Skip to main content Skip to search
01 Sep 2018
2 min 6 sec
Video Overview
Creators: 
Sherig Dentshog

Dorji Wangchuk from Momring village in Lauri Gewog (county) in Samdrupjongkhar Dzongkhag (district), recites some verses that are performed during intermediate dances at the annual local festival. This festival is showcased to educate the people on life in the intermediate world after death. Though the drama and masked dance is related to the cause and effect of butchering animals, the verses also speak of medicinal herbs such as the juniper and aloe tree.

༉  བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འོག་ མོམ་རིང་གཡུས་ཚན་ལས་ རྡོ་རྗེ་དབང་ཕྱུག་གིས་ ལོ་ལྟར་ཚེས་བཅུའི་སྐབས་སུ་རྐྱབ་མི་སྡིག་ཅན་གཤན་པའི་བཤད་པ་རྐྱབ་ཨིནམ་ད་ ཚེས་བཅུ་འདི་ནང་ ང་བཅས་ར་ཤི་ཞིནམ་ལས་ བར་དོའི་སྣང་བ་ཚུ་ག་དེ་སྦེ་ར་ཡོདཔ་ཨིན་ནའི་སྐོར་ལས་སྟོནམ་ཨིན་མས། སྤྱིར་བཏང་ སེམས་ཅན་གྱི་མགོ་ཅན་གྱི་རྔ་འཆམ་ཚུ་གིས་ ལས་རྒྱུ་འབྲས་ཚུ་ ག་དེ་སྦེ་ཨིན་ནའི་སྐོར་ལས་སྟོནམ་ཨིན་རུང་ ད་ལྟོ་ཁོ་གིས་སླབ་མི་ཚིག་ཚུ་ནང་ སྨན་ཤིང་ དཔེར་ན་ ཤུག་པ་ཤིང་དང་ ཨ་ག་རུ་ཤིང་ཚུའི་སྐོར་ལས་སླབ་དོ་ཡོདཔ་ལས་ བར་དོའི་སྡིག་ཅན་གཤན་པའི་འཆམ་རྐྱབ་ད་ སྨན་རིགས་ཀྱི་སྐོར་ལས་ག་ཅི་སྦེ་སླབ་ཨིན་ན་ ཞིབ་འཚོལ་འབད་དགོཔ་འདུག

Transcript search
No results found for this search
0 of 0
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    ལགས་སོ། དེ་ར་འབད་རུང་ནཱ་ ང་གིས་ག་ཅི་ཡང་མི་ཤེས་ ཨིན་ཏེ་འབད་རུང་ ང་བཅས་ཀྱི་ཤིང་མཁར་ལའུ་རི་རྒེད་འོག
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    མོམ་རིང་ ཤིང་མཁར་ལའུ་རི་རྒེད་འོག་མོམ་རིང་ སྤོག་ཏོ་ཁའི་རྡོ་རྗེ་དབང་ཕྱུག་གིས་འབད་ཞུ་ནི་ཞུ་དོ།
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    ཧེ་མ་ དང་ཕུ་གི་ སྡིག་ཅན་གྱི་བཤད་པ་ ག་ཅིམ་ཟེར་བ་ཅིན་ རང་གི་མཇལ་བ་ལྕོགསཔ་འབད་ནི་འདི་གིས་ ང་གིས་ལོ་ལྔ་ཐོན་ཡི།
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    ཐོན་ཞིནམ་ལས་ རོགས་ཀྱིས་རྒྱང་བསྒྲགས་འཕྲུལ་ཁང་ནང་འབད་ནི་ཟེར་ བཞུགས་ཏེ་ཡོད་ དེ་འབད་རུང་ ང་གིས་ལེ་ཤ་མེདཔ་ལས་ ཁྱེད་ཆ་ཁྱབ་དགོངསམ་མ་ཁྲོས་ཟེར་ཞུ་ནི།
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    དེ་འབད་རུང་ ང་རའི་བཤད་པ་ཅིག་ སྐད་ལེགས་ཤོམ་མེད་ ཨིན་ཏེ་འབད་རུང་ཉན་གནང་ཟེར་ཞུ་ནི་སྨེ།
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    ཚ་ངན་ཚ་ངན་ཚ་ངན་ཚ་ངན། རྒྱ་ལས་ཨ་གུར་དུར་པུ། སྨན་གྱི་ཚངས་པ་ཚ་ངན་ཚ་ངན། ཕུ་ལས་ལ་ཤིང་ཤུགས་པ། སྨན་གྱི་ཚངས་པ་ཚ་ངན་ཚ་ངན།
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    བ་ལུ་སུ་ལུ་སྨན་གྱི་ཚངས་པ་ཚ་ངན་ཚ་ངན། ཨ་གུར་དུར་པུ་སྨན་གྱི་ཚངས་པ། ཕུ་ལས་ལ་ཤིང་ཤུགས་པ་ཚེ་ཚངས་པ།
  • རྡོ་རྗེ་དབང་ཕྱུག་ Dorji Wangchuk
    རང་གི་མནོ་བའི་སྔར་ལས་ཚངས་པ། ཟླཝ་བཅུ་གཅིག་པ་ཚངས་པ་གི་ཚ་ངན་ཚ་ངན་ཚ་ངན། ལགས་སོ། འ་ནཱིམ་ཅིག་ཞུ་གེ་ལགས། ལགས་སོ།། །།