Skip to main content Skip to search
08 Feb 2016
6 min 4 sec
Video Overview
Creators: 
Penchela, Pema

༉ ཅི་ལི་ཅི་ལི་ཟེར་ བྱིའུ་ཅུང་ཅིག་སྐད་རྐྱབ་པའི་སྒྲ་གདངས་ཅིག་ཨིན་མས། ཚིག་གཞན་མི་ཚུ་འབད་བ་ཅིན་ གཅིག་གིས་གཅིག་ལུ་ དྲི་བ་དྲིས་ལན་འབད་བའི་ཚིག་ཚུ་འཐོན་ནི་འདུག ཅི་ལི་ཅི་ལིའི་གླུ་གཞས་འདི་ རྩི་རང་དྭངས་རས་ལས་ སྒྱུབ་རྒྱུར་གྱིས་འཐེན་ཏེ་འདུག གླུ་གཞས་འདི་ གཡུས་ཁ་ལས་ཕར་ ལོ་མཆོད་དང་ཚེས་བཅུ་རེ་འབད་བའི་སྐབས་ མི་འཛོམས་ས་ལུ་ དགད་བྲོའི་ཐོག་ལས་ མི་རེ་རེ་གཉིས་གཉིས་ཀྱིས་ ཨ་ཙི་རེ་འཐེནམ་མ་གཏོགས་ སྒོར་སྒོརམ་འབད་དང་ ཡངན་གཞུང་སྒྲ་བཟུམ་སྦེ་ཡང་འཐེན་སྲོལ་ཅིག་མེདཔ་ཨིན།

In this video, Drubjor from Dangreygang Tsirang District sings “Chili,” a song that resembles the singing of a bird. This song is normally sung in local festivals and annual rituals as form of entertainment for the crowd. It can accompany a dance that is performed in a circle. Sometimes this song is sung as zhungdra as well.

Transcript search
No results found for this search
0 of 0
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །བ་དང་ཕ་བ་ས་བཞེངས་དགོ་ལོ། །ཅི་ལི་ ཅི་ལི་ ཅི་ལི། །ཅི་ལི་ ཅི་ལི་ ཅི་ལི། །ཁྱོད་ཤོག་སྒྲོ་གཡས་པ་ཤར་ལས་བཏོན་མི་འདི། །ཁྱོད་དགའ་ན་དགའ་བའི་དཔྱལཝ་(དཔྱེ)སྨོ། །ངན་ན་ངན་པའིདཔྱལཝ་(དཔྱེ)སྨོ། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, Chili chili chili, Your right wing, which is shown towards the east, is the example of you being happy and sad, ཅི་ལི་ ཅི་ལི་ ཅི་ལི། །
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ང་ཤོག་སྒྲོ་གཡས་པ་ཤར་ལས་བཏོན་མི་འདི། །ང་དགའ་ན་དགའ་བའིདཔྱེ་་ཡང་མིན། ། ངན་ན་ངན་པའི་དཔྱེ་ཡང་མིན། །ཤར་གྱི་ཁྲི་གདུགས་ཉི་མ་ཞུ་བའི་དཔེ་ཅིག་ཨིན། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, My right wing, which shown towards the east is neither part of happiness nor part of bad omen but it is the signal that sun always rose from the east. Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ཁྱོད་ཤོག་སྒྲོ་གཡོན་པ་ནུབ་ལུ་བཏོན་མི་འདི། །ཁྱོད་དགའ་ན་དགའ་བའི་དཔྱེ་སྨོ། །ངན་ན་ངན་པའི་དཔྱེ་སྨོ། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, Yours left wing, which is shown towards the north, is your happiness if you like it and even if it is bad it is your, chele chele chele.
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ང་ཤོག་སྒྲོ་གཡོན་པ་ནུབ་ལུ་བཏོན་མི་འདི། །ང་དགའ་ན་དགའ་བའིདཔྱེ་ཡང་མིན། ། ངན་ན་ངན་པའི་ཡང་མིན། །ནུབ་ཀྱི་བསིལ་བསིལ་ཟླ་བ་ཞུ་བའི་དཔེ་ཅིག་ཨིན། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, The left wing of mine which was shown to the west is neither sign of me being happy nor sing for bad but its indicates that moon resides in the west. Chele chele chele.
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ཁྱོད་མགུ་ཏོག་བོད་ལུ་བཏོན་མི་འདི། །ཁྱོད་དགའ་ན་དགའ་བའི་དཔྱེ་སྨོ། །ངན་ན་ངན་པའི་དཔྱེ་་སྨོ། །ཅི་ལི ཅི་ལི་ ཅི་ལི། །
    Chili chili chili, The head that you have shown towards the Tibet (north) is you’re if you like it and it yours even if it is shows bad its yours. Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ང་མགུ་ཏོག་བོད་ལུ་བཏོན་མི་འདི། །ང་དགའ་ན་དགའ་བའི་དཔྱེ་ཡང་མིན། ། ངན་ན་ངན་པའི་དཔྱེ་ཡང་མིན། །བོད་ཀྱི་དམ་པའི་ལྷ་ཆོས་ཞུ་བའི་དཔྱེ་ཅིག་ཨིན། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, My head that, I have shown towards the Tibet, its neither good sign, nor bad omen, but it is a signal of welcoming dharma from the north. Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ཁྱོད་འཇུགམ་ནུབ་་་་རྒྱ་ལུ་བཏོན་མི་འདི། །ཁྱོད་དགའ་ན་དགའ་བའི་དཔྱེ་སྨོ། །ངན་ན་ངན་པའི༌དཔྱེ༌༌སྨོ། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, The tail of yours shown towards the India (south) is the example of either happy or bad, Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ང་མཇུགམ་རྒྱ་ལུ་བཏོན་མི་འདི། །ང་དགའ་ན་དགའ་བའི་དཔྱེ་ཡང་མིན། །ངན་ན་ངན་པའི་དཔྱེ་ཡང་མིན། ། རྒྱ་ལས་ནོར་ཟས་ཞུ་བའི་དཔེ་ཅིག་ཨིན། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, The tail, which I have shown towards the India is neither sign of me being happy and nor I am sad but it is the signal of summoning gem from south. Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ཁྱོད་མཆོ་ཏོ་གནམ་ཁ་ལྷོང་མི་འདི། །ཁྱོད་དགའ་ན་དགའ་བའི་དཔྱེ་སྨོ། །ངན་ན་ངན་པའི་དཔྱེ་སྨོ། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, The beak of yours, which is pointed towards the sky, is example for either you are happy or sad, Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ང་མཆོ་ཏོ་གནམ་ཁ་ལྷོང་མི་འདི། །ང་དགའ་ན་དགའ་བའི་དཔྱེ་མིན། །ངན་ན་ངན་པའི་དཔྱེ་མིན། ། ཆར་པ་དུས་སུ་ཞུ་བའི་དཔྱེ་ཅིག་ཨིན། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, Beak of mine pointed towards the sky is neither the example of me being happy and nor example of me being sad rather it was symbolism of welcoming rain from the sky, Chili chili chili, Chili chili chili,
  • Drubjor གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། ཁྱོད་རྐངམ་ས་ལ་བཙུགས་མི་འདི། །ཁྱོད་དགའ་ན་དགའ་བའི་དཔྱེ་སྨོ། །ངན་ན་ངན་མི་དཔྱེ་སྨོ། །ཅི་ལི་ ཅི་ལི་ ཅི་ལི། །
    Chili chili chili, Your legs placed it on the soil is the example for both when you are happy as well as sad. Chili chili chili,
  • གྲུབ་འགྱུརེ
    ཅི་ལི་ ཅི་ལི་ ཅི་ལི། །ང་རྐངམ་ས་ལ་བཙུགས་མི་འདི། །ང་དགའ་ན་དགའ་བའི་དཔྱེ་མིན། །ངན་ན་ངན་པའི་དཔྱེ་མིན། །ལོ་ཐོག་རྟག་ཏུ་ཞུ་བའི་དཔེ་ཅིག་ཨིན། །ཅི་ལི་ ཅི་ལི་ ཅི་ལི། །
    ལགས་སོ་ལགས།