Video Overview
འདི་ནི་བྱིས་པ་ཞིག་སྤྱང་ཀིས་ཟ་བར་རྩོམ་སྐབས་རི་བོང་གིས་ཁོ་ལ་བློ་བསླབས་ནས་བསྐྱབས་པའི་གཏམ་རྒྱུད་ཅིག་ཡིན།
- མགོན་པོ་བདེ་ལེགས།གནའ་ཞིག་ལ།
- ལུང་བ་ཞིག་གི་མདོ་ཁ་ན་རྒན་མོ་མ་བུ་གཉིས་ཡོད།
- རྒན་མོ་མ་བུ་གཉིས་ཀྱི་ཡན་ཆད་ན།
- ནགས་ཅན་གྱི་ལུང་བ་ཞིག་ཡོད་པ་དེའི་ནང་དུ་སོང་ནས།
- འབུ་ཤིང་བཏུས་ནས་བསྡད་དེ།
- དེ་ལྟར་གཉིས་ཀས་འཚོ་བ་རོལ་ནས་བསྡད།
- དེ་ནས་གློ་བུར་དུ་བུ་དེའི་ཨ་མར་ནད་ལྕི་མོ་ཞིག་བྱུང་ནས་ཤི་སོང་།
- དེ་ནས་དེ་རྗེས་ནས་བུ་ཆུང་དེ་གཅིག་པོ།
- ནགས་གསེང་དེར་ནགས་འཐུ་རུ་སོང་ནས།
- ཡང་བསྐྱར་སྔར་བཞིན་འཚོ་བ་དེ་མི་རོལ་ཐབས་མེད་བྱུང་བ་རེད།
- དེ་ནས་བུ་དེ་ཉིན་ཞིག་ལ།
- ཁྱ་མ་འཐུ་རུ་ཤིང་གཅོད་ཀྱི་སྟ་རེ་བཟུང་ནས།
- ཡར་ནགས་གསེང་གྱེན་ན་ཡར་སོང་དུས།
- གློ་བུར་དུ་སྤྱང་ཀི་ཞིག་སྔོན་ནས་ཐོན་པ་རེད།
- ཡ་བྱིས་པ་ཁྱོད་གང་ལ་འགྲོ་བ་ཡིན།
- ཁོས་འདི་ནས་ཤ་མ་ཟོས་ཁྲག་མ་འཐུང་བར།
- ཁོ་སྤྱང་ཀི་ནགས་གསེང་འདི་ནས་ཉིན་མང་པོ་ཞིག་འགོར་སོང་།
- ངོ་མ་ལྟོགས་པ་ཞིག་རེད།
- དེ་རིང་ཁྱོད་ཐོན་པ་རེད།
- ཁོས་ཁྱོད་ཟ་རྒྱུ་ཡིན་ཟེར།
- དེ་ལྟར་བཤད་དུས་བྱིས་པ་དེ་སྐྲག་སྣང་སྐྱེས་ནས།
- ཕྱིར་འཁོར་ནས་གོམ་པ་གསུམ་བསྣུར་ནས།
- ཨ་ཁུ་སྤྱང་ཀི་ཁྱོད་ཀྱིས་ང་མ་ཟ།
- ཁྱོད་ཀྱིས་ང་དེ་རིང་མ་ཟ།
- དེ་རིང་ངས་ཅི་ཡང་འཐུང་མེད།
- ང་ཕྱིར་སོང་ནས་།
- ཡུལ་ནས་ཟ་མ་རྒྱགས་པ་ཞིག་འཐུང་ནས་སང་ཉིན་ཡོང་ན།
- ང་ལ་ཤ་དྲོན་མོ་ཞིག་དང་ཁྲག་ཚ་བོ་མང་པོ་ཞིག་འཐུང་རྒྱུ་ཡོད་པ་རེད།
- དེ་རིང་ང་ལྟོགས་ནས་བསྡད་ཡོད་པས།
- ཤ་མང་པོ་ཞིག་ཟ་རྒྱུ་ཡོད་ན་ཡང་།
- ཁྲག་མང་པོ་ཞིག་འཐུང་རྒྱུ་ཡོད་པ་མ་རེད་ཟེར།
- དེ་ལྟར་བཤད་དུས་སྤྱང་ཀི་དེས།
- ཡ་ཁྱོད་ཀྱིས་བཤད་པ་བདེན་མོད།
- ཁྱོད་དེ་རིང་མ་ཟོས་པར་འགྲོ་རུ་བཅུག་ན།
- ཁྱོད་སང་ཉིན་ཡོང་ན་ངས་ཁྱོད་ལ་ཅི་ལྟར་བཤད་དགོས་ཟེར།
- དེ་ལྟར་བཤད་དུས་བྱིས་པ་དེས།
- ཁོང་ཚང་ལུང་བ་འདིའི་མདོ་ཁ་ན།
- མཐོང་ནས་འདུག་པའི་ཁང་བ་གན་རེད།
- ང་སང་ཉིན་འདིར་མ་ཐོན་ན།
- ཁྱོད་སང་ཉིན་གན་ན་ཤོག་དང་།
- ཁང་བ་གན་གི་ནང་ནས་ཁོ་བཙལ་ནས་ཟོས་ན་ཆོག་ཟེར།
- དེ་ནས་ཨ་ཁུ་སྤྱང་ཀི་ཡིས།
- ཡ་དེ་ན་བདེན་པ་རེད།
- དེ་ན་ཁྱོད་བུད་སོང་ན་སང་ཉིན་ཕྱིར་ཡོང་དགོས་ཨ་རོད།
- སང་ཉིན་མ་ཡོང་ན་ངས་ཁྱོད་བཙལ་ནས་ཟ་རྒྱུ་ཟེར།
- དེ་ལྟར་བཤད་ནས་བྱིས་པ་དེས་ཡོང་ངེས་ཞེས།
- མནའ་ཞིག་བསྐྱལ་ནས་བྱིས་པ་དེ་མར་བུད་སོང་།
- དེ་ནས་བྱིས་པ་དེས་ཁྱ་མ་ཉུང་ངུ་ཞིག་བཏུས་ནས།
- སང་ཉིན་ཨ་ཁུ་སྤྱང་ཀི་ཡིས་ཟ་དགོས་འདོད་ནས།
- སེམས་སྡུག་ནས་མར་ངུ་ཞོར་དུ་ཡོང་།
- དེ་ནས་ལམ་ཁ་དེ་ནས་རི་བོང་ཆུང་ཆུང་ཞིག་གིས།
- ཡ་གྲོགས་པོ་ཆུང་ཆུང་།
- ཁྱོད་ཅི་ཞིག་ལ་ངུ་བ་ཡིན།
- ཁྱོད་གང་ལ་འགྲོ་བ་ཡིན་ཞེས་དྲིས།
- དེ་ལྟར་དྲིས་དུས་བྱིས་པ་དེས་རི་བོང་དེར།
- ཁོ་ཁྱ་མ་འཐུ་རུ་ནགས་གསེང་ལ་སོང་ནས།
- ཨ་ཁུ་སྤྱང་ཀི་དང་འཕྲད་ཚུལ།
- དེ་ནས་ཟ་རྒྱུ་ཡིན་ཚུལ།
- དེ་ནས་སང་ཉིན་ཁོ་ཕྱིར་ཡོང་ནས།
- ཟ་རུ་འཇུག་པ་ཟེར་ནས་ཁས་བླངས་ཚུལ།
- མནའ་བསྐྱལ་ཚུལ་གྱི་རྒྱུ་མཚན་དེ་ཁ་ཚང་ལ་བཤད་པ་རེད།
- དེ་ནས་རི་བོང་དེས་ཡ་ཁྱོད་མ་ངུ་།
- ཁྱོད་མ་ངུ་བར་ངེད་གཉིས་མཉམ་དུ་ཁྱེད་ཚང་ལ་འགྲོ།
- ངས་ཁྱོད་ལ་ཐབས་ཤིག་བཙལ་ཟེར།
- དེ་ལྟར་བཤད་ནས་བྱིས་པ་དེ་དང་།
- རི་བོང་དེ་གཉིས་ཀ་མཉམ་དུ་བྱིས་པ་དེའི་ཁྱིམ་ལ་སོང་།
- བྱིས་པ་དེའི་ཁྱིམ་ལ་སོང་ནས།
- རི་བོང་དེས་ཁོ་ཡི་འབུད་ཤིང་གི་ནང་ནས།
- ཤིང་དྲང་མོ་ཞིག་གིས་མེ་མདའ་བཟོས་ནས།
- བྱིས་པ་དེའི་སྐེ་རགས་ཀྱི་འདབས་ནས།
- ཕྲ་མོ་ཞིག་བཤགས་ནས་མེ་མདའི་ལོང་བུ་བཟོས་ནས།
- གཉིས་ཀས་ཟ་མ་རྒྱགས་པ་ཞིག་འཐུང་ནས་དགོང་མོ་གཉིད་པ་རེད།
- དེ་ནས་ཕྱིའི་ནངས་མོར་ཕྱིར་འཁོར་ནས་བྱིས་པ་དེ་འགྲོ་དུས།
- རི་བོང་གིས་ཁོ་ཕ་རོལ་སྒང་གྱེན་ལ་ཡོང་།
- ཁྱོད་སྤྱང་ཀི་ཡི་གམ་དུ་ཐོན་དུས།
- ངས་ཀུ་ཞིག་འདེབས།
- དེ་ནས་སྤྱང་ཀི་ཡིས་གན་སུ་རེད་ཟེར་ན།
- ཁྱོད་ཀྱིས་ཨ་ཁུ་རྒྱལ་བོ་ཚང་གི་རྔོན་པ་རེད་ཅེས་དེ་ལྟར་ཤོད་ཟེར།
- དེ་ནས་གཉིས་ཀས་ཐབས་དེ་བཙལ་ནས།
- བྱིས་པ་དེ་དྲང་མོར་ཁ་སང་གི་གནས་དེར།
- ཨ་ཁུ་སྤྱང་ཀི་ཡོད་སར་བུད་སོང་།
- དེ་ནས་ཨ་ཁུ་སྤྱང་ཀི་ཡོད་སར་ཐོན་དུས།
- ཨ་ཁུ་སྤྱང་ཀི་ཡིས་ཡ་བྱིས་པ་ཁྱོད་ཐོན་པ་རེད་ལ།
- ཁྱོད་བྱིས་པ་ཆུང་ཆུང་ཞིག་གིས།
- ཁྱོད་ཀྱིས་རྫུན་མི་བཤད་པ་རེད།
- མགོ་མི་གཡོགས་པ་རེད།
- ཡ་དེ་རིང་ཁྱོད་ཤ་ཚ་བོ་དང་།
- ཁྲག་དྲོན་མོ་མང་པོ་ཞིག་འཐུང་རྒྱུ་ཡོད་པ་རེད་ལ།
- དེ་རིང་ངས་ཁྱོད་ཟ་དགོས་པ་རེད་ལ་ཟེར་དུས།
- རི་བོང་གིས་ཕ་རོལ་གྱི་སྒང་ནས་ཀུ་ཞིག་བཏབ།
- དེ་ནས་སྤྱང་ཀི་སྐྲག་སྣང་སྐྱེས་ནས།
- ཨ་རོད་གན་ཅི་ཞིག་རེད་ཟེར།
- དེ་ལྟར་བཤད་དུས་བྱིས་པ་དེས་མ་འགྲིག་ཐལ་མ་འགྲིག་ཐལ།
- ཨ་ཁུ་རྒྱལ་བོ་ཚང་གིས་རྔོན་པ་ཐོན་པ་རེད་ཟེར།
- རི་བོང་གིས་ཕ་རོལ་སྒང་ནས་ཀུ་བཏབ་ནས།
- ཨ་རོད་བྱིས་པ་་་ཁྱོད་ཀྱི་གམ་ན་ཡོད་པ་དེ་ཅི་རེད་ཟེར།
- དེ་ལྟར་བཤད་དུས་སྤྱང་ཀི་ཡིས་ཤིང་གཏུམ་ཞིག་རེད།
- ཤིང་གཏུམ་ཞིག་རེད་ཅེས་དེ་ལྟར་ཤོད་ཟེར།
- དེ་ལྟར་བཤད་དུས་བྱིས་པ་དེས་ཇི་མ་ཇི་བཞིན་དུ།
- ཀུ་བཏབ་ནས་ཤིང་གཏུམ་ཞིག་རེད་ཅེས་དེ་ལྟར་བཤད་དུས།
- རི་བོང་གིས་ཨ་རོད་ཤིང་གཏུམ་ཞིག་མ་རེད་པ།
- ཡིན་ན་ཁྱོད་ཀྱིས་དེའི་མགོར་སྟ་རེ་ཡིས་རྒྱོབ་དང་ཟེར།
- དེ་ནས་ཨ་ཁུ་སྤྱང་ཀི་སྐྲག་སྣང་སྐྱེས་ནས་དལ་མོ་བྱས་ནས་རྒྱོབ།
- དལ་མོ་བྱས་ནས་རྒྱོབ་ཟེར།
- དེ་ནས་ཡ་ཡ་ཟེར་ནས།
- བྱིས་པ་དེས་ཨ་ཁུ་སྤྱང་ཀི་ཡི་མགོར།
- དལ་མོར་སྟ་རེ་ཡིས་བརྒྱབ་ནས།
- རི་བོང་གིས་ཡང་ཕ་རོལ་སྒང་ནས་ཀུ་བཏབ་ནས།
- ཨ་རོད་དེ་ཤིང་གཏུམ་ཞིག་མ་རེད་པ།
- ཏིང་སྒྲ་མི་གྲགས་པ་རེད་ཟེར།
- དེ་ལྟར་བཤད་དུས་ཨ་ཁུ་སྤྱང་ཀི་སྐྲག་སྣང་སྐྱེས་ནས།
- ཁ་ནང་ནས་ཅི་ཤོར་འདི་ཤོར་མེད་པར།
- ཤུགས་ཀྱིས་རྒྱོབ་དང་ཤུགས་ཀྱིས་རྒྱོབ་ཟེར།
- དེ་ལྟར་བཤད་དུས་བྱིས་པ་དེའི་གོ་སྐབས་ལ་སྟུན་ནས།
- ཤིང་གཅོད་ཀྱི་སྟ་རེ་ཡིས།
- ཨ་ཁུ་སྤྱང་ཀི་ཡི་མགོ་སྤྱི་ལ་བརྒྱབ་ནས།
- ཀླད་ཞོ་ཐང་ལ་གཏོར་ནས།
- ཨ་ཁུ་སྤྱང་ཀི་དེ་ནས་བསད་པ་རེད།
- དེ་ནས་བྱིས་པ་དེ།
- རི་བོང་དེའི་བློ་ཐབས་ཀྱི་སྒོ་ནས་བྱིས་པ་དེའི་སྲོག་སྐྱབས་ནས།
- བྱིས་པ་དེ་ཟ་མ་དགོས་པ་རེད།