Video Overview
༉ བཀྲ་ཤིས་སྒང་དགའ་གླིང་ལུ་ གཡུས་མི་ཚུ་གིས་ བཀའ་འགྱུར་པོ་ཏི་ཚུ་འབག་སྦེ་གཡུས་བཤལ་རྐྱབ་སྟེ་ཆོས་འཁོར་བསྐོརཝ་ཨིན་མས། དེ་སྦེ་གཡུས་བཤལ་རྐྱབ་སྟེ་ཆོས་འཁོར་བསྐོར་དགོ་མི་དེ་ཡང་ ཆར་ཆུ་དུས་སུ་བབས་ ལོ་ཕྱུགས་རྟག་ཏུ་ལེགས་ནི་གི་དོན་ལུ་སྦེ་ ལོ་གཅིག་གི་རིང་ཚར་གཉིས་རེ་ཆོས་འཁོར་བསྐོར་དོ་ཡོདཔ་ད་ པོ་ཏི་༡༠༨ འབད་མི་བཀའ་འགྱུར་གྱི་གླེགས་ཤིང་དེ་ཡང་ བོད་ཙཱ་རི་ལས་འབག་འོང་འོངམ་ཨིནམ་སྦེ་སླབ་ཨིན་མས། འ་ནི་བཀའ་འགྱུར་དེ་ ཧེ་མ་འབད་བ་ཅིན་ དགའ་གླིང་ལྷ་ཁང་ནང་བཞག་དོ་ཡོདཔ་ཨིན་རུང་ ཤུལ་ལས་དྲག་ཤོས་བསྟན་འཛིན་རྡོ་རྗེ་བཤགས་མི་གི་ཁྱིམ་ནང་བཞག་སྟེ་ཡོདཔ་ཨིན་པས།
- Galing