Video Overview
༉ ལྕང་ཡུལ་བུམོ་དགའ་ལེགསམོ་འདི་ ལྕང་གཡུས་དེ་ནང་ ག་ནི་བ་འཇའ་རིསམོ་ཅིག་སྡོད་སྡོདཔ་མས། དེ་ཡང་ ཧེ་མ་མགར་ས་རྫོང་ནང་ཕྱག་ཞུ་སྡོད་མི་མགར་ས་བླ་མའི་སེངྒེ་ཟེར་མི་དང་ཅིག་ཁར་དགའ་མཐུན་བྱུང་བའི་མཐའ་མར་ དགའ་ལེགསམོ་གི་ཕམ་ཚུ་གིས་ངོས་ལེན་འབད་མ་བཏུབ་མ་ཚད་ མཐར་བཤུད་བཏང་པའི་ཤུལ་ལུ་ ལྕང་ཡུལ་བུམོ་དེ་ཤི་སོངཔ་ཨིན་པས། བུམོ་གི་དེ་གི་ཕུངམོ་དེ་མེ་བཏང་པའི་སྐབས་ སྒར་ས་བླ་མའི་སེངྒེ་དེ་ཡང་མེ་ནང་མཆོངས་ཏེ་ སྟབས་གཅིག་ཁར་ཤི་སོང་པའི་ལོ་རྒྱུས་ ད་ལྟོའི་བར་ན་ཡང་ ཡོངས་གྲགས་སྦེ་ཡོདཔ་མ་ཚད་ སློབ་གྲྭ་ནང་ཡང་སྲུང་སྦེ་ལྷབ་ནི་ཡོདཔ་ཨིན། འདི་གི་སྐོར་ལས་གློག་བརྙན་འདི་ནང་བཤད་པ་རྐྱབ་མི་དེ་ཡང་ དགའ་ལེགསམོ་གི་མི་བརྒྱུད་ཅིག་ཨིན་མི་ ལྕང་ཡུལ་ལས་རྣམ་རྒྱལ་བཟངམོ་ཨིན་པས།
- Zamdongkhar Changyul
- རྣམ་རྒྱལ་བཟངམོ།ད་ ལྕང་ཡུལ་བུམོ་ དགའ་ལེགསམོ་གི་ ཁྱིམ་འདི་ ཨ་ནཱི་ རྙིངམ་འདི་ར་ཨིན་ལགས། ཏེ་ ཨ་ནཱི་ཁར་ལུ་ ཁྱིམ་འདི་ ཐོག་གསུམ་སྦེ་ ཏེ་ ཁོང་རང་གི་ ཕ་ཁྱིམ་འདི་ར་ ཨ་ནཱི་སྦེ་འབད་ ཏེ་ མ་པ་ མགར་ས་ བླ་མའི་སེངྒེ་ཟེར་ ཏེ་ འདི་མར་རྫོང་ནང་སྡེ་པའི་་ ཕྱག་ཞུ་མི་ཅིག་ ཨིན་དོ་ཡོདཔ་ཨིན་མས་པ་ལགས།
- རྣམ་རྒྱལ་བཟངམོ།ཏེ་ དགའ་ལེགསམོ་གི་ རྨགཔ་འབད་སྦེ་ ཏེ་ དགའ་ལེགསམོ་འདི་ ཨཔ་དང་ ཨའི་གི་ གཉེན་རྐྱབ་མ་སྟེར་བ་ ཏེ་ མོ་ ཨ་ནཱི་སྦེ་ གྱོངས་སྦེ་ ཏེ་ ད་རེས་ ང་བཅས་འབདཝ་ད་ ཏེ་ བརྒྱུད་པ་ལས་ བརྒྱུད་པ་ཡར་སོང་ནུག་ལགས།
- རྣམ་རྒྱལ་བཟངམོ།ཏེ་ ང་བཅས་ཀྱིས་ གནམ་མེད་ས་མེད་ ཤེས་ཡང་མི་ཤེས་པས། ད་རེས་ བརྒྱུད་པ་ ང་བཅས་འབདཝ་ད་ ང་བཅས་ཀྱིས་ བདག་འཛིན་འབད་སྦེ་ ཏེ་ ད་མ་པ་འདི་ ཁྱིམ་འདི་ ཨིན་ནི་འདི་ དང་ཕུག་ དུས་རྒྱས་ལས་ཀྱི་ ཁྱིམ་འབད་ནི་དེ་གིས་ བྱིན་བརླབས་ཡང་ ཆེ་ཤོས་སྦེ་ར་ ཨིན་ལགས་ཨིན་ནི་འདི།
- རྣམ་རྒྱལ་བཟངམོ།ཏེ་ རོགས་ ཟླཝ་དང་པ་ དཔའ་མཛངསཔ་ ཡར་ལས་མར་ འོངམ་སྦེ་འབདཝ་ད་ དཔའ་མཛངསཔ་ཡང་ ནཱ་འོང་ ནཱ་ ང་བཅས་ཀྱི་ མཆོད་བཤམ་ནང་ མར་ཆང་ཕུད་གཏོར་ ཏེ་ འདི་ལས་ ལོག་སུ་ འཆམ་རྒྱས་པའི་ཟེར་ འདི་ལས་ མར་ལས་འོངམ་སྦེ་ སྒོ་ཁ་ལུ་ རྦད་རྐྱབ་ སླེམ་མ་ཆམས་ འདི་ལས་ ཆང་ཕུད་གཏོར་ ཨ་ནཱི་སྦེ་རང་ འབད་དགོ་ལགས།
- རྣམ་རྒྱལ་བཟངམོ།ཏེ་ འདི་ལས་ འདི་དང་བསྟུནམ་ ཕར་ལྕང་ཤིང་ ལྕང་ཡུལ་མགོན་བྲགཔ་ཟེར་ ཕར་མགོན་བྲག་འདི་ཁར་ ཏེ་ ལོ་གཅིག་ལུ་ ཕར་མགོན་བྲགཔ་ ཚར་གསུམ་གསོལ་དགོ་ལགས། ཟླཝ་བརྒྱདཔ་ དགུ་པའི་ནང་ ཚར་གཅིག ཏེ་ དགུན་ཟླ་ཟེར་ མར་མགོནཔ་ དབང་ཆེན་དང་འཁྲིལ་ མར་བཞེངས་བརྡ་ཕུལཝ་ཅིག་ ཏེ་ འདི་ནང་ དྲོ་པ་བ་ཛ་(ཆུ་ཚོད)གསུམ་ལས་ ཏེ་ མར་ལས་ དར་ཞུ་སྦེ་ ཡར་ལུ་ མགོན་བྲགཔ་གསོལ་ འདི་ལས་ མར་ལས་ སློབ་དཔོན་རྩེ་ ཞུ་སྟེ་རང་ དེ་སྦེ་འབད་དགོ་ལགས།
- རྣམ་རྒྱལ་བཟངམོ།ཏེ་ འདི་ལས་ མཇུག་འདི་རང་ ཟླཝ་གསུམ་པའི་ནང་ གྲོ་ལི་གསོལཝ་ད་ མ་གྲོ་ལི་གསོལ་འབད་སྦེ་ ཏེ་ ཨ་ནཱི་བསྒང་ ཟླཝ་གསུམ་པའི་ ཚེས་བཅོ་ལྔ་ལུ་ མཇུག་བསྡུཝ་ཨིན་ལགས། ཏེ་ འདི་ལས་ ཨ་ནཱི་ ལྕང་ཤིང་ལྕང་ཡུལ་ མགོན་བྲགཔ་ཟེར་ ཏེ་ འོ་ནཱི་ ནཱ་གི་འདི་དང་ སྦྲགཔ་འབདན་འདི་གིས་ ཕར་གི་འདི་ཡང་ ནཱ་ ང་བཅས་ཀྱིས་རང་ འདི་བསྒང་ལས་རང་འབདན་འདི་གིས་ ད་་ལྟོ་བར་ན་ཡང་ ང་བཅས་ཀྱིས་རང་ འབད་སྡོད་དགོ་ལགས།
- རྣམ་རྒྱལ་བཟངམོ།ཨ་ནཱེ་ཅིག་རང་ཨིན་ལགས། བཀའ་དྲིན་ཆེ།