • བཅའ་འདྲི་བྱ་ཡུལ་
    མི་ཚང་གཅིག་གི་ལུག་རྫི་གཅིག ལུག་རྫི་གཅིག་ཨ་ནི་ད།
  • བཅའ་འདྲི་བྱ་ཡུལ་
    ཉིན་ལྟར་རེ་བཞིན་དེའི་ཡར་ལུག་འཚོ་གར་འགྲོ་གི་ཡོག་རེད་ཟེར་ད། ལུག་དང་ར་དེ་འདྲས་འཚོ་གར་འགྲོ་གི་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོ་ལ་ར་དཀར་པོ་གཅིག་ཡོག་རེད་ཟེར། ལུག་རྫི་དེའི།
  • བཅའ་འདྲི་བྱ་ཡུལ་
    ར་དཀར་པོ་དེ་ཡོད་དུས་ཙམ་པ། ཞོགས་ཀས་ཡར་འགྲོ་དུས་ཙམ་པ་ར་དེ་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    མཉམ་དུ། ད་ཉིན་མའི་དགུང་དེའི་ར་དེ་བརླག་གི་ཡོག་ཟེར། ཁྱོན། ༼ཁྱོན།ཁ་སྐད།སྐབས་འདིར་རྩ་བ་ནས་ཞེས་པར་གོ༽
  • བཅའ་འདྲི་བྱ་ཡུལ་
    ཁྱོན་བསྡད་ཀྱི་ཡོག་མ་རེད་ཟེར། ར་དེ་བརླག་འགྲོ་གི་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡང་དགོང་ད་མར་སླེབས་དུས་ཙམ་པ་ར་དེ་སྔར་རྒྱུན་དེའི་སླེབས་ཀྱི་ཡོག་རེད་ཟེར་ཁོ། ཁྱུ་དེ་ལ་ད་ག་སླེབས་ཀྱི་ཡོག་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོ་ད་ཉིན་མོ་གཅིག་ཡ་མཚན་བྱས་ད་དེ་ཉིན་ལྟར་རེ་བཞིན་བརླག་འགྲོ་གིས་ཡང་དགོང་ད་ཁ་དེ་རུ་ནི་སླེབས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ག་དྲས་ར་གཅིག་བྱས་པ་ཡིན་ན་ཟེར། ཟེར་དུས་ཙམ་པ་ཁོས་ཉིན་མོ་གཅིག་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཕུད་རུབ་གྲུ་གུ་གཅིག་འཁྱེར་ཕྱིན་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཕུད་རུབ་གྲུ་གུ་ཟེར་ན་ད་ང་ཚོས་སྐུད་པ་ཡོག་བཞག་ཀྱོག་དེ་འདྲས་གཅིག་རྡོག་རྡོག་གཅིག་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་འཁྱེར་བྱས་བྱས་ཁོ་ར་དེའི་རྐང་པ་དེའི་བཏགས་བཞག་བྱས་རྩེ་དེ་དེའི་སོ་སོའི་དེའི་བཏགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོ་གཉིད་ཉལ་བྱས་བསྡད་པ་རེད་ཟེར། ལུག་རྫི་དེ། གཉིད་ཉལ་སྡོད་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    ར་དེ་བསྡད་ཡོག་མ་རེད་ཟེར་ད། ད་ཁོ་གཉིད་བསྡ་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    བསྡད་མེད་ཙང་ཁོས་གྲུ་གུ་དེ་མཐུད་ཀྱིན་མཐུད་ཀྱིན་ཕྱིན་པ་རེད་ཟེར་ད།
  • བཅའ་འདྲི་བྱ་ཡུལ་
    གྲུ་གུ་དེ་ཚུར་རིལ་རིལ་བཟོ་གིན་བཟོ་གིན་ཕྱིན། གྲུ་གུ་དེ་རིལ་རིལ་བཟོས་ཚར་དུས་ཙམ་པ་ཁོ་ར་དེ་བཏགས་བཞག་ཡོག་རེད་པ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ར་དེ་ཨ་ནི་ད་སྨན་བླ་བདེ་བཤེགས་བརྒྱད་ལ་ཡ་འོ་མ་འབུལ་གྱི་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྨན་བླ་དེ་བཤེགས་བརྒྱད་ནམ་མཁའ་ནས་དེའི་བབས་ཡོག་རེད་ཟེར། བྱས་ཙང་ཨ་ནི་ད་དེའི་ར་དེ་བརྙེད་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྨན་བླ་བདེ་གཤེགས་བརྒྱད་ལ་འོ་མ་འབུལ་གྱི་ཡོག་རེད། ཁོ་ཡ་མཚན་དག་ཆོད་བྱས་བྱས་དེ་འི་མཆོངས་ཕྱིན་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་མཆོངས་འགྲོ་དུས་ཙམ་པ་སྨན་བླ་དེ་གས་འདྲོགས་བྱས་བྱས་ཨ་ནི་ནམ་མཁར་
  • བཅའ་འདྲི་བྱ་ཡུལ་
    འཕིར་༼འཕིར།ཁ་སྐད།འཕུར་བའི་དོན།༽པ་རེད་ཟེར། ད་དེ་ལྷ་སྒྲུང་འདྲ་པོ་ར་གཅིག་ཡོག་རེད་ད་། ད་དེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ནམ་མཁའ་ལ་འཕུར་འགྲོ་དུས་ཙམ་པ་ཁོས་ཞ་མོ་པིད་༼པིད།ཁ་སྐད།ཡིག་སྐད་དུ།ཕུད།༽བྱས་འདུག་སེ་གཡུག་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཞ་མོ་དེ་གཡུག་དེས་ཙམ་པ་ཞ་མོ་དེའི་གྲིབ་ནག་ཕོག་སའི་ལྷ་གསུམ་དེ་འཕིར་མ་ཐུབ་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ས་ལ་རང་འཇགས་མར་ལ་བབས་པ་རེད་ཟེར། བྱས་ཙང་དེ་ད་ལྟ་དེ་ཟེར་གྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སྤྱན་གཡས་རིན་ཆེན་ཟླ་བ།རོལ་ཁང་བསྟན་པ་མཚན་ལེགས།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་སྨན་རྒྱལ། འོ་དེ་གས་རེད།༼དེ་གས། ཁ་སྐད། དེ་དག་ཞེས་པའི་དོན།༽
  • བཅའ་འདྲི་བྱ་ཡུལ་
    སྨན་བླ་དེ་གཤེགས་བརྒྱད་ཀྱི་ནང་ནས་གསུམ་པོ་དེ་གས་ཡར་འཕིར་མ་ཐུབ་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོས་ད་དེ་གསུམ་པོ་དེ་གས་ཚུར་ཟིན་བྱས་བྱས་གཅིག་རྒལ་པར་འཁུར། གཅིག་དེའི་བླུགས།
  • བཅའ་འདྲི་བྱ་ཡུལ་
    གཅིག་དེའི་བླུགས་བྱས་བྱས་འཁྱེར་ཡོང་པ་རེད་ཟེར་ད།
  • བཅའ་འདྲི་བྱ་ཡུལ་
    འཁྱེར་ཡོང་དུས་ཙམ་པ་ལུང་པ་དེ་རྫ་རི་སྐུ་བཟང་ནས་མར་བབས་པའི་ལུང་ཤུར་དེའི་སླེབས་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    རོལ་ཁང་ཟེར་ཡས་གཅིག་ཡོག་རེད་ད། གྲོང་ཚོ་གཅིག་ཡོག་རེད། གྲོང་ཚོ་དེའི་སླེབས་དུས་ཙམ་པ་སྐུ་དེ་གས་གསུང་བྱོན་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    རོལ་ཁང་བསྟན་པ་མཚན་ལེགས་ཟེར་ངན་དེས་གསུང་བྱོན་བྱས་བྱས་ད་ང་སྡོད་ས་དེ་དེའི་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    འདིའི་པབ་༼ཁ་སྐད།ཡིག་སྐད་དུ།ཕབ།༽རོགས་གྱིས་གསུངས་པ་རེད་ཟེར། འདིའི་པབ་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ལྷ་ཁང་གཅིག་ཡོག་རེད། རོལ་ཁང་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    སྐུ་ད་གའི་སྤྱི་ཚོགས་རྙིང་པའི་ག་དུས་ཙམ་པ་གྱི་སྐུ་དེ་ལྷ་ཁང་ད་ག་རང་གི་ནང་དུ་བཞག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སྐུ་དེ་དེའི་བཞག་པ་རེད་ཟེར། ད་དེ་ནས་མར་ཡོང་དུས་ཙམ་པ་སྤྱན་གཡས་ལ་སླེབས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    དགོན་པ་གཅིག་ཡོག་རེད་སྤྱན་གཡས་དགོན་པ་ཟེར་མཁན་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་གཏེར་བཏོན་གྲགས་པ་དངོས་ཤེས་ཀྱི་ཕྱག་བཏབ་གནང་པ་དེ་འདྲས་གཅིག་རེད། ལོ་རྒྱུས་རིང་པོ་རེད།
  • བཅའ་འདྲི་བྱ་ཡུལ་
    འོ།ཆིག་སྟོང་བརྒྱ་མེད་བཅུ་གཉིས་ཀྱི་ལོ་དོ་པ་འཁྲུངས་པ་ཡིན་ན་དེ་འདྲས་གཅིག་འཁྲུངས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    གཏེར་འདོན་གྲགས་པ་དངོས་ཤེས་ཟེར། གྲ་ནང་གི་སྐྱེས་བུ་བཅུ་གསུམ་གྱི་གྲས་གཅིག་རེད། བྱས་ཙང་ཁོང་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་ཙམ་པ་སྤྱན་གཡས་དགོན་པར་སླེབས་དུས་ཙམ་པ་ལྷ་དེས་གསུང་བྱོན་བྱས་སྤྱན་གཡས་རིན་ཆེན་ཟླ་བ་དེ་
  • བཅའ་འདྲི་བྱ་ཡུལ་
    གས་གསུང་བྱོན་བྱས་འོ་ད། ང་སྡོད་ས་དེའི་ཡིན་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་ཕབ་ཤོག་ཟེར། སྤྱན་གཡས་རིན་ཆེན་ཟླ་བ་དེའི་པབ་པ་རེད་ཟེར། ད་རོལ་ཁང་།
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་རུ་སྨན་རྒྱལ་ཟེར་དེ་གས་ང་དེ་སྡོད་ས་གཤམ་མ་གའི་ཡིན་ཟེར། མར་ལ་མདའ་ལ་འགྲོ་དགོས་ཡོད་ཟེར་གསུངས་ནས།
  • བཅའ་འདྲི་བྱ་ཡུལ་
    ད་ཁོས་མར་མདའ་ལ་ཕྱིན་བྱས་ད་འམ་བུ་ལྷ་ཁང་གི་གཤམ་དེའི་ལྷ་རུ་ཟེར་ངན་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    གྲོང་ཚོ་གཅིག འོ་དེའི་སྐྱེས་པ་རེད་ཟེར། ལྷ་རུ་སྨན་སྒྱལ་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་སྨན་བླ་བདེ་གཤེགས་བརྒྱད་ནང་ལོགས་ཀྱི་གསུམ་པོ་དེ་གས། སྤྱན་གཡས་རིན་ཆེན་ཟླ་བ།
  • བཅའ་འདྲི་བྱ་ཡུལ་
    རོལ་ཁང་བསྟན་པ་མཚན་ལེགས། ལྷ་རུ་སྨན་རྒྱལ།གསུམ་པོ་དེ་གས།སྐུ་དེ་གས། གསེར་ཟངས་ཀྱི་སྐུ་དེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་གསེར་ཟངས་ཀྱི་སྐུ་རང་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ལྷག་པྲ་དུ་སྤྱན་གཡས་རིན་ཆེན་ཟླ་བ་དེ་ལ་ཡ་ཁོ་ཚོ་ད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་གྲ་པ་བགྲེས་གྲས་ཁག་གཅིག་གས་ཨ་ནི་དེ་གསུང་གིས།
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་དུས་ཙམ་པ།༡༩༦༠ཙམ་གཅིག་དོ་པ་ཡིན་ན་༦༢ཙམ་གཅིག་དོ་པ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    དེ་གྲས་གཅིག་ལ་ཡ་པན་ཆེན་སྐུ་ཐོག་གོང་མ་དེ་གས་སྐུ་གསུང་ཐུགས་བརྟེན་དེ་གས་རྩ་ཆེ་བ་
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁའི་རྒྱ་རྒྱུད་དེ་གས་སྐུ་གསུང་ཐུགས་རྟེན་རྩ་ཆེ་བ་དེ་གས་ལྷ་ས་ལ་ཕར་རུབ་རུབ་བཟོ་གནང་འདུག་ག
  • བཅའ་འདྲི་བྱ་ཡུལ་
    རུབ་རུབ་བཟོ་གནང་པའི་གྲས་ལ་འོ་དེ་ཚོ་། སྐུ་དེ་ཚོ་ཡོངས་རྫོགས་ཕྱིན་པ་རེད་ད།
  • བཅའ་འདྲི་བྱ་ཡུལ་
    ཕྱིན་ནས་ཁག་གཅིག་རྒྱ་ནག་ལ་གཙོ་སྦྱངས་བྱེད་ཀ་བཏང་འདུག་ག
  • བཅའ་འདྲི་བྱ་ཡུལ་
    ད་སན་ཀྲུང་ཆོན་ཧུད༿སན་ཀྲུང་ཆོན་ཧུད།༽རྒྱ་སྐད། བོད་སྐད་དུ། སྐབས་བཅུ་གཅིག་པའི་ཚོགས་ཆེན་གསུམ་པ།༾ཚོགས་པའི་རྗེས་ལ་
  • བཅའ་འདྲི་བྱ་ཡུལ་
    སྐུ་དེ་ད་ཡར་རང་འཇགས་བོད་ལ་ཡ་ཨར་༼ཨར།ཁ་སྐད།སྐབས་འདིར་དབོར་བ་ལ་གོ་ན་འགྲི༽ཡོང་དུས་
  • བཅའ་འདྲི་བྱ་ཡུལ་
    ཙམ་པ་སྐུ་ཁག་གཅིག་རགས་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་སྤྱན་གཡས་རིན་ཆེན་ཟླ་བ་དེ་ཁོ་ཚོ་དགོན་པས་འཚལ་ཀ་ཕྱིན་སོང་སྐབས་དེ་དུས་
  • བཅའ་འདྲི་བྱ་ཡུལ་
    ང་ཆོས་དོན་གྱི་ལས་ཀ་བྱེད་ཀྱི་ཡོད། ངའ་༼ངའ།ཁ་སྐད། ང་ལ་ཞེས་པའི་དོན།༽སྤ་སེ་གཅིག་སྤྲད་རོགས་བྱེད་ཟ།
  • བཅའ་འདྲི་བྱ་ཡུལ་
    ངས་སྤ་སེ་སྤྲ་གོ་ཡིན་ནའི་ཁྱེད་རང་ཚོར་བརྟག་པ་རང་ག་རེ་ཡོད་པས་སེ།
  • བཅའ་འདྲི་བྱ་ཡུལ་
    ཁྱེད་རང་ཚོས་སྐུ་དེ་ངོ་ཤེས་ཀྱི་རེད་པས་བྱས་པས་ནི་ངོ་ཤེས་ཀྱི་རེད་ཟ། ལོ་རྒྱས་ཀྱི་ཐོག་ལ་ག་འདྲས་སེ་ཡོག་རེད་པས་བྱས་པས་ནི།
  • བཅའ་འདྲི་བྱ་ཡུལ་
    ཞབས་འདིའི་ཏིག་ཙམ་བརྡར་བསྡད་ཡོག་རེད་ཟེར། བརྡར་ཡས་ཀྱི་རྒྱུ་ཚན་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཁོ་ལུག་རྫི་དེ་གས་སྒལ་པར་འཁྱེར་ཡོང་པའི་སྐབས་ལ་འཁྱོག་ལ་མ་འཁྱོག་བྱས་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    བརྡར་བྱས་དེ་འདྲས་བྱས་སྐུ་དེ་ཏིག་ཙམ་བརྡར་བསྡད་ཡོག་ཟེར།
  • བཅའ་འདྲི་བྱ་ཡུལ་
    འོ་ད་དེ་འདྲས་ཡིན་པ་ཡིན་ན་ངས་སྤ་སེ་བྲིས་དགོས་སེ་བྱས་བྱས་སྤ་སེ་གཅིག་བྲིས་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    བསྐུར་པ་ཡིན་དེའི་ཞུག་ལ་རགས་མིན་འདུག ཐོག་མར་བྱས་པ་ཡིན་ན་ཁོ་ཚོས་དེ་ལ་ཡོག་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    གཙུག་ལག་ཁང་ལ་འདུག་ཟེར་འདུག་ཟེར་བྱས་བྱས་འདུག་སེ་ཟེར་གྱིས་དེ།
  • བཅའ་འདྲི་བྱ་ཡུལ་
    འདུག་སེ་བྱས་བྱས་རྒྱལ་སྨན་ཟེར་ཡས་དེ་འོ་མིང་དེ་ལྷ་རུ་སྨན་རྒྱལ་དེ།
  • བཅའ་འདྲི་བྱ་ཡུལ་
    སྨན་བླ་དེ་བཤེགས་བརྒྱད་དེ་ནས་བྱུང་པ་ཡིན་ཟེར་བྱས་བྱས་རྒྱལ་སྨན་ཟེར་གྱི་ཡོག་རེད་ལུང་པ་དེའི་ཕུ་ལ་ཡ་འོ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲས་རེད། ཧ།ཧ།
  • བཅའ་འདྲི་བ་
    ཨ་ནི་དེ་འོ་སྤུན་གསུམ་ལ་ཡ་ང་ཚོ་འགོས་ལོ་རྩ་བ་གཞོན་ནུ་དཔལ་འཁྲུངས་པའི་སྐོར་གཅིག
  • བཅའ་འདྲི་བྱ་ཡུལ་
    འོ་ད་དེ་ངས་ཞུ་ཡས་མེད།འགོས་ལོ་ཙ་བ་འགོས་ལོ་ཙ་བ་ཟེར་ཡས་དེ་ངས་ཐོས་མྱོང་ཡོད་དེ་
  • བཅའ་འདྲི་བྱ་ཡུལ་
    དིའི་འཁྲུངས་པ་རེད་ཟེར་གཏན་གཏན་ཤོད་ཡས་མེད། ལའོ།
  • བཅའ་འདྲི་བ་
    ཨ་ནི་ད་དེའི་གཤམ་དེའི་ཁྲི་རལ་པ་ཅན་གྱི་བང་གསོ་ཡོག་རེད་ཟེར་ཡས་དེའི་
  • བཅའ་འདྲི་བ་
    ལོ་གཅིག་ཞིང་ཁ་བཏབ།ལོ་གཅིག་བཞག་བྱེད་ཀྱི་ཡོག་རེད་པ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲས་རེད།
  • བཅའ་འདྲི་བ་
    དེ་ག་འདྲས་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ཆུའི་གནས་ཚུལ་རེད། ལོ་ལྟར་བཏབ་པ་ཡིན་བཞིན་ན་ཆུས་འདང་གི་ཡོག་མ་རེད། ཆུ་བཏང་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་འདིའི་ལུང་ཤུར་འདིའི་ཆུ་དེ།ཨོ་ཧུ།༼ཨོའོ་ཧུད།གློ་བརྒྱབ་པའི་སྒྲ༽གཅིག་པུ་མ་ཤེ་གཞན་དག་བཏང་ཡས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ཁོ་ལོ་གཅིག་བཏབ་ལོ་གཅིག་མ་བཏབ་པའི་རྒྱུ་མཚན་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ལོ་གཅིག་རིང་གར་ཆུ་བརྒྱངས་བཞག་གི་རེད། དབྱར་ཁ་དབྱར་སྒང་ཆུ་བརྒྱངས་བཞག་གི་རེད།
  • བཅའ་འདྲི་བྱ་ཡུལ་
    སྟོན་ཀ་ཆུ་བརྒྱངས་བཞག་གི་རེད། དགུན་ཁ་ཆུ་ཐེངས་མ་གཅིག་བརྒྱངས་གི་རེད།
  • བཅའ་འདྲི་བྱ་ཡུལ་
    གནམ་གྲང་དོག་དེར།བྱས་ཙང་དབྱར་ཁའི་སྐབས་ལོ་ཞུག་མ་དེར་ཨ་ནི་གཅིག་
  • བཅའ་འདྲི་བྱ་ཡུལ་
    བཏབ་ཚར་པ་ཡིན་ན་སྟོན་ཁ་མ་སྡུད་བར་དུ་ཆུ་ཡི་བཏང་གོ་མ་རེད། ལུད་ཡི་བརྒྱབ་གོ་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ག་གའི་བྱེད་དགོས་མ་རེད། འོ་འདུག་སེ་བྱས་བྱས་ད་རེས་མོས་བྱས་བྱས་བཏབ་བྱས་དེ་འདྲས་བྱེད་ཀྱི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་སྐབས་ལ་ཡིན་ན་ད་དབྱར་ཁ་ཆུ་བརྒྱངས་ཙང་དེའི་ནང་ལ་ས་མང་པོ་ཞིག་ཁེངས་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་བང་གསོ་དེ་མར་ཚུད་བྱས་རྣང་མ་ཚོ་མར་བཅུད་གནང་པའི་སྐབས་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཞོགས་གཡོན་ངོགས་དེའི་ཞིང་ཁའི་སྒང་དེའི་མཐོང་གི་རེད་ཟེར། ད་ཐོག་རྩེ་གཅིག་ཙམ་གཅིག་བསྡད་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    མ་གཞི་བྱས་པ་ཡིན་ན་སྲོང་བཙན་བང་གསོ་དེ་ཚོ་དང་ཆ་ཡོག་རེད་ད། དེ་ད་ལྟ་དེ་ཞེ་དྲག་གི་མཐོ་པོ་བསྡད་ཡོག་མ་རེད།
  • བཅའ་འདྲི་བ་
    ཨ་ནི་དེའི་སྒང་དེའི་ཁང་པ་དམར་པོ་དེ་རྒྱ་ག་ཡས་གང་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཁང་པ་དམར་པོ་དེ་ད་དམངས་ཁྲོད་ཀྱི་དེ་རགས་པོ་བྱས་པ་ཡིན་ན་དེ་འདྲས་གཅིག་ཟེར་ཡས་འདུག་ག
  • བཅའ་འདྲི་བྱ་ཡུལ་
    ག་རེ་ཟེར་དགོས་རེད་ད། རྒྱལ་བ་ག་གའི་དུས་ལ་རེད་པས། ཚངས་དབྱངས་རྒྱ་མཚོའི་དུས་ལ་རེད་པས།
  • བཅའ་འདྲི་བྱ་ཡུལ་
    ཚངས་དབྱངས་རྒྱ་མཚོའི་དུས་ལ་ད་གཅིག་དེ་རགས་པོ་མང་པོ་ཡོག་རེད་པ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེར་ཨ་ཅེ་ཡོད་ཟེར་ཡས་རགས་གཅིག་འོ་དེ་འདྲས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    རིགས་ལ་ཡ་ཁང་པ་དམར་པོ་བཟོ་གི་ཡོད་ཟེར་ཡས་རགས་གཅིག
  • བཅའ་འདྲི་བྱ་ཡུལ་
    ངག་རྒྱུན་ལ་དེ་འདྲས་སེ་བཤད་ཀྱིས་མ་ཤེ་ད་དེ་དེབ་དང་དེ་འདྲས་ཀྱི་ཐོག་ལ་ང་གའི་ཞུ་ཡས་མེད། ལགས་སེ།
  • བཅའ་འདྲི་བ་
    ང་ཚོའི་ལུང་པ་དེའི་ནང་ལ་ཡ་ཆུ་དེ་ཡག་པོ་ཡོད་ན་མེད་ན།
  • བཅའ་འདྲི་བྱ་ཡུལ་
    ཆུ་ཡག་པོ་ཞེ་དྲག་ཡོག་རེད་ད། འཐུང་ཆུའི་ཚོད་དེ་ཡག་པོ་ཡོག་རེད། ཆུ་རང་དེ་ད་དེ་འདྲས་དེ་བྱེད་པོ་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཨེའི།རྫིང་ཁོ་རང་ལ་ཆུ་རྫིང་ཆུང་ཆུང་དེ་འདྲས་བཟོས་བྱས་ཨ་ནི་དཀྱིལ་བྱས་བཏང་རྒྱུ་མ་གཏོགས་པས་
  • བཅའ་འདྲི་བྱ་ཡུལ་
    ཆུ་རྦད་དེ་འགན་སྲུང་ཐུབ་པ་དེ་འདྲས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཐན་པ་གཅིག་བཏང་ཡོང་དུས་ཙམ་པ་ཨ་ནི་ཞིང་ཁ་མང་པོ་གཅིག་འཚིག་འགྲོ་ཡས་དང་དེ་འདྲས་ཆགས་འགྲོ་གི་རེད། འོ།
  • བཅའ་འདྲི་བྱ་ཡུལ་
    འཐུང་ཆུའི་ཚོད་དེ་རྩེ་གྲ་ཡོག་རེད། ད་དེ་ཡང་ལོ་རྒྱུས་དེ་འདྲས་སེ་བཤད་ཡས་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་འོ་འདིའི་ཁྱིམ་ཚང་གི་སྒང་དེར་ཡ་དེ་གཅིག་འདུག་ག་ཆུ་གཅིག་འདུག་ག་ཆུ་མིག་གཅིག་འདུག་ག
  • བཅའ་འདྲི་བྱ་ཡུལ་
    ཆུ་མིག་དེ་ད་ཨ་ནི་ད་དེ་ནས་ཕར་ད་ལ་ག་རུ་༼ག་རུ།ཁ་སྐད། སྐབས་འདིར་མང་པོའི་དོན།༽གཅིག་རྒྱག་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    གཡའ་བཟང་ཟེར་ངན་གཅིག་ཡོག་རེད་ད། དགོན་པ་གཅིག་གཡའ་བཟང་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་བ་གཡའ་བཟང་པ་བྱས་ད་བཀའ་རྒྱུད་པའི་དགོན་པ་དེ་འདྲས་གཅིག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་ད་ཁོ་ཚོ་གཙོ་བོ་ར་དེ་དེ་རེད། བཟབ་བཅོས་བྱེད་ཡས་དེ། རྒྱལ་བ་གཡའ་བཟང་པ།བཟབ་བཅོས་བྱེད་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོ་ཚོས་དེང་སང་ཡི་བཟབ་བཅོས་དེ་འདྲས་སེ་བྱེད་ཀྱི་ཡོག་རེད། བྱས་ཙང་ཕ་གའི་ཡ་ལྷ་མོ་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་དེ་སྔ་མ་ཡིན་ན་དམར་གདུང་ཁོ་ར་ཡོག་རེད་ཟེར་གྱིས། སྤྱི་ཚོགས་རྙིང་པའི་སྐབས་ལ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    འོ།གཡའ་བཟང་ལྷ་མོ་ཟེར་བྱས་བྱས་སྐུ་དམར་གདུང་ཁོ་ར་ཡོག་རེད་ཟེར་གྱིས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེ་འཇིགས་མེད་གླིང་པ་དང་ཕར་ཚུར་ངོ་ཤེས་རགས་པོ་དེ་འདྲས་བྱུང་བྱས་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    འཇིགས་མེད་གླིང་པ་ལ་ཡ་ཆུ་ཨ་ནི་ད་ཆུ་དེ་ཕུལ་པ་རེད་ཟེར་ད། གཡའ་བཟང་ལྷ་མོས་ཕུལ་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    འཇིགས་མེད་གླིང་པས་ཨ་ནི་ད་གཡའ་བཟང་ནས་
  • བཅའ་འདྲི་བྱ་ཡུལ་
    ཚུར་སྐུ་ཟན་དེ་དྲད་༼དྲད།ཁ་སྐད།སྐབས་འདིར་དྲུད་ཡོང་བའི་དོན།༽ཕེབས་པ་རེད་ཟེར་ད།
  • བཅའ་འདྲི་བྱ་ཡུལ་
    སྐུ་ཟན་དེ་དྲད་ཕེབས་བྱས་བྱས་ཨ་ནི་ཆུ་དེ་དེ་ནས་དོན་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཆུ་འདིེ་ཨ་ནི་གྲམ་པའི་དཀྱིལ་དེ་ནས་ཡར་ཆུ་རྙོག་མ་ག་ཚད་ཆགས་ནའི་རུ།
  • བཅའ་འདྲི་བྱ་ཡུལ་
    ཆུ་རྙོག་པ་འདྲ་ག་ཚད་ཆགས་ནའི་རུ་ཁོ་ལ་ཡ་རྙོག་ཡས་ཁྱོན་ནའི་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཆུ་དེ་འབྲེལ་བ་མེད་པའི་བཟོ་རང་གཅིག་དེ་འདྲས་གཅིག་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    སྔོན་ཨ་ནི་དྲུག་བཅུ་རེ་ལྔའི་ལོ་དེ་འོ་ཞོགས་ཕར་ན་དེའི་ས་གདོང་ཆེན་པོ་གཅིག་དྲུད་པ་རེད་ད།
  • བཅའ་འདྲི་བྱ་ཡུལ་
    གྲོག་ཁ་དེའི་གཞུང་ལ་ཆུ་མེད་འགྲོ་བསམ་པ། ཁྱོན་ནའི་ཡ་དོན་ཡས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཐོག་རྩེ་གསུམ་བཞི་དྲུད་ནའི་རུ་ཆུ་དོན་ཡས་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་ར་ཁོ་ར་ཡང་རྡོ་གྲོམ་ར་གཅིག་བྱས་བྱས་ཡི་ནས་མར་ཐོག་རྩེ་གཅིག་ཙམ་གཅིག་གཤམ་ལ་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཕལ་ཆེར་ཀུང་ཁྲེ་གསུམ་མ་ཟིན་ཙམ་ཅིག་གཤམ་ལ་ཡིན་ན་རྡོ་གྲོམ་རག་གཅིག་བྱས་བྱས་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    དེའི་ནང་ནས་མར་དོན་ཡོང་གི་ཡོག་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དྲུག་བཅུ་རེ་གྲངས་དོ་པ་གཅིག་ལ་ཆུ་ཏིག་ཙམ་སྐྱོ་རུ་ཕྱིན་བྱས་བྱས་སྔོག་པ་རེད་ཟེར་གྱིས།
  • བཅའ་འདྲི་བྱ་ཡུལ་
    ད་ཆུ་དེ་སྔོག་པའི་སྐབས་ལ་ཡིན་ན་དེའི་ནང་ནས་ཟངས་ཀྱི་ཉ་ཆེན་པོ་གཉིས་དོན་སོང་།
  • བཅའ་འདྲི་བྱ་ཡུལ་
    ཟངས་དམར་པོའི་ཉ་ཆེན་པོ་གཉིས།མ་གཏོགས་པའི་ཆུ་དེའི་རྒྱུད་ལ་ཡ་ཉ་ཟེར་དེ་གཅིག་ཡི་ཡོག་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཉ་མཐོང་ཡས་ཁོ་ར་ཡོག་མ་རེད། ཆུ་དེ་རྒྱུན་དུ་ཁོ་ར་དབྱར་དགུན་མེད་པར་ད་ག་བསྡད་ཀྱི་རེད་དེ་ཁྱོན་དེ་ཡོག་མ་རེད། ཉ།
  • བཅའ་འདྲི་བྱ་ཡུལ་
    ཉ་ཟེར་དེ་ཁྱོན་ནའི་ཡོག་མ་རེད། ད་སྐབས་དེ་དུས་ཙམ་པ་ཡང་ཟངས་ཀྱི་ཉ་གཉིས་དོན་སོང་དེའི།
  • བཅའ་འདྲི་བྱ་ཡུལ་
    དེ་ཐོག་མར་ཕར་གཅིག་ཁོའི་ག་རེད་ཟེར་དགོས་རེད་ད།
  • བཅའ་འདྲི་བྱ་ཡུལ་
    གཏེར་རགས་གཅིག་ལ་ཕར་སྦས་པ་ཡིན་པ་ན། དེ་འདྲས་གཅིག་ཡིན་གྱི་རེད།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་འདྲས་གཅིག་གཉིས་དོན་སོང་མ་གཏོགས་པའི་གཞན་དག་གི་གའི་མིན་འདུག་ཆུ་དེ་
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སེ་བྱས་བྱས་བྱུང་པ་རེད་ཟེར་གྱི་ཡོག་རེད་ད།
  • བཅའ་འདྲི་བྱ་ཡུལ་
    འོ་སྤྱིར་བཏང་བྱས་པ་ཡིན་ན་ཆར་ཞོད་མང་པོ་ཞིག་འཛོམས་པའི་སྐབས་ལ་ཡིན་ན་ཏིག་ཙམ་
  • བཅའ་འདྲི་བྱ་ཡུལ་
    ཆེ་རུ་འགྲོ་གོ་རེད་མ་གཏོགས་པའི་ཤེ་ན་ཆེ་ཆུང་ལའི་དབྱེ་བ་ཡོག་མ་རེད་ལ།
  • བཅའ་འདྲི་བྱ་ཡུལ་
    དང་གི་ཆུ་དེ་རྙོག་མ་ཤར་ནའི་ཁོ་རྙོག་ཡས་ཡོག་མ་རེད།