Skip to main content Skip to search
04 Jul 2018
36 min 7 sec
Video Overview
Creators: 
Norzin Lhamo

Pema Gyeltshen from Chendebji village recites chants from the Lhabon texts. The people of Chendebji have a strong tradition of Bön, an early tradition that was later ncorporated into Buddhism. Lhabon means ‘calling the gods’ and is an annual event for the locals to dispel evil, receive blessings, and to request the local deities to establish peace, harmony and good harvests for the entire community.

 

 

༉  ཀྲོང་གསར་རྫོང་ཁག་ སྤྱན་ལྡན་སྦྱིས་གཡུས་ཚན་ནང་ ལྷ་བོན་གསོལ་བའི་སྐབས་སུ་ སླབ་སྲོལ་ཡོད་མི་ལྷ་བོན་གྱི་ཚིག་དང་བཅའ་སྒྲིག་ཚུ་རྐྱབ་ཨིན་མས། དེ་ཡང་ གཡུས་ཚན་དེ་ནང་ལས་པདྨ་རྒྱལ་མཚན་གྱིས་འབད་གསོལཝ་ཨིན་མས། སྤྱན་ལྡན་སྦྱིས་ལུ་ ནང་པའི་ཆོས་དང་མ་མཐུན་པའི་བོན་གྱི་ལམ་སྲོལ་འདི་ཤུགས་སྦེ་ར་ཡོདཔ་ད་ ལྷ་བོན་འདི་ ཁོང་གི་གཡུས་ཁའི་དུས་སྟོན་སྦོམ་ཅིག་ཨིན་མས། གཡུས་ཚན་དེ་ནང་ལྷ་བོན་གསོལ་ནི་དེ་ཡང་ གཡུས་ལྷ་ཚུ་ལུ་གསོལཝ་བཏབ་ཐོག་ལས་ བྱིན་རླབས་དང་དངོས་གྲུབ་ཞུ་ རྐྱེན་དང་བར་ཆད་ཚུ་བསལ་ཏེ་ གཡུས་ཁ་ལུ་ཞི་བདེ་དང་དགའ་སྐྱིད་འབྱུང་ཐབས་ལུ་དམིགས་ཏེ་གསོལཝ་ཨིན་མས། གློག་བརྙན་གྱི་མཐོང་སྣང་དང་འཁྲིལ་བ་ཅིན་ ལྷ་བོན་གསོལ་བའི་སྐབས་ལུ་ ལྷ་གསོལ་མི་དེ་གིས་ ནང་པའི་ཆོསཔ་ཚུ་གིས་ཆོ་ག་བཏང་དོ་བཟུམ་སྦེ་ར་རྩ་བར་སྡོད་སྦེ་དཔེ་ཆ་ཅིག་ཡང་ལྷག་སྟེ་བཏངམ་ཨིན་པས། ཨིན་རུང་ མཆོད་ཆས་ཀྱི་རིགས་ལས་ རྔ་རྐྱངམ་ཅིག་མ་གཏོགས་ གཞན་ག་ནི་ཡང་ལག་ལེན་འཐབ་ནི་མིན་འདུག

Transcript search
No results found for this search
0 of 0
  • གཡུས་མི་
    Villager: ནངས་པར་ཡོད་ ནངས་པར་བཟོ་དགོ་ཏེ་ནངས་པར། ད་གཙོ་བོ་ར་ནངས་པར་ཨིན།
  • གཡུས་མི་
    Villager: ནངས་པར་ མ་པ་སྤྲོ་བ་འདི་ད་ལྟོ་ཨིན་དབའེ་རོགས། ད་རུང་ཕྱི་རུ་ཡང་ཡོད་སྨོ་ནངས་པ་ཉི་མ་ཡང་ཡོད། ནངས་པ་གི་འདི་འཆམ་དང་ཞབས་ཁྲ་ ཨ་ནཱི་བཟུམ་སྦེ་མམ་ཏེ་ ཏེ་གནངས་ཚེ་ཡང་ཡོད་ད་རུང་ གནངས་ཚེ་དྲོ་པ་ཨ་ནཱི་སྦེ་ཁྱིམ་ཡོད་ཚད་ཅིགཔོ་ག་ར་བཤལ་ཏེ་འགྱོ་འོང་བ། སྤ་་་་་ཨཔ་བཀྲ་ཤིས་ལེགས་ཤོམ་སྦེ་ཚུད་ནི་ཨིན་མས་སྨེ་ ཕར་འབྲུག་བརྒྱང་བསྒྲགས་ལས་འཛིན་ནང་ ཛའི་་་་་་ ཁའི་རྒྱ་བོ་འདི་ཀྲེག་བྱིན་རུང་ཀྲིག་ཀྲི་བཏང་ཡི་ ང་གཞན་མི་ལུ་བློཝ་བཙོང་ད་ཡི་སྨོ་ ཧ་ཧ་ཧ་ཧ་་་་་་།
  • གཡུས་མི་
    Villager: ཡིད་ངེ་ཐིང་ངེ་སྦེ་འཐོན་ནི་མས་གཞན་སྨོ? ཛའི་་་་ ཨ་རོགས་དགའ་རོགས་ང་འབད་བ་ཅིན་ ང་བློཝ་བཙོང་་་་་་་་་་་་་་
  • གཡུས་མི་
    Villager: ད་རེས་ཆང་འཐུང་སྦེ་སྨོ? ག་དེམ་ཅིག་ཁ་སླབ་སྨེ་ པར་པར་པར་་་་ ཀྲིག་ཀྲི་མས་ ད་རེས་ཉིནམ་དང་པ་ནང་ ཡར་ངེའི་ཁྱིམ་ནང་ཨིན་ ཡར་བྱོན་ཤིག་ [མེ་གྲམ་?] གཉིས་ སྤུས་ཙ་སྦེ་བཟོ་བཅུག་དགོ་པས་ ཧེ་ཧེ་ཧེ་་་་་ ལྟ་མ་ཨ་ནཱ་ལས་ ཕོ་རྒྱ་ཚུ་ག་ར་ལྟོ་ཟ་སྦེ་འགྱོ་འོང་བ་ འ་ནཱི་བསྒང་གཅིག་ཁར་འབྱོན་གེ་ཏེ་སྨོ་ཤིག?
  • གཡུས་མི་
    Villager: ག་གིས་སླབ་དེས? ཨ་ནཱི་སྦེ་ཨིན་ཟེར།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཁ་ཙ་ཁ་ཉིནམ་ ང་ནཱ་འོང་ཡི་བ་ལགས་་་་་་་་་
  • གཡུས་མི་
    Villager: ཨེའེ་་་་་། ཨཔ་འདི་མི་དང་གཅིག་ཁ་ཡང་ཨ་ཙི་རེ་བློཝ་རྐྱབ་ཤིག་ ཨཔ་འདི་ངེའི་ཁ་ར་འགྱིམ་སྡོད་འོང་བལྟ་སྨེ་ ཧ་ཧ་ཧ་ ཁ་བསྡམས་ཏེ་ར་སྡོད་སྦེ་ཡ? དེ་བསྒང་ [མེ་གྲམ་?] ང་བཅས་བློཝ་རྐྱབ་ཅི་བ་ཏེ། ཨཔ་འདི་གནམ་མེད་ས་མེད་ཁ་དམ་དྲགས་ དམ་དྲགས་ཡོད་ ཁ་ནང་ལས་གསེར་འཐོན་འགྱོ་འོང་མནོ་སྟེ་ ལྡེ་མིག་རྐྱབ་བཞག་སྟེ་ཡ? ཨོང་་་་་ འེ་འེ་ ཨ་ཡར་ཨཔ་ཕ་ཇོ་དེ་བ་འདི་ ཨ་ནཱི་བཀྲིས་ཀྱི་ཁ་སྤུ་སོག་སོ་འདི་རང་རུལ་འོང་།
  • གཡུས་མི་
    Villager: ཧེ་ཧེ་ཧེ་་་་ མི་ཨ་རྒས་འགྱོཝ་ད་ སྤུ་སོག་སོ་འགྱོ་དགོ་ཏེ་ད་ ཁྱོད་སྤུ་འདི་ང་ ད་ཅི་ཉི་མ་ལས་ར་ཀྲེག་བཀོ་ད་རུང་ཀྲིག་ཀྲི་བཏང་ནུག་ ང་བློ་འཁོལ་དྲེགས་ར་མ་ཚུགས། ཁྱོད་་་་་་་ ཨིན་མས་བ་ཟེར་ཏེ་ ང་བརྗེད་སོ་འདུག་ ད་རེས་[མེ་གྲམ་?] གཉིས་འབྱོན་ནི་ཨིནམ་མ་ཤེས་བ་ཏེ།
  • གཡུས་མི་
    Villager: [མེ་གྲམ་?] མེན་པས་ད་ལྟོ་ཆུང་ཀུ་ར་མས། མེན་དེ་འབདཝ་ད་ དགོངསམ་མ་ཁྲེལ་སྨ་རེད་ མེ་གྲམ་ཟེར་ཞུཝ་ད་ལུ། སྤ་་་་་ དེ་འདི་ཏེ་ རོགས་ཧེ་མ་ལས་ ཏེ་དགྲ་ལྷ་གི་[བསམ་མཁར་?] དང་དེ་ལས་ཨ་ནཱི་ང་བཅས་ཀྱི་ཨ་ནཱི་ [ལྷ་གདན་ སེལ་གདན་ཟེར་ འ་ནཱི་ག་ར་ཨ་ནཱི་ གཡངམ་ལུག་གི་ཀ་ཅུ་གུ་ལས་?] འགྱོ་དགོ་པས་བ་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨ་ནཱི་ད་ལྟོ་སྐུདཔ་ཨ་ནཱི་སྦེ་དཀྱི་མི་འདི་ དགྲ་ལྷ་གི་བསམ་མཁར་ཨིན་ལགས།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨེའེ་་་་ ལགས་སོ།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་དོ་རུང་ཡར་ དར་ཤིང་འཕྱར་མི་འདི་ དུང་དར་ཟེར་ ་་་་་་་ དུང་དར། འ་ནཱི་ཁོང་བཤད་པ་གཏང་དགོ་བ། ཏེ་ཡར་ལས་དུང་དར་འདི་ཡར་བཅདཔ་ད་ར་ ཏེ་བཤད་པ་བཏང་བཅད་དགོ་ལགས།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཏེ་འ་ནཱི་ འ་ནཱི་འདི་ དར་ཤིང་འདི་ག་ཅི་ལགས?
  • པདྨ་རྒྱལ་མཚན་
    Pema Gyeltshen: འ་ནཱི་ཡར་དར་ཤིང་གི་མགུ་ཏོ་ལས་མར་བསྡམ་དགོ་ལགས་ཨ་ནཱི་འདི་ལགས། ལྷའི་བསམ་མཁར་ཟེར།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨེའེ་་་་་།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨོང་ཨ་ནཱི་ཨིན།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཏེ་ཨ་ནཱི? ཨ་ནཱི? ཨ་ནཱི་འདི་ ག་ཏེ་བཀལ་ནི་ལགས?
  • པདྨ་རྒྱལ་མཚན་
    Pema Gyeltshen: འ་ནཱི་འདི་ ཨ་ནཱི་ཨ་ནཱ་བཙུགས་དགོ་ལགས་ཨ་ནཱ་ལས་ཡར་ ཨ་ནཱ་ལས་ཡར་བཙུགས་དགོ་ལགས་ཁོ།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨུམ་་་་་ ག་ཅི་སླབ་ནི་ལགས་ ཨ་ནཱི་འདི?
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨ་ནཱི་འདི་ ཨ་ནཱི་མཛེར་ཀོ་ཟེར་སླབ་ཨིན་ལགས་ང་བཅས་ཀྱིས་ མཛེར་ཀོ
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨེ་ཨེའེ་་་་་།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨོང་ ཨ་ནཱི་བུམ་པ་ ཨ་ནཱི་མཛེར་ཀོ་ དེ་ལས་ཡར་དར་ཤིང་གུ་ལུ་ཨ་ནཱི་བསྡམ་དགོ་བ། མ་པ་དགྲ་ལྷ་གི་བསམ་མཁར་ཨིན་བསམ་མཁར་ བསམ་མཁར་ཟེརཝ་ད་ ང་བཅས་ཀྱིས་འབད་བ་ཅིན་ ཁྱིམ་ལགས།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨུམ་་་་།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨོང་ཕོ་བྲང་ དགྲ་ལྷ་གི་ཕོ་བྲང་ཨིན། [བན་དེ་དཀར་ཅུང་ཟེར་?]
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨེའེ་་་་་་།
  • པདྨ་རྒྱལ་མཚན་
    Pema Gyeltshen: མ་པ་ཁོ་འགྱོ་ར་འགྱོ་དགོ་བ་ལགས། ས་བསྐལཔ་ཆགས་ ལུང་བསྟན་པའི་བསྒང་ལས་ར་ ཏེ་འ་ནཱི་བཟུམ་འབད་འབདཝ་མས་ལགས། ང་བཅས་ཨ་ནཱི་ལྷ་བོན་ཟེར་ ད་ལྷ་དང་མི་ཨ་ནཱི་སྦེ་དགྲ་ལྷ་བསྟེན་དེ་གིས་སྦེ་ར།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨེའེ་་་་་་།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཆང་བཤལ་རྐྱབ་ དེ་ལས་ཨ་ནཱི་གཏང་དགོ་ [མཆོད་རབས་བཏང་ ཟ་རབས་ ཡུ་རབས་བཏང་ ཚང་སི་བྱོན་ སི་མནན་?] དེ་ལས་ ནཱ་གི་ཨམ་སྲུ་ཚུ་གིས་ཞབས་ཁྲ་རྐྱབ་དགོ་ལགས།
  • ནོར་འཛིན་ལྷ་མོ་
    Norzin Lhamo: ཨུམ་་་་་་།
  • པདྨ་རྒྱལ་མཚན་
    Pema Gyeltshen: ་་་་་་་་་ ཁྱིམ་གཅིག་ཟེརཝ་ཡང་མེན་པར་ ཧེ་མ་ང་བཅས་མར་ བཀྲིས་ལྡིང་ཁ་བཟུམ་འབད་བ་ཅིན་ ཏེ་ཁྱིམ་རེ་རེ་ནང་ ག་གི་ཡང་རེ་རེ་སྦེ་འོང་མས་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: ༼ཆོ་གའི་ཚིག་་་་་་་་་་་་༽
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་འབད་བ་ཅིན་ ང་བཅས་ཀྱི་ རོགས་ཧེ་མ་གི་ལུགས་སྲོལ་འབད་བ་ཅིན་ ཡར་བཀའ་ཆེ་བ་བླ་མའི་དཀོན་མཆོག་ལས་མར་འགོ་བཙུགས་དགོ་བ་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: བཀའ་ཆེ་བ་་་་་་ བཀའ་ཆེ་བ་བླ་མའི་དཀོན་མཆོག་མཆོད། །བར་ཆེ་བ་འབྲུག་པའི་ཆོས་རྗེ་མཆོད། །དེ་ལས་སངས་རྒྱས་དཀོན་མཆོག་མཆོད། །དེ་ལས་ཆོས་ཀྱི་དཀོན་མཆོག་མཆོད། །དེ་ལས་དགེ་འདུན་དཀོན་མཆོག་མཆོད་ཟེར་ ཏེ་ངེའི་དཀོན་མཆོག་མཆོད་པའི་མཆོད་ལུགས་ཨིན། །མི་རང་རང་མ་མཐོང་གཙང་མོ། །གཙང་མའི་ཕུད་ལས་ལྷ་མཆོད་ཟེར་ འ་ནཱི་སྦེ་ ཨ་ནཱི་ག་ར་ དཀོན་མཆོག་དགྲ་ལྷ་ ག་ར་འ་ནཱི་ཁོང་ཧེ་མ་ཡར་ཕུལ་དགོ་བ་ ཆང་ཕུད་འདི། དེ་ལས་བ་ལྷགཔ་ང་བཅས་འཐུང་ནི་མེད།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཏེ་འ་ནཱ་ལས་ དེ་ལས་ཏེ་ དེ་ལས་ལྷའི་ཕྱོགས་ལུ་སོང་ གོང་རིམ་བཅད་རིམ་གཉིས་རིམ་པ་གསུམ། །རིམ་པ་བཅུ་གསུམ་བཀལ་བའི་རྒྱལ་པོ་ནས། །ཟེར་ཏེ་ འཁོར་ལོ་རིགས་འདྲ་བཅོ་ལྔ་གསོལ། །མི་དམངས་རིགས་འདྲ་བཅུ་དྲུག་གསོལ། །འཁོར་ལོ་རིགས་འདྲ་བཅུ་བདུན་གསལ། །་་་་་་་་་་ཕ་དང་ཡབ་ཀྱིས་མཆོད། །ལྷ་ནི་མ་དང་ཡུམ་གྱིས་མཆོད། །
  • པདྨ་རྒྱལ་མཚན་
    Pema Gyeltshen: [ཡབ་ལས་གཏད་རྒྱ་འབུལ་བའི་མཆོད། །ཡུམ་ལས་བརྩེ་བཟང་ཇ་མཆོད་ཚེ། །བུ་རོ་ལྷའུ་རྒྱས་མ་བུ་ ཟེར་འ་ནཱི་ དེ་ལས་ཏེ་ ལྷ་བུ་རོ་ལྷའུ་རྒྱས་མ་བུ་སེ་ཕུ་སྟོང་གི་མཚོ་ཉ་མཆོད། །བུ་རྒྱུད་ཆ་ལས་བུ་རྒྱུད་མཆོད་ཟེར་?] འ་ནཱི་སྦེ་བཏང་ནི་ཡོད་ལགས། དེ་ལས་ ལྷ་ཆེན་པོ་ཇོ་བོ་དུར་ཤིང་མཆོད། །སྨུག་བཙན་རྡོ་རྗེ་དགྲ་འཇོམས་མཆོད། །ཡུལ་ལྷ་[གྲམ་རྩི་?] རྡོ་རྗེ་མཆོད། །[གསུང་རོགས་?]དགྲ་ལྷའི་རྒྱལ་པོ་མཆོད། །ཡུལ་མེད་བཀྲ་ཤིས་དབང་འཛོམས་མཆོད། །སྲིད་པའི་ལྷ་རབས་བཅུ་གསུམ་མཆོད། །སྲིད་པའི་ལྷ་རབས་བཅོ་བརྒྱད་མཆོད། །ས་ཕྱོགས་འདི་གི་གནས་བདག་མཆོད། །ཡུལ་ཕྱོགས་འདི་གི་གཞི་བདག་མཆོད་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་འ་ནཱ་ལས་ དེ་ལས་གླིང་གི་ཕྱོགས་ལུ་སོང་། གཡུས་གཅིག་གླིང་ག་གླིང་སྟོད་ལས། །གླིང་གི་གེ་སར་རྒྱལ་པོ་མཆོད། །ཡུམ་ལས་གོ་མོ་་་་ གེ་སར་ཕ་དང་ཡབ་ཀྱིས་མཆོད། །གེ་སར་མ་དང་ཡུམ་གྱིས་མཆོད། །ཡབ་ལས་སྒོ་མོ་ལྷ་མོ་་་་ ཡབ་ལས་མཚན་ལྡན་རིགས་ཀྱིས་མཆོད། །ཡུམ་ལས་སྒོ་མོ་ལྷ་མོ་མཆོད། །[་་་་་་་ཨ་ཁུ་བོད་པའི་་་་་་་། ཨ་ནཱི་སངས་དང་འཛོམས་པ་མཆོད། །ཨ་ཁུ་་་་་་་་། །?] ཨ་ནཱི་ཉིན་ཞག་སྒྲོལ་མ་མཆོད། །ཟེར་འ་ནཱི་ ཧེ་མ་ཡར་ དེ་ལས་འ་ནཱི་གེ་སར་གྱི་ གེ་སར་ལུ་ཕུལཝ་མས་ལགས་ ཆང་ཕུད་དེ།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་འ་ནཱ་ལས་ཏེ་ [ཨ་ཁུ་་་་་་་། །ཨ་ནཱི་ཉིན་ཞག་སྒྲོལ་མ་མཆོད། །ཨ་ནཱ་ལས་ ལྕགས་ཀྱི་ཇ་ཁྲ་སྤུན་བདུན་མཆོད། །བཟང་མཁར་ཆེ་བའི་ཁརཝ་་་་། །?] ཟེར་ཡར་ལས་མར་བཏང་ དེ་ལས་འབདན་ ཏེ་འ་ནཱ་ལས་ཆང་ཕུད་མཇུག་བསྡུ་སྦེ། དེ་ལས་ཨེ་ཧུ་རྐྱབ། དེ་ལས་ཆང་འཐུངམ་ཨིན་ལག་ སྦང་ཆང་།
  • པདྨ་རྒྱལ་མཚན་
    Pema Gyeltshen: བཀྲ་ཤིས་གཞུང་བཞིཔོ་འདི་དང་པ་རང་ ༼མང་སྡེ་པའི་ཁ་སྐད་དང་སླ་བསྲེས་ཏེ་༽ ཡོ་ཐ་ཨ་ཙི་པྲེ་དགོ ཞིང་གསར། དགུང་སྟོད་མཐོན་པོ་དང་འདྲ་བའི་ཞིང་གསར་གཅིག གཅིག་མའེ་ཟེར་ལགས། འོ་དགུང་སྟོད་མཐོན་པོ་དང་འདྲ་བའི་ཞིང་གསར་གཅིག ཁྲི་གདུགས་ཉི་མ་དང་འདྲ་བའི་སོན་གཅིག་བཙུགས། ཚོ་ནེ་ ཉི་ཟེར་ལེགས་མོ་དང་འདྲ་བའི་འབྲས་གཅིག་འཚོ། །ཚེ་ནི་ཚེ་འོ་སོ་ནི་ཚེན།
  • པདྨ་རྒྱལ་མཚན་
    Pema Gyeltshen: ད་རུང་ངེད་ར་ཨ་ཛི་སྦང་ཆང་ཐོང་ཛི་ར་གེན། ཚེ་ནེ་ གངས་སྟོད་མཐོན་པོ་དང་འདྲ་བའི་ཞིང་གསར་གཅིག སེང་གེ་དཀར་མོ་དང་འདྲ་བའི་སོན་གཅིག་བཙུགས། གཡུ་རལ་ལེགས་མོ་དང་འདྲ་བའི་འབྲས་གཅིག་འཚོ། ཚེ་ནེ་ཚེ་འོ་ཚེ་ སྦང་ཆང་ཐོང་ཛི་ ད་རུང་ཨོ་ཛེ་ནག་ན་ཚེ་ བྱམོ་ཆུ་ལས་བརྟེན་ཏེ་དགའ་ཡང་དགའ། །བྱམོ་ཆུ་ལས་བརྟེན་ཏེ་སྐྱིད་ཡང་སྐྱིད། །ལྐོདམ་རྒྱ་ཆེ་རྭ་བ་ཐོགས་ནི་མེད། །ཕོཝ་རྒྱ་མཚོ་ཆེན་མོ་གང་ནི་མེད། །དགའ་དགའ་འདྲ་སྟེ་གཡས་བསྐོར་རྐྱབ། །སྐྱིད་སྐྱིད་འདྲ་སྟེ་གཡོན་བསྐོར་རྐྱབ། །ར་ཅེ་ འོ་ཞེ་ནག་ན་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཚེ་ནེ་ཚོ་རོ་ ཚེ་ནི་དོ་རུ་ སྤང་སྟོད་མཐོན་པོ་དང་འདྲ་བའི་ཞིང་གསར་གཅིག ཤཝ་རྒས་རྭ་བཅུ་དང་འདྲ་བའི་སོན་གཅིག་བཙུགས། རྭ་གསལ་ལེགས་མོ་དང་འདྲ་བའི་འབྲས་གཅིག་འཚོ་ར་ཇེ་ འོ་ཛེ་བཀྲ་ཤིས་གཞུང་བཞི་པོ་ཚེན་ ཐེག་འོ་ཛི་གེན། ཚེ་ནེ་ བཀྲ་ཤིས་ཐེག་འོ་ཛེ་མཇུག་བསྡུ་སེ་ནིང་ ཐེག་མཚོ་སྨན་གླིང་བཞི་ནི་མུ་ལགས། ཤིང་ཡང་རང་བཞིན་འགྱེལ་བའི་རྡོ་ཇེད་པུ་ན།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཡར་དགུང་སྟོད་ཤིང་གི་རང་བཞིན་ལས། །ཤིང་ཡང་རང་བཞིན་འགྱེལ་བའི་རྡོ། །འགྱེལ་བའི་རྡོ་བ་གཡང་མི་བསྟིམ། །འགྱེལ་བའི་རྡོ་བ་ཕྱྭ་མི་བསྟིམ། །གཡང་ཡང་སྦྱིན་བདག་མཆོག་ལུ། །ཕྱག་ཡང་གཡས་པའི་ཕྱོགས་ལུ་ཨིན་ཟེར་ འ་ནཱི་འདི་ཨ་ནཱི་གངས་སྟོད་དགུང་སྟོད་བསྐོར་འགྱོ་དགོ་བ་ལགས་ཁོ། འ་ནཱི་གངས་སྟོད་དགུང་སྟོད་ ཚིག་འདི་གཅིག་རང་ཨིན།
  • པདྨ་རྒྱལ་མཚན་
    Pema Gyeltshen: དགུང་སྟོད་ གངས་སྟོད་ཤིང་གི་རང་བཞིན། །ཤིང་ཡང་རང་བཞིན་འགྱེལ་བའི་རྡོ། །འགྱེལ་བའི་རྡོ་བ་ཕྱྭ་མི་བསྟིམ། །འགྱེལ་བའི་རྡོ་བ་གཡང་མི་བསྟིམ། །གཡང་ཡང་སྦྱིན་བདག་མཆོག་ལུ། །ཕྱག་ཡང་གཡས་པའི་ཕྱོགས་ལུ་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ སྤང་སྟོད་རྩྭ་ཡི་རང་བཞིན། །རྩྭ་ཡང་རང་བཞིན་སྐམ་པའི་རྡོ། །སྐམ་པའི་རྡོ་བ་ཕྱྭ་མི་བསྟིམ། །སྐམ་པའི་རྡོ་བ་གཡང་མི་བསྟིམ། །གཡང་ཡང་སྦྱིན་བདག་མཆོག་ལུ། །ཕྱག་ཡང་གཡས་པའི་ཕྱོགས་ལུ་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: ནགས་སྟོད་ཤིང་གི་རང་བཞིན། །ཤིང་ཡང་རང་བཞིན་འགྱེལ་བའི་རྡོ། །འགྱེལ་བའི་རྡོ་བ་གཡང་མི་བསྟིམ། །འགྱེལ་བའི་རྡོ་བ་ཕྱྭ་མི་བསྟིམ། །གཡང་ཡང་སྦྱིན་བདག་མཆོག་ལུ། །ཕྱག་ཡང་གཡས་པའི་ཕྱོགས་ལུ།
  • པདྨ་རྒྱལ་མཚན་
    Pema Gyeltshen: མཚོ་སྟོད་ ཨེའེ་་་་མཚོ་སྟོད་མཚོ་ཡི་རང་བཞིན། །མཚོ་ཡང་རང་བཞིན་སྐམ་པའི་རྡོ། །སྐམ་པའི་རྡོ་བ་ཕྱྭ་མི་བསྟིམ། །སྐམ་པའི་རྡོ་བ་གཡང་མི་བསྟིམ། །གཡང་ཡང་སྦྱིན་བདག་མཆོག་ལུ། །ཕྱག་ཡང་གཡས་པའི་ཕྱོགས་ལུ་རང་ཟེར་ ཏེ་འ་ནཱི་ ང་བཅས་ཨ་ནཱི་ མཚོ་སྟོད་ གངས་སྟོད་ དགུང་སྟོད་ ཞབས་ཁྲ་རྐྱབ་དོ་བཟུམ་ གངས་སྟོད་དགུང་སྟོད་སྐོར་ཡི་རང་ བདའ་འོང་བ་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་གཅིག་འདི་ བཀྲ་ཤིས་ཁུག་ནི་འདི་ཨིན། བཀྲ་ཤིས་ཁུག་ནི་འདི་ ང་གིས་མ་པ་ལས་ དཔྱད་རི་རང་མི་འོང་པས་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨ་་་་ ད་རབས་དུས་རབས་འབད་བ་ཅིན་ ད་འ་ནཱི་འདི་ [དར་ཚོད་བར་ལ་སོང་ལྟ་ཚེ། །དར་ཚོད་བར་ལ་ཞུགས་ལྟ་ཚེ། །དར་ལུ་ཕ་གཅིག་ཡོད་ཀྱང་མེད། །དར་ལུ་མ་གཅིག་ཡོད་ཀྱང་མེད། །དར་ལུ་ཕ་གཅིག་ལོས་ཀྱང་ཡོད། །དར་ལུ་མ་གཅིག་ལོས་ཀྱང་ཡོད། །ཕ་ནི་་་་་དང་མ་ནི་་་་་་། །ཕ་་་་་་་གཉིས་ཀྱི་སྤྲུལ་པ་རུ། །བུ་རུ་འབྱུང་ན་དར་དུ་འབྱུང་ཟེར་?] སླབ་འོང་བ་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ ཏེ་འ་ནཱི་ མདའ་སྐྱེ་བ་གང་དང་གང་ལུ་སྐྱེས། །མདའ་སྐྱེ་བ་ནགས་མའི་གསེབ་ལུ་སྐྱེས། །མདའ་མཐོང་བ་སུ་དང་སུ་ཡིས་མཐོང་། །མདའ་མཐོང་པ་ཨ་ཁུ་ལུག་རྫིས་མཐོང་། །མདའ་བཅད་པ་སུ་དང་སུ་ཡིས་བཅད། །མདའ་བཅད་པ་[སྤྱོད་འཇུག་དར་མས་བཅད། །ཡང་ཅིན་སྤྱོད་འཇུག་དར་མ་?]གིས། །མདའ་སྦོམ་པོ་གཅིག་གི་རྩ་བར་སོང་།་་་་་་་་་
  • པདྨ་རྒྱལ་མཚན་
    Pema Gyeltshen: རྩེ་མོ་ཁྲུ་གང་རྦད་ཀྱིས་བཅད། །སྟེང་ཕྱོགས་ལྷ་ལུ་ཕུལ་ཏེ་བཞག །རྩ་བོ་ཁྲུ་གང་རྦད་ཀྱིས་བཅད། །འོག་ཕྱོགས་ཀླུ་ལུ་ཕུལ་ཏེ་བཞག །ཀླུ་་་་་ བཙན་་་་་ [བངམ་ཐོག་གསུམ་གྱི་གང་?]མདའ་ཡི་ཚད། །འདི་མདའ་ཡི་ཚད་ནས་ལེན་ཏེ་བཞག །[བཅདནི་བཅད་་་་།?] མི་སུ་དང་སུ་ཡི་ཕྱག་ལུ་ཕུལ། །མདའ་བཟོ་མཁན་པའི་ཕྱག་ལུ་ཕུལ། །
  • པདྨ་རྒྱལ་མཚན་
    Pema Gyeltshen: ཡང་ཅིན་མདའ་བཟོ་མཁན་པོ་གིས། །མདའ་ཕྲང་པ་སུ་དང་སུ་ཡིས་ཕྲང་། །མདའ་ཕྲང་པ་[དེབ་སྐྱོར་དཀར་པོ་ཕྲང་། །ཡང་ཅིན་དེབ་སྐྱོར་དཀར་པོ་གིས། །?]ཕྱི་གི་[ཅོག་པོ་?]ནང་ལ་བཙུགས། །ནང་གི་ཕྲང་མོ་ཕྱི་ལ་བཏོན། །འདི་མདའ་ཡི་ཁོང་ནས་ཕྲང་སྟེ་བཞག་ཟེར་ འ་ནཱི་སྦེ་གཏང་འོང་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཏེ་ ཏོ་ལུ་མདའ་ མདའ་གུ་བཀལ་ནི་གི་ཨ་ནཱི་ མདའ་དེ་ལས་ཏེ་ [མདའ་ལུ་སྔ་བོ་ཅི་སྔ་བོ། །མདའ་ལུ་སྔ་བོ་ཚིག་འཁྲི་སྔ། །མདའ་ལུ་ཚིག་འཁྲི་རྐྱབ་ཙ་ན། །མཁྱེན་བྱ་ཆེ་་་་་ མཛུབ་དཀྱི་བཙུགས་པ་འདྲ། །མདའ་ལུ་སྔ་བོ་ཅི་སྔ་བོ། །མདའ་ལུ་སྔ་བོ་་་་་་། །མདའ་ལུ་་་་རྐྱབ་ས་ན། །མཁྱེན་རྒྱ་ཆེ་ཤོས་རྐྱབ་པ་འདྲ་ཟེར།?]
  • པདྨ་རྒྱལ་མཚན་
    Pema Gyeltshen: [མདའ་ལུ་སྔ་བོ་ཅི་སྔ་བོ། །མདའ་ལུ་སྔ་བོ་གཏོང་ལམ་སྔ། །མདའ་ལུ་གཏོང་ལམ་སྟོན་ཙ་ན། །ཀ་བར་ཀ་དོག་བརྟེན་པོ་འདྲ། །མདའ་ལུ་སྔ་བོ་ཅི་སྔ་བོ། །མདའ་ལུ་སྔ་བོ་འགྲོ་ལམ་སྔ། །མདའ་ལུ་འགྲོ་ལམ་སྟོན་ཙ་ན། །ལམ་གཏོང་ལམ་དཀར་ཅུང་བརྟེན་པོ་འདྲ་ཟེར།?]
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཏེ་ གནམ་དུ་ལྷོང་པའི་མདའ་མཐོང་ཀྱང་(ཡང་)། །མདའ་ལུ་སྦྱར་བའི་སྒྲོ་མ་མཐོང་། །སྒྲོ་འཚོལ་བ་ལ་སོང་ལྟ་ཚེ། །སྒྲོ་འཚོལ་བ་ལ་ཞུགས་ལྟ་ཚེ། །སྒྲོ་ལུ་ཕ་གཅིག་ཡོད་ཀྱང་མེད། །སྒྲོ་ལུ་མ་གཅིག་ཡོད་ཀྱང་མེད། །སྒྲོ་ལུ་ཕ་གཅིག་ལོས་ཀྱང་ཡོད། །སྒྲོ་ལུ་མ་གཅིག་ལོས་ཀྱང་ཡོད། །སྒྲོ་ལུ་བུ་གཅིག་ལོས་ཀྱང་ཡོད། །ཕ་ནི་ཐང་དཀར་རྒོད་པོའི་སྒྲོ། །མ་ནི་ཐི་ལི་རྒྱལ་མོའི་སྒྲོ། །བྱ་དང་བུ་མོའི་རྩིབས་སྒྲོ་གསུམ། །[སྟོང་འབྲེལ་རྒོད་པོའི་ལེབ་སྒྲོ་བཞི་ཟེར།?]
  • པདྨ་རྒྱལ་མཚན་
    Pema Gyeltshen: མདའ་ལུ་གཞོན་པའི་སྒྲོ་མཐོང་ཀྱང་(ཡང་)། །སྒྲོ་ལུ་སྦྱར་བའི་སྤྱིན་མ་མཐོང་། །སྤྱིན་འཚོལ་བ་ལ་སོང་ལྟ་ཚེ། །སྤྱིན་འཚོལ་བ་ལ་ཞུགས་ལྟ་ཚེ། །སྤྱིན་ལུ་ཕ་གཅིག་ཡོད་ཀྱང་མེད། །སྤྱིན་ལུ་མ་གཅིག་ཡོད་ཀྱང་མེད། །སྤྱིན་ལུ་ཕ་གཅིག་ལོས་ཀྱང་ཡོད། །སྤྱིན་ལུ་མ་གཅིག་ལོས་ཀྱང་ཡོད། །ཕ་ནི་ཀོཝ་དང་མ་ནི་ཆུ། །ཕ་ཀོ་ཆུ་གཉིས་ཀྱི་སྤྲུལ་པ་རུ། །བུ་རོ་འབྱུང་ན་སྤྱིན་དུ་འབྱུང་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཏེ་ འ་ནཱི་ཏེ་ སྤྱིན་ཐབ་ཀྱི་གུ་ལུ་བཀལ་ལྟ་ཚེ། །མུ་ཏིག་ཐུར་ལ་འཇུག་པ་འདྲ་ཟེར་ དེ་ལས་སྤྱིན་འཚོལ་ཞིནམ་ལས་ དེ་ལས་ ཏེ་མདའི་གུ་སྒྲོ་བཀལཝ་ད་ མདའ་ལུ་སྒྲོ་ཅིག་བཞོན་ཙ་ན། །གཡག་གཅིག་སྒང་ལས་མཛེས་པོ་འདྲ། །མདའ་ལུ་སྒྲོ་གཉིས་བཞོན་ཙ་ན། །[བྱའོ་བྱ་?]གནམ་ཁར་གྲེང་པ་འདྲ། །མདའ་ལུ་སྒྲོ་གསུམ་བཞོན་ཙ་ན། །བཙན་མདའ་ཟུར་གསུམ་ལྷོང་པ་འདྲ། །མདའ་ལུ་སྒྲོ་བཞི་བཞོན་ཙ་ན། །ཁྱིམ་བསམ་ཁར་གྲུ་བཞི་བཞེངས་པ་འདྲ་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་འ་ནཱི་ སྒྲོ་ སྒྲོ་བཀལ་ དེ་ལས་སྒྲོ་བཀལ་ཞིན་ན་ དེ་ལས་འབདན་མདེའུ་་་་ མདེའུ་འཚོལ་དགོ་པས་བ་ ཨ་ནཱི་ མར་ས་ཁར་བཙུགས་ནི་གི་ལགས་ མདའ་ལྕགས་འདི། གནམ་དུ་ལྷོང་པའི་མདའ་མཐོང་ཀྱང་(ཡང་)། །ས་ལུ་བཙུགས་པའི་མདེའུ་མ་མཐོང་། །མདེའུ་འཚོལ་བར་སོང་ལྟ་ཚེ། །མདེའུ་འཚོལ་ལ་ཞུགས་ལྟ་ཚེ། །མདེའུ་ལུ་ཕ་གཅིག་ཡོད་ཀྱང་མེད། །མདེའུ་ལུ་མ་གཅིག་ཡོད་ཀྱང་མེད། །མདེའུ་ལུ་ཕ་གཅིག་ལོས་ཀྱང་ཡོད། །མདེའུ་ལུ་མ་གཅིག་ལོས་ཀྱང་ཡོད། །ཕ་ནི་ལྕགས་དང་མ་ནི་རྡོ། །ཕ་ལྕགས་རྡོ་གཉིས་ཀྱི་སྤྲུལ་པ་རུ། །བུ་རུ་མདེའུ་ནི་གསུམ་དུ་འབྱུང་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: ལྕགས་སུ་དང་སུ་ཡི་ཕྱག་ལུ་ཕུལ། །མགརཝ་[ལྕགས་མཁར་?]ལེགས་པའི་ཕྱག་ལུ་ཕུལ། །[ཡང་ཅིན་ལྕགས་ཁར་?]ལེགས་པོ་གིས། །སྤང་གི་ལོགས་ལས་རྩྭ་ཅིག་འཐུ། །བྲག་གི་ལོགས་ལས་རྡོ་གཅིག་བཙུགས། །[གར་སར་?]གངས་རི་སྤུབས་པ་འདྲ། །རྡོ་ལེབ་རལ་གྲི་ལྷོང་པ་འདྲ། །[ཐབ་ཀྱི་ཁ་སྣོན་ནུམ་པའི་ཚེ?]། །ལྕགས་ཐབ་ཀྱི་ནང་ལུ་བཙུགས་ལྟ་ཚེ། །[བ་མར་་་་་་?]། །ལྕགས་ཐབ་ཀྱི་ནང་ལས་བཏོན་ལྟ་ཚེ། །ཤར་ལས་ཁྲི་གདུགས་ཤརཝ་འདྲ། །
  • པདྨ་རྒྱལ་མཚན་
    Pema Gyeltshen: ལྕགས་བཏོན་པའི་གུ་ལུ་བཀལ་ལྟ་ཚེ། །རྒྱལ་པོ་ཁྲི་ལ་མཛེས་པོ་འདྲ། །ལྕགས་ལུ་ཤན་ཅིག་བཏང་ཙ་ན། །ཐོ་རངས་དཀར་ཆེན་ཤརཝ་འདྲ། །[ཐ་ཆར་ཐོ་ཆར་ཆར་ཏེ་བབས། །ཀམ་ཅི་ཀེམ་ཅི་རླུང་འདེ་སྐེམ?]། །ལྕགས་ལུ་ཤན་ཅིག་བཏང་ཙ་ན། །ཐོ་རངས་དཀར་ཆེན་ཤརཝ་འདྲ་ཟེར་ དེ་ལས་འ་ནཱི་མདའ་ལྕགས་དང་ མདའ་ལྕགས་བརྡུངས་ཚར་སྦེ་ དེ་ལས་ཏེ་ དེ་ལས་ད་རུང་ཨ་ནཱི་ དར་གུ་འཕྱར་ནི་གི་ཨ་ནཱི་ དར་འཐག་དགོ་པས་བ་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: གནམ་དུ་ལྷོང་པའི་མདའ་མཐོང་ཀྱང་(ཡང་)། །ས་ལུ་བཙུགས་པའི་མདེའུ་མཐོང་ཀྱང་(ཡང་)། །མདའ་ལུ་འཕྱར་བའི་དར་མ་མཐོང་ཟེར་ དར་ལུ་ཕ་གཅིག་ཡོད་ཀྱང་མེད། །དར་ལུ་མ་གཅིག་ཡོད་ཀྱང་མེད། །དར་ལུ་ཕ་གཅིག་ལོས་ཀྱང་ཡོད། །དར་ལུ་མ་གཅིག་ལོས་ཀྱང་ཡོད། །ཕ་ནི་སྐུདཔ་དང་མ་ནི་ཤན། །ཕ་སྐུད་ཤན་གཉིས་ཀྱི་སྤྲུལ་པ་རུ། །བུ་རུ་དར་ནི་གསུམ་དུ་འབྱུང་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་འབདན་ དེ་ལས་ཏེ་ དར་ཡར་ [དར་དོ་མཁན་པོ་དགུང་ལྟ་བ། །དགུང་ལ་ཁྲི་གདུགས་ཤརཝ་མཐོང་། །དར་དོ་མཁན་པོ་དགུང་ལྟ་བ། །དར་དོ་མཁན་པོ་དགུང་ལྟ་བ། །དགུང་ལ་ཁྲི་གདུགས་ཤརཝ་མཐོང་། །གཡུ་རལ་་་་་ ཉི་ཟེར་འོད་ཡང་དར་ལ་བཏགས། །དར་དོ་མཁན་པོ་གངས་ལྟ་བ། །གངས་ལུ་གཡུ་རལ་རྒྱུག་པ་མཐོང་། །གཡུ་རལ་རིགས་ཡང་དར་ལ་བཏགས། །དར་དོ་མཁན་པོ་སྤང་ལྟ་བ། །སྤང་ལུ་ཤཝ་རྒས་རྒྱུག་པ་མཐོང་། །རྭ་གསལ་རིགས་ཡང་དར་ལ་བཏགས། །?]
  • པདྨ་རྒྱལ་མཚན་
    Pema Gyeltshen: དར་དོ་མཁན་པོ་ནགས་ལྟ་བ། །ནགས་ལུ་སྟག་མོ་རྒྱུག་པ་མཐོང་། །རི་མོ་རིགས་ཡང་དར་ལ་བཏགས། །དར་དོ་མཁན་པོ་མཚོ་ལྟ་བ། །མཚོ་ལུ་གསེར་མིག་རྒྱུག་པ་མཐོང་། །ངང་པ་རིགས་ཡང་དར་ལ་བཏགས། །དར་དོ་མཁན་པོ་གཞུང་ལྟ་བ། །གཞུང་ལུ་སྟག་ཤར་རྒྱུག་པ་མཐོང་། །སྨན་ཆུང་རིགས་ཡང་དར་ལ་བཏགས། །ནེ་ཙོ་རིགས་ཡང་དར་ལ་བཏགས། །རྨ་བྱ་རིགས་ཡང་དར་ལ་བཏགས། །ཤང་ཤང་རིགས་ཡང་དར་ལ་བཏགས་ཟེར་ དེ་ལས་འ་ནཱི་ དར་འདི་འ་ནཱི་སྦེ་འཐགཔ་མས་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: ད་ཏེ་འ་ནཱི་དར་ཞིནམ་ལས་ དེ་ལས་ དེ་ལས་ད་རུང་ར་ ཏེ་ཨ་ནཱི་ སྦང་ཆང་འཐུང་དགོ་ད་རུང་ར། སྦང་ཆང་ཨ་ནཱི་ སྦང་ཐེངས་གཉིས་གཉིས་ འ་ནཱི་རེ་འཐུང་འོང་ལགས། ཁོང་བཀྲ་ཤིས་སྦང་ཆང་ལོ་ མཆོད་གཡབ་ཀྱི་སྦང་ཆང་ལོ་ཟེར་ འ་ནཱི་སྦེ་འཐུང་ནི་ཡོད་ལགས། དེ་ལས་མར་གྱི་ཨ་ནཱི་ མར་[བཟང་སེ་?]ཅན་རྐྱབ་ནི་ སྲི་གནོན་རྐྱབ་ནི་ཚུ་འདི་ ཏེ་ཧེ་མ་ཨ་ནཱི་གནམ་མེད་ས་མེད་ དཔྱད་རི་རང་མི་འོང་པས་ལགས་ང་གིས།
  • པདྨ་རྒྱལ་མཚན་
    Pema Gyeltshen: དུང་དར་ དུང་དར་འདི་ང་བཅས་ཨ་ནཱི་ད་ཅི་ ཨ་ནཱི་སྐུད་འབད་མི་འདི་ ཨ་ནཱི་ནང་ ཨ་ནཱི་གུ་བཏགས་དགོཔ་སྦེ་ དེ་ལས་ཏེ་ འ་ནཱི་ཡང་ཏེ་མ་པ་ ཁོ་ཡང་ཏེ་ དུང་འཚོལ་བའི་འཚོལ་ལུགས། ཨ་ནཱི་ཡོད་བ་ལགས། དུང་འཚོལ་བ་ལ་ ཁོང་འ་ནཱི་ཡང་གཏང་དགོ དུང་འཚོལ་བ་ལ་སོང་ལྟ་ཚེ། །དུང་འཚོལ་བ་ལ་ཞུགས་ལྟ་ཚེ། །དུང་ལུ་ཕ་གཅིག་ཡོད་ཀྱང་མེད། །དུང་ལུ་མ་གཅིག་ཡོད་ཀྱང་མེད། །དུང་ལུ་ཕ་གཅིག་ལོས་ཀྱང་ཡོད། །དུང་ལུ་མ་གཅིག་ལོས་ཀྱང་ཡོད། །
  • པདྨ་རྒྱལ་མཚན་
    Pema Gyeltshen: [ཕ་ནི་་་་དང་མ་ནི་་་་། །ཕ་་་་་གཉིས་ཀྱི་སྤྲུལ་པ་རུ?]། །བུ་རུ་དུང་ནི་གསུམ་དུ་འབྱུང་ཟེར་ དུང་སྐྱེ་བ་གང་དང་གང་ལུ་སྐྱེས། །དུང་སྐྱེ་བ་ནགས་ཚལ་ཚལ་ལུ་སྐྱེས། །དུང་མཐོང་པ་སུ་དང་སུ་ཡིས་མཐོང་། །དུང་མཐོང་པ་ཨ་ཁུ་ལུག་རྫིས་མཐོང་། །དུང་བཅད་པ་སུ་དང་སུ་ཡིས་བཅད། །དུང་བཅད་པ་[སྤྱོད་འཇུག་དར་མས་?]བཅད། །ལེགས་མི་ལེགས་རྒྱང་ལས་བལྟ། །ཕྲང་ཡང་མི་ཕྲང་རྩ་བོ་ལས་བལྟ་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: རྩེ་མོ་བཅད་ རྩེ་མོ་ཁྲུ་གང་རྦད་ཀྱིས་བཅད། །སྟེང་ཕྱོགས་ལྷ་ལུ་ཕུལ་ཏེ་བཞག །ལྷ་བརྒྱ་བྱིན་དབང་པོའི་དུང་གི་མཛོད། །རྩ་བོ་ཁྲུ་གང་རྦད་ཀྱིས་བཅད། །འོག་ཕྱོག་ཀླུ་ལུ་ཕུལ་ཏེ་བཞག །ཀླུ་དགའ་བོ་འཇོག་པོ་དུང་གི་མཛོད། །བར་དུང་གསུམ་ཁྲུ་གང་དུང་གི་མཛོད། །དེ་དུང་གི་ཚད་ནས་ལེན་ཏེ་བཞག་ཟེར་ ཏེ་འ་ནཱི་ལས་ ཏེ་བཅད་དུང་འ་ནཱི་དར་ཤིང་ དར་ཤིང་འདི་ལགས། ཕར་ལས་བཅད་འབག་འོང་དགོ་བ།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ངབཅས་ནཱ་ ནཱ་ཕ་ཇོ་གི་ལུགས་སྲོལ་འབད་བ་ཅིན་ ད་འ་ནཱ་ལས་ཏེ་ ཨ་ནཱི་ད་ཅི་ཨ་ནཱ་ བསམ་མཁར་ཟེར་ ཨ་ནཱི་བུམ་པ་བཟོ་མི་སྐུདཔ་བཟོ་མི་འ་ནཱ་ལས་ཏེ་ རྩེམོ་དྲུག་གསུམ་ཕུར་པའི་དཔལ་ཐོ་ཅན། །དུང་ཚད་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག་ཟེར་ཏེ་ མདའ་མོ་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དགོན་བཟང་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །བང་རི་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །ལྷ་དར་དགུང་ལས་མ་གཡོ་བ། །དར་ཅོག་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །ལྷ་དར་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་ བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཨ་ནཱ་ [དངོས་གྲུབ་?]གུ་ལུ་ ནངས་པ་དྲོ་པ་[དངོས་གྲུབ་?]བཟོ་ནི་ཡོད་བ་ལགས། [དངོས་གྲུབ་?]དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །ཆོས་འབྲེལ་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །ལྷ་ཤིང་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །[དངོས་གྲུབ་?]དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །
  • པདྨ་རྒྱལ་མཚན་
    Pema Gyeltshen: མཆོད་པ་ མར་ཆང་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག །མཆོད་པ་དགུང་ལས་མ་གཡོ་བ། །སྡེ་བརྒྱད་ལྷ་ཡིས་དབང་ཅིག་བཀུར། །སྡེ་བརྒྱད་གསེར་གྱི་བྱིན་ཕོབ་ཅིག་ཟེར་ ལྷ་ཡིས་དབང་བཀུར་ གསེར་གྱི་བྱིན་ཕོབ་སྦེ་ དེ་ལས་འ་ནཱ་ལས་འབད་ དེ་ལས་ཏེ་ད་རུང་ ལྷ་བསང་གཏངམ་ཨིན་ལགས་ང་བཅས། འ་ནཱི་སྦེ་ཨིན་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: ལྷ་བོན་འབད་དགོ་མི་འདི་ དང་ཕུ་ཧེ་མ་ཧེ་མ་འབད་བ་ཅིན་ མ་པ་ཨ་ནཱི་ཨ་ཙི་ཅིག་ དེ་སྦེ་ཞུ་བ་ཅིན་ ང་བཅས་ མར་ཨ་ནཱི་ ཕ་ས་བདག་རྒྱལཔོ་ཟེར་འདུག་བ་ལགས། དེ་ལས་ང་བཅས་ཕ་ས་བདག་རྒྱལཔོ་འདི་ཡང་ ཏེ་ལཱ་ཁག་སྦེ་སྙུང་སྟེ་གིས་སྦེ་ ཁོ་ཏེ་རིམ་གྲོ་ག་ཅི་འབད་རུང་མ་དྲག་པར་ ག་ཅི་འབད་རུང་མ་དྲག་པར་ དེ་ལས་ཏེ་ རྩིས་་་་ མོ་བལྟ་ རྩིས་བལྟ་ [ཕྱག་ཕོ་?]འབདཝ་ད་ལུ་ དེ་ལས་ཏེ་ ད་ཏེ་ཨ་ནཱི་ང་བཅས་ཨ་ནཱི་རྩིསཔ་ རྩིས་པ་གིས་རྩིས་བལྟ་ [ཕྱག་མ་གིས་ཕྱག་ཕོ་?]སྦེ་ འ་ནཱི་སྦེ་འབདཝ་ད་ལུ།
  • པདྨ་རྒྱལ་མཚན་
    Pema Gyeltshen: ད་དེ་སྦེ་མེན་པས་ཟེར་ཏེ་ ཁྱོད་ དེ་ལས་འ་ནཱི་བུཚ་འདི་གིས་ ཕ་ས་བདག་རྒྱལ་པོ་གི་བུཚ་འདི་གིས་ ཏེ་འ་ནཱི་སྦེ་མོ་བཏབ་པར་འགྱོཝ་ད་ལུ་ ད་ཁྱོད་ཡབ་ ཕ་ས་བདག་རྒྱལཔོ་འདི་དྲག་དགོ་པ་ཅིན་ ཏེ་ཕར་ཕར་རྒྱ་གར་ཡུལ་གྱི་ ང་བཅས་ཨ་ནཱི་ ད་ལྟོ་ང་བཅས་འབད་ཚེ་ ཏེ་ཕ་ཇོ་ཟེར་སྡོད་མམ་ ཧེ་མ་ཧེ་མ་ བོནམ་ཤེས་སྟོནམ་ཟེར་སླབ་མས་བ་ལགས། བོནམ་ཤེས་རབ་སྟོནམ་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: འ་ནཱི་འདི་རྒྱ་གར་གཡུས་ཀྱི་ཕ་གི་ནང་ བོད་པ་གཡུས་ཀྱི་ཚུ་རོལ་དུ་ ཨ་སུ་རའི་བྲག་ཕུག་ནང་ཟེར་ ཏེ་ཤིང་མོ་ལུས་གྲུབ་པའི་རྩ་བར་ཟེར་ཏེ་ ཨ་ནཱི་ཕར་སྟོནམ་ཤེས་རབ་ཅིག་འདུག་ཟེར་ ཏེ་སྟོནམ་ཤེས་རབ་ཅིག་ཡོད་ཟེར་ཏེ་ འ་ནཱི་འབོ་བར་སོང་སྟེ་གིས་སྦེ་ ཏེ་ད་ཁྱོད་ལྷ་བོན་འདི་འབད་དགོ་པས་ཟེར་ཏེ་ ལྷ་བོན་འབད་བ་ཅིན་ ཁྱོད་ཨབ་འདི་དྲག་རང་དྲག་ཟེར་ ད་དྲག་ནི་མས་ ལྷ་བོན་མ་འབད་བ་ཅིན་ མི་དྲག་པས་ཟེར་ཏེ་ ཁོ་གིས་འ་ནཱི་སྦེ་ མོ་བཏབ་མི་འདི་གིས་འ་ནཱི་སྦེ་སླབ་ཅིག་
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཏེ་མོ་བཏབ་མི་འདི་གིས་ ད་དབའི་ཟེར་ཏེ་ ད་དུས་འཕྲོ་ལས་རང་ ད་རྟ་སྒ་རྐྱབ་ཅིག་ ཏེ་རྟ་སྒ་རྐྱབ་པའི་ལོང་ཡང་མེད་པར་ ཧྲག་ཧྲིག་བཏང་སྒ་རྐྱབ་ ཁོ་ཨབ་འདི་རང་དྲག་ནི་ཡོད་པ་ཅིན་ དེ་འགྱོརང་འགྱོ་དགོ་ཟེར་ཏེ་ དེ་འ་ནཱི་འབད་ཞིན་ན་ ཏེ་ཕྲང་ཕྲང་རང་ ཏེ་ཕར་ལ་གཅིག་བརྒལ་ ལུང་གཅིག་བརྒལ་སྦེ་ འ་ཕར་སོང་སྟེ་གིས་སྦེ་ ཏེ་ད་སྟོནམ་ཤེས་རབ་ འ་ནཱི་ཨིན་ཟེར་ཏེ།
  • པདྨ་རྒྱལ་མཚན་
    Pema Gyeltshen: ད་ངེའི་ཕ་ས་བདག་རྒྱལཔོ་འདི་ཏེ་ གནམ་མེད་ས་མེད་ཏེ་ ན་སྟེ་གིས་ཡོད་ཟེར་ཏེ་ ཨ་ལ་ལ་གིས་གནམ་མ་ལང་པ་ཡོད་ཟེར། ཨ་ཆུ་ཆུ་གིས་ས་མ་ཁྱབ་པར་ཡོད་ཟེར་ཏེ་ ད་དེ་བོན་ལྷ་བོན་གསོལ་བོན་འབད་དགོ་པས། ད་ཁྱོད་ལྷ་བོན་འབད་བ་འགྱོ་དགོ་པས་ཟེརཝ་ད་ལུ་ དེ་ལས་ཏེ་ འ་ནཱི་ཕ་ཇོ་འདི་གིས་ ད་རུང་ཁོ་ཏེ་ ད་དེ་སྦེ་ང་གིས་དེ་སྦེ་མི་བཏུབ་ཟེར་ཏེ་ ང་ཤེས་ཀྱང་ཕ་ལ་འདྲི་དགོ་ཟེར་ཏེ་ མགྱོགས་ཀྱང་རྟག་ལུ་བཞོན་དགོ་ཟེར་ དེ་ལས་འབདན་ཁོ་ཨ་ནཱི་ཡབ་ཨབ་འདི་ལུ་ ད་ཨབ་དང་ཨའི་ལུ་ ད་ང་འ་ནཱི་སྦེ་ཕར་ལས་འ་ནཱི་སྦེ་འབོ་བ་འོང་ནུག ཏེ་ག་དེ་སྦེ་འབདན་ན་ཟེརཝ་ད་ལུ།
  • པདྨ་རྒྱལ་མཚན་
    Pema Gyeltshen: ཨཱ་་་་་་སོང་ཤིག་ཟེར་ཏེ་ ད་ཁྱོད་ཏེ་ ཁྱོད་འ་ནཱི་སྦེ་ མར་ཕ་ས་བདག་རྒྱལ་པོའི་གཡུས་ཁ་ལུ་ ཏེ་སོང་ཞིན་ན་ཁྱོད་ཀྱིས་ ལྷ་བོན་འབད་ཟེར་ཏེ་ རྔ་ལྷ་རྔ་གསེར་རྔ་བཙུགས་ཏེ་གིས་སྦེ་ ཏེ་ལྷ་བོན་འབད་བ་ཅིན་ ཁོ་ཏེ་ ཚ་བའི་ནད་མེ་ནས་གྲོལ་ཟེར་ཏེ་ གྲང་པའི་ནད་ཆུ་ནས་གྲོལ་བས་ཟེར་ཏེ་ ད་འདི་ལེགས་ཤོམ་ཨིན་པས་ སོང་ཤིང་ཟེར་ འ་ནཱི་ཕ་ཇོ་འདི་འབོ་ཞིན་ན་ དེ་ལས་ཏེ་ འ་ནཱི་ཁོ་ལྷ་བོན་འབདཝ་ཅིག་ དེ་ལས་ཨ་ནཱི་ཕ་ས་བདག་རྒྱལཔོ་དེ་དྲག་དྲགཔ་ཨིན་ ཟེར་སླབ་མས་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་འ་ནཱི་སྦེ་དྲག་ཞིནམ་ན་ དེ་ལས་ཏེ་ ཁོ་གིས་ཏེ་ ཡབ་ཀྱི་དོན་ལས་ འ་ནཱི་བུ་ཁར་གྱི་གསེར་གྱི་ཟེར་མི་འདི་གིས་ ཁོ་ཕ་ས་བདག་རྒྱལ་པོའི་དོན་ལས་ ད་ཁྱོད་ཀྱིས་ལྷ་བོན་འབད་བ་ཅིན་བཏུབ་ཟེར་ཏེ་ ང་གིས་ཁྱོད་ཀྱི་ཡོན་འདི་ [གླང་ཅུང་ཉ་དང་ཆ་སྟེ་?] ཕུལ་ནི་ཟེར་ཏེ་ བ་མོ་ཞོ་དང་ཆ་སྟེ་ཕུལ་ནི་ཟེར་ཏེ་ གསེར་ཞོང་གསེར་གྱིས་གང་ དངུལ་ཞོང་དངུལ་གྱིས་གང་སྟེ་གིས་སྦེ་ ངེའི་ཨབ་འདི་རང་དྲག་པ་ཅིན་ ཁྱོད་ལུ་ཡོན་འ་ནཱི་སྦེ་ཕུལ་ནི་ཟེར་ཏེ་
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཏེ་ འ་ནཱི་འབདཝ་ད་ལུ་ དེ་ལས་ཁ་བླངས་འདི་གིས་ཏེ་ ནཱ་འོང་མར་ལྷ་བོན་འབད། ལྷ་བོན་འབད་ཚར་ཞིན་ན་ཏེ་ ལྷ་རྔ་གསེར་རྔ་བཙུགས། དེ་ལས་ཏེ་ལྷ་བོན་འབད། དེ་ལས་ཁོ་ཨབ་འདི་དྲག་དྲགཔ་ཨིན་ ཟེརཝ་མས་ལགས། ད་རེས་ང་བཅས་མི་རྐྱངམ་ཅིག་མེན་པར་ ཁོང་ཨ་ནཱི་ས་བདག་རྒྱལཔོ་ འ་ནཱི་ཚུ་ཡང་ཏེ་ ཨིན་ཅིག་མིན་ཅིག་ ཁོང་ཡང་ཏེ་འ་ནཱི་འབད་དགོ་ཟེར་ འ་ནཱི་གིས་ཨིན་པས་བ་ལགས།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་དཔེ་འ་ནཱི་དང་ དཔེ་འ་ནཱི་བཟུམ་ཅིག་ ང་བཅས་ར་ལྟོ་བཅོས་རིམ་གྲོ་འབད་རུང་ བླམ་[ཚོང་གོརཔ་?]ལེགས་ཤོམ་ཡོད་པ་ཅིན་ ད་རེས་ང་བཅས་ནཱ་ལུ་ ཨ་ནཱི་སྦ་བཀག་སྟེ་གིས་སྦེ་ བྱ་གི་སྒྲོ་བཟོ་སྟེ་ མདའ་བཟོ་ གླུད་གུ་འ་ནཱི་མདའ་བཟོ་བཏངམ་མས་བ་ལགས། འ་ནཱི་ཡང་ཏེ་ མར་གསེར་གྱི་མདའ་སྦེ་སྤྲོད་ཚུགས་ཟེར།
  • པདྨ་རྒྱལ་མཚན་
    Pema Gyeltshen: དེ་ལས་ཏེ་ འ་ནཱི་[ཚོང་གོརཔ་?]འདི་ལེགས་ཤོམ་མེད་པ་ཅིན་ འ་ནཱི་སྤྲོད་མི་ཚུགས་ཟེར་ཨིན་མས་བ། ཏེ་འ་ནཱི་འབདཝ་ད་ལུ་ཁོ་གིས་ཏེ་ མར་ལས་ཏེ་ རྔ་ལྷ་རྔ་གསེར་རྔ་བཙུགས་ཏེ་གིས་སྦེ་ ཁོ་ཏེ་ ཨ་ནཱི་དྲག་ ད་རིས་ལྷ་བོན་མ་པ་ར་ ལྷ་བོན་བཀོ་མ་བཞག་པར་འབད་དགོ་མི་རྒྱུ་མཚན་འདི་ འ་ནཱི་ཨིན་ཟེར་ཨིན་པས་ལགས་ མ་པ་འདི། ཏེ་ང་བཅས་ཀྱིས་སྒྲ་དག་སྤུས་དག་ གནམ་མེད་ས་མེད་ཞུ་མ་ཚུགསཔ་མམ་ ཏེ་ཨ་ཙི་རེ་ཨ་ཙི་རེ་ ལྷམ་ལྷམ་ཅིག་འ་ནཱི་སྦེ་ཞུ་དགོ་པས་ལགས།། །།