Video Overview
ཆང་སྐོར་ཟེར་མི་འདི་ སྡེ་ཚན་སྡེ་ཚན་འབད་བཟོ་ཞིན་ན་ ཞབས་བྲོ་རེ་འཁྲབ་ ཆང་ཕོརཔ་གང་གང་རེ་འཐུང་ཞིནམ་ལས་ ཁྱིམ་བསྐོར་རྐྱབ་སྟེ་ འགྱོ་མི་ཅིག་ལུ་ཆང་སྐོར་ཟེར་ སླབ་སྲོལ་དར་ཁྱབ་འབྱུང་སྟེ་འདུག དེ་བཟུམ་མའི་སྲོལ་འདི་ མང་ཆེ་ཤོས་ཅིག་ ཤར་ཕྱོགས་རྫོང་ཁག་གི་ཁ་ཐུག་ཡོདཔ་ཨིན། ད་ལྟོ་གི་གནས་སྐབས་ན་འབད་བ་ཅིན་ ཁེངས་བུ་ལི་ལུ་ བུ་ལི་མཆོད་པའི་མཇུག་ལུ་འབད་ ཆང་སྐོར་རྐྱབ་ཨིན་པས། ཞབས་བྲོ་འདི་ཡང་ ཆང་གཙང་སྒོར་མོ་མི་བཙུགས་ཆང་གཙང་སྒོར་མོ་བཙུགས་ཡོད། ཟེར་བའི་ཞབས་བྲོ་རྐྱབ་སྦེ་ ཁྱིམ་གུང་བཤལ་རྐྱབ་སྟེ་འགྱོཝ་ཨིན་པས། དེ་ལས་ ཆང་ཕོརཔ་རེ་རེ་ལག་པར་བཤེད་སྦེ་ གླུ་གཞས་ གཞུང་སྒྲ་བཞེས་སྤྲོ་ཡར་མཆོད་ཡར་ར་མཆོད། ཟེར་ ག་ནི་བ་སྤྲོ་བ་ཆེ་ཏོག་ཏོ་སྦེ་ འཐེན་ཏེ་ཆང་གི་མཆོད་པ་ཕུལ་ཞིནམ་ལས་ ལོག་དངོས་གྲུབ་ཞུ་བའི་ཚུལ་འབད་ ཆང་འདི་འཐུངམ་ཨིན་པས།
- Buli
- བུ་ལི་གི་གཡུས་མི་/Villagers of Buli: ཆང་བཟང་མགུར་མོ་བཙུགས་ན་ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་ཞུ་ཡོད། ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་ཞུ་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: དབའེ་ཆང་སྐོར་ལུ་བྱོནམ་ཨིན་ན་ཁྱོད་ཚུ?
- བུ་ལི་གི་གཡུས་མི་/Villagers of Buli: ཨིན་ལགས་ང་བཅས་གཡུས་སྐོར་ཏེ་ ཆང་སྐོར་ལུ་འོངམ་ཨིན།
- བུ་ལི་གི་གཡུས་མི་/Villagers of Buli: ང་ཡང་ཆང་སྐོར་ལུ་འགྱོ་དགོ་པས།
- བུ་ལི་གི་གཡུས་མི་/Villagers of Buli: ཕྱག་ན་རྡོ་རྗེ་སེམས་དཔའ་བདག་གི་བླ་མ་གཅིག་བཞུགས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ་་་་་དབུ་ལ་ཨོ་རྒྱན་པད་ཞྭ་ཅིག་བཞུགས་ཡོད། ཨོ་རྒྱན་པད་ཞྭའི་སྟེང་ལ་གསེར་གྱི་ཉི་ཟླ་འདྲཝ་ཅིག་སྤུབཔ་ཡོད། གཡུ་ཡི་(གསེར་གྱི་)ཉི་ཟླ་འདྲཝ་ཅིག་སྤུབས་ཡོད། གསེར་གྱི་ཉི་ཟླ་ཡི་སྟེང་ལ། གཡུ་ཡི་(གསེར་གྱི་)བྲང་ཆར་(འོད་ཀྱི་ཆར)་ཅིག་འབབས་ཡོད། གཡུ་ཡི་བྲང་ཆར་ཅིག་འབབས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཆང་བཟང་མགུར་མོ་མི་ཞུ་ཆང་བཟང་མགུར་མོ་གཅིག་བཞུགས་ཡོད། ཆང་བཟང་མགུར་མོ་གཅིག་བཞུགས་ཡོད།ཆང་བཟང་མགུར་མོ་ཞུ་ན་ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་ཞུ་གེ། ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་ཞུ་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཤར་ན་རྡོ་རྗེ་སེམས་དཔའ་བདག་གི་བླ་མ་གཅིག་བཞུགས་ཡོད། བདག་གི་བླ་མ་གཅིག་ཞུ་ཡོད། བདག་གི་བླ་མའི་དབུ་ལ་ཨོ་རྒྱན་པད་ཞྭ་ཅིག་བཞེས་ཡོད། ཨོ་རྒྱན་པད་ཞྭ་ཅིག་བཞེས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཨོ་རྒྱན་པད་ཞྭ་སྟེང་ལ་གསེར་གྱི་ཉི་ཟླ་ཅིག་སྤུབས་ཡོད། གསེར་གྱི་ཉི་ཟླ་ཅིག་སྤུབས་ཡོད། གསེར་གྱི་ཉི་ཟླ་སྟེང་ལ་གཡུ་ཡི་བྲང་ཆར་(འོད་ཀྱི་ཆར)་ཅིག་འབབས་ཡོད། གཡུ་ཡི་བྲང་ཆར་(འོད་ཀྱི་ཆར)་ཅིག་འབབས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཆང་བཟང་མགུར་མོ་མི་ཞུ་ཆང་བཟང་མགུར་མོ་གཅིག་བཞུགས་ཡོད། ཆང་བཟང་མགུར་མོ་གཅིག་བཞུགས་ཡོད། ཆང་བཟང་མགུར་མོ་ཞུ་ན་ཉི་མ་ལ་སོ་ལྷོ་གི་ཕྱོགས་ལ་ཞུ་ཡོད། ཉི་མ་ལ་སོ་ལྷོ་གི་ཕྱོགས་ལ་ཞུ་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ལྷོ་ན་རིན་ཆེན་འབྱུང་གནས་བདག་གི་བླ་མ་གཅིག་བཞུགས་ཡོད། བདག་གི་བླ་མ་གཅིག་ཞུ་ཡོད། བདག་གི་བླ་མའི་དབུ་ལ་ཨོ་རྒྱན་པད་ཞྭ་ཅིག་བཞེས་ཡོད། ཨོ་རྒྱན་པད་ཞྭ་ཅིག་བཞེས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཨོ་རྒྱན་པད་ཞྭའི་སྟེང་ལ་གསེར་གྱི་ཉི་ཟླ་འདྲཝ་ཅིག་ཞུ་ཡོད། གསེར་གྱི་ཉི་ཟླ་འདྲཝ་ཅིག་ཞུ་ཡོད། གསེར་གྱི་ཉི་ཟླའི་སྟེང་ལ་གཡུ་ཡི་བྲང་ཆར་(འོད་ཀྱི་ཆར)་ཅིག་འབབས་ཡོད། གཡུ་ཡི་བྲང་ཆར་(འོད་ཀྱི་ཆར)་ཅིག་འབབས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: གཡུ་ཡི་བྲང་་་
- བུ་ལི་གི་གཡུས་མི་/Villagers of Buli: ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: གནམ་རྩིབ་བརྒྱ་འཁོར་ལོ་དབའེ་སྤུབས་པའི་འོག་དབའེ། ས་པདྨ་འདབ་བརྒྱད་དབའེ་ཚང་པའི་དབྱངས་ཚང་པའི་དབྱངས། ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: བར་བཀྲིས་རྟགས་བརྒྱད་དབའེ་ཚང་པའི་དབྱངས་དབའེ། ནང་ཚང་པའི་དབྱངས་ལས་དབའེ་དབྱངས་ཞུ་གེ་དབྱངས་ཞུ་གེ ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: སྟེང་དུ་འབྲུ་གིས་དབའེ་གང་བར་ཤོག་དབའེ། འབྲུ་ལ་རྒྱན་ཆད་མེད་པའི་དབའེ་སྨོན་ལམ་ཞུ་སྨོན་ལམ་ཞུ། ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: འོག་ཐོག་ནོར་གྱི་དབའེ་གང་བར་ས་དབའེ། ནོར་ལ་མི་ཁ་མེད་པའི་དབའེ་སྨོན་ལམ་སྨོན་ལམ་ཞུ། ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: བར་ཐོག་མི་གི་དབའེ་གང་བར་ས་དབའེ། མི་ལ་ན་ཚ་མེད་པའི་དབའེ་སྨོན་ལམ་སྨོན་ལམ་ཞུ། ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: སྐུ་མགྲོན་ལྷན་རྒྱས་དབའེ་མང་ཡང་མང་།(?) ནང་་་དབའེ་མ་་་་་པ་མ་་པ། (?) ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: ཞལ་ད་རེས་མཇལ་ཀྱང་དབའེ་དོ་རུང་མཇལ་དབའེ། ཞལ་ཡང་ཡང་མཇལ་བའི་དབའེ་སྨོན་ལམ་ཞུ་སྨོན་ལམ་ཞུ། ཨའོ་ལེགས་སྤེལ་ལེགས་སྤེལ་དབའེ་ལེགས་སྤེལ་ས་དབའེ། ཨའོ་ལེགས་སྤེལ་ཕྱོགས་ལས་དབའེ་ཞུ་མཆི་གེ་ཞུ་མཆི་གེ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོཾ་ཨཿཧཱུ། ཨོཾ་ཨཿཧཱུ། ཨོཾ་ཨཿཧཱུ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག་ རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་/Villagers of Buli: བྱ་བའི་རྒྱུད། སྤྱོད་པའི་རྒྱུད་། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་ཕེད་པའི་རྒྱུད་དང་འབྲེལ་བའི་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཛ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་/Villagers of Buli: གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དོར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།
- བུ་ལི་གི་གཡུས་མི་/Villagers of Buli: དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུས་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱཧི།གཞན་ཡང་་་ཏའི་་་་་ཨེ་ཧུ་ཧུ་ཧུ་་་་་ཏའི་་་་་ཨེ་ཧུ་ཧུ་ཧུ་་་་་་་ཏའི་་་་་ཨེ་ཧུ་ཧུ་ཧུ་་་་་ཏའི་་་་
- བུ་ལི་གི་གཡུས་མི་/Villagers of Buli: དེ་ལས་ བཞེས་ཆང་ཕུལ་ཤིག་ གཅིག་གི་དྲང་ཤིག་ གཅིག་གི་བེར་དྲང་ གཅིག་གི་ཇུསི་(juice)དྲང་ གཅིག་གི་ཨ་རཱག་དྲང་ གཅིག་གི་སིང་ཆང་དྲང་ཤིག་
- བུ་ལི་གི་གཡུས་མི་/Villagers of Buli: ་་་ཡར་རང་མཆོད་ལ། ཡར་གྱི་མཚན་ལྡན་བླ་མ་མཆོད་ལ། ཡར་གྱི་མཚན་ལྡན་བླ་མ་མཆོད། མཚན་ལྡན་བླ་མ་མ་མཆོད་ན་ལ། བྱིན་བརླབས་གསུང་དཀྱི་གནང་ལ་ཞུ། བྱིན་བརླབས་གསུང་དཀྱི་གནང་ལ་ཞུ།
- བུ་ལི་གི་གཡུས་མི་/Villagers of Buli: བཞེས་འཕྲོ་ཡར་མཆོད་ཡར་ལ་མཆོད་ལ། ཡར་གྱི་དབང་ཕྱུག་དཔོན་པོ་མཆོད་ལ། ཡར་མཆོད་དབང་ཕྱུག་དཔོན་པོ་མཆོད། དབང་ཕྱུག་དཔོན་པོ་མ་མཆོད་ན་ལ། ཟས་ནོར་ལོངས་སྤྱོད་ང་ལ་ཞུ་ལ། ཟས་ནོར་ལོངས་སྤྱོད་ང་ལ་ཞུ།
- བུ་ལི་གི་གཡུས་མི་/Villagers of Buli: བཞེས་འཕྲོ་འདི་ཡར་མཆོད་ཡར་ལ་མཆོད་ལ། ཡར་གྱི་ལས་ཡབ་ཆེན་ཨ་པ་མཆོད་ལ། ཡར་གྱི་ལས་ཡབ་ཆེན་ཨ་པ་མཆོད། ཡབ་ཆེན་ལ་ཨ་པ་མ་མཆོད་ན་ལ། གཏམ་དང་ལས་ཚིག་གསུམ་ང་ལ་ཞུ། གཏམ་དང་ལས་ཚིག་གསུམ་ང་་་་་ལ་ཞུ།
- བུ་ལི་གི་གཡུས་མི་/Villagers of Buli: བཞེས་འཕྲོ་འདི་ཡར་མཆོད་ཡར་ལ་མཆོད་ལ། ཡར་གྱི་ཡུམ་ཆེན་ཨ་མ་མཆོད། ཡར་གྱི་ལས་ཡུམ་ཆེན་ཨ་མ་མཆོད། ཡུམ་ཆེན་ལས་ཨ་མ་མ་མཆོད་ན་ལ། གསུམ་ཆང་ལས་སེར་མོ་སེར་སྣ་རེད་ལ། གསུམ་ཆང་ལས་སེར་མོ་ང་ལ་ཞུ།
- བུ་ལི་གི་གཡུས་མི་/Villagers of Buli: བཞེས་འཕྲོ་འདི་ཡར་མཆོད་ཡར་ལ་མཆོད་ལ། ཡར་གྱི་ལས་སྟག་ཤར་གཞོན་པོ་བཞེས་ལ། ཡར་གྱི་ལས་སྟག་ཤར་གཞོན་པོ་བཞེས། སྟག་ཤར་ལ་གཞོན་པོ་མ་མཆོད་ན་ལ། དམ་ཚིག་ལས་་་་་་ལ་ཞུ་ལ། དམ་ཚིག་ལས་་་་ང་ལ་ཞུ།
- བུ་ལི་གི་གཡུས་མི་/Villagers of Buli: བཞེས་འཕྲོ་འདི་ཡར་མཆོད་ཡར་ལ་མཆོད་ལ། ཡར་གྱི་ལས་སྨིན་གཅུང་བུ་མོ་མཆོད་ལ། ཡར་གྱི་ལས་སྨིན་གཅིང་བུ་མོ་མཆོད། སྨིན་གཅུང་ལ་བུ་མོ་མ་མཆོད་ན་ལ། གླུ་གར་ལས་ཚིག་གསུམ་ང་ལ་ཞུ་ལ། གླུ་གར་ལས་ཚིག་གསུམ་ང་ལ་ཞུ།
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: བཀྲིས་བདེ་ལེགས་དབའེ་ ཆང་སྐོར་ལེགས་ཤོམ་སྦེ་བཞེས་ཤིག་ ཆང་སྐོར་ལེགས་ཤོམ་སྦེ་བཞེས་ཤིག་ ང་བཅས་རའི་ ལོ་འཁོར་ཟླ་བ་བཅུ་གཉིས་ ཞག་དུས་ཕྱེད་ད་བཅོ་བརྒྱད་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་སྟེ་བཞེས་ཤིག་
- བཀྲིས་བདེ་ལེགས་
- ཕུན་ཚོགས་དོན་གྲུབ་/Phuntsho Dendup: སང་ཕོད་འ་ནེམ་ཅིག་གི་ནང་འཁོད་ནང་ལུ་ ང་བཅས་ར་ཨཔ་ཀརྨ་མ་དང་ ཨམ་རྡོ་རྗེ་དབང་མོའི་ཁྱིམ་ནང་ལུ་ ཕོ་འགྲོ་གཡས་ལས་མི་ཞེན་ མོ་འགྲོ་གཡོན་ལས་མ་ཞེན་ ཆུང་ཕམ་ལས་མ་ཞེན་ བང་བུ་ལས་མ་ཡལ་སྦེ་ ལོག་སྟེ་རང་ནཱ་དགའ་ཏོག་ཏོ་ སྐྱིད་ཏོག་ཏོ་སྦེ་ སྡོད་ནི་གི་སྨོན་ལམ་
- ལགས་སོ་་་བཞེས་་་་བཞེས་
- བུ་ལི་གི་གཡུས་མི་/Villagers of Buli: འབྲུག་གཞུང་ང་ཚོའི་ཕ་ཡུལ་རེད།༢ །ཆོས་སྲིད་སྔར་ལས་དར་ཤིང་རྒྱས། །དར་ཤིང་རྒྱས་ཤར་ལས་ཁྲི་གདུགས་ཉི་མ་ཤར། འོད་ཟེར་འཛམ་གླིང་ཡོངས་ལ་ཁྱབ། །དགའ་བ་ལ་སྐྱིད་པ་འདུག་སོ་ཡ་ལ། །ང་ཚོ་མི་རིགས་མཐུན་ལམ་ཆེ། དམ་ཚིག་དར་གྱི་མདུད་པ་རེད།
- བུ་ལི་གི་གཡུས་མི་/Villagers of Buli: ཁྱོད་ར་ཚོགས་གིས་སྒྲ་སྙན་བཏང་།༢ ང་ཚོགས་གླུ་དང་ཞབས་བྲོ་འཁྲབ། །ཞབས་བྲོ་འཁྲབ་གླུ་གར་མཆོད་པ་ལྷ་ལུ་ཕུལ། ལྷ་ཡི་ཞིང་དུ་མདངས་རེ་སྤྲོ། །དགའ་བ་ལ་སྐྱིད་པ་འདུག་སོ་ཡ་ལ། །མཆོད་པའི་ལྷ་མོ་གླུ་ལ་གསོན། དར་ཤིང་རྒྱས་་་་་།
- བུ་ལི་གི་གཡུས་མི་/Villagers of Buli: ་་་བསངས་ཡངས་པའི་ནང་།༢ ཉིམ་དང་ཟླ་བ་བསྐོར་བ་རྒྱབ། བསྐོར་བ་རྒྱབ་འོད་ཟེར་ཕྱོགས་བཅུ་འཕྲོས་པ་ཡས། རྒྱལ་ཁབ་བསོད་ནམས་དབང་ཐང་རྒྱས། །དགའ་བ་ལ་སྐྱིད་པ་འདུག་སོ་ཡ་ལ། །ཉི་ཟླ་བསམ་དོན་གྲུབ་ལ་ནས། གླི་གཞི་བསྐོར་ནས་ལོག་ལ་ཡོང་། རི་འགོ་ཤིང་ལ་འཛོམས་ལ་ས།༢ བྱིའུ་ཅུང་གསུང་སྐད་སྙན་ལ་འཁོར། །སྙན་ལ་འཁོར་གསུང་སྐད་ལན་ཅིག་བསྒྱུར་བ་ལ། དྲི་ཟའི་གླིང་བུ་འདྲ་ལ་སོ། །དགའ་བ་ལ་སྐྱིད་པ་འདུག་སོ་ཡ་ལ། །སྐལ་པ་བཟང་ལ་ཕུན་སུམ་ཚོགས། བདེ་སྐྱིད་ཉི་མ་ཤར་བར་ཤོག
- ལེགས་སོ་་་་
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: ལོ་འཁོར་ཟླ་བ་བཅུ་གཉིས་ཞག་ཁལ་ཕྱེད་ད་བཅོ་བརྒྱད་ཀྱི་ ང་བཅས་རའི་ཏེ་ མཆོད་པའི་ལོ་དུས་འདི་ ཚེས་ ༡༤ ལས་ཚུར་འགོ་བཙུགས་ཞིནམ་ལས་ ང་བཅས་ར་ད་ལྟོ་ཚུན་ཚོད་ཀྱི་ལོ་དུས་འབད་མི་འདི་ལུ་
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: ག་ར་གིས་དག་སྣང་ལེགས་ཤོམ་སྦེ་གནང་སྟེ་ ལེགས་ཤོམ་སྦེ་ བརྩི་སྲུང་ལེགས་ཤོམ་ཞུ་སྟེ་ མཇུག་བཀྲིས་སྨོན་ལམ་གྱི་སྦེ་ མཇུག་བསྡུ་སྟེ་ བཀའ་དྲིན་སྐྱང་དགོ་ཟེར་ ག་ར་གིས་
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: ང་བཅས་ར་ཚུལ་དང་ལྡན་ཏོག་ཏོ་ སྟབས་བདེ་ཏོག་ཏོ་ ང་བཅས་ར་ག་ར་གིས་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་ སང་ཕོད་ཡང་དུས་ཚོད་ད་ལྟོ་བཟུམ་ཅིག་ནང་ ལེགས་ཤོམ་སྦེ་མཇལ་ནི་གི་ ཕོ་འགྲོ་གཡས་ལས་མ་ཞེན་ མོ་འགྲོ་གཡས་ལས་མ་རལ་(མ་ཞེན) ཆེཝ་གོང་ལས་མ་ཞེན་ ཆུང་ཕམ་ལས་མི་རལ་(མ་ཞེན)་པར་ ཏེ་ང་བཅས་ལེགས་ཤོམ་སྦེ་ འཛོམས་ནིའི་སྨོནལམ་འདི་ ལེགས་ཤོམ་སྦེ་བཏབ་སྟེ་ གནང་ད་ཟེར་ཞུ་ནི་ཨིན་ལགས།
- ལེགས་སོ་་་་
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: འགོ་བཙུགས་བཏང་ད།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། འབྲུག་པའི་སྤུངས་ཐང་བདེ་ཆེན་ལས་མཇལ་ཁ་བཏང་ལ། ཟམ་ལྕགས་གསེར་ཟམ་དངུལ་ཟམ་ལས་མཇལ་ནི་ཡོང་ལ། ཟམ་ལྕགས་གསེར་ཟམ་དངུལ་ཟམ་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། ཟམ་ལྕགས་གསེར་ཟམ་དངུལ་ཟམ་ལས་མཇལ་ཁ་བཏང་ལ། སྒོ་ལ་གསེར་སྒོ་དངུལ་སྒོ་ལས་མཇལ་ནི་ཡོང་ལ། སྒོ་ལ་གསེར་སྒོ་དངུལ་སྒོ་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། སྒོ་ལ་གསེར་སྒོ་དངུལ་སྒོ་ལས་མཇལ་ཁ་གནང་ལ། རྡོན་ཁྲི་ཆོས་ཀྱི་པོ་ཏི་ལས་མཇལ་ནི་ཡོང་ལ། རྡོན་ཁྲི་ཆོས་ཀྱི་པོ་ཏི་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། རྡོན་ཁྲི་ཆོས་ཀྱི་པོ་ཏི་ལས་མཇལ་ཁ་བཏང་ལ། སྒོ་བཏག་དངུལ་དཀར་མེ་ལོང་ལས་མཇལ་ནི་ཡོང་ལ། སྒོ་བཏག་དངུལ་དཀར་མེ་ལོང་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། སྒོ་བཏག་དངུལ་དཀར་མེ་ལོང་ལས་མཇལ་ཁ་བཏང་ལ། གཉའ་ཤིང་(རྣལ་ལྕགས་)གསེར་གྱི་བྱི་ཅུང་ལས་མཇལ་ནི་ཡོང་ལ། གཉའ་ཤིང་གསེར་གྱི་བྱི་ཅུང་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། གཉའ་ཤིང་གསེར་གྱི་བྱི་ཅུང་ལས་མཇལ་ཁ་བཏང་ལ། རྡོ་གཅལ་གཡུ་ཅུང་དྲུག་དཀར་ལས་མཇལ་ནི་ཡོང་ལ། རྡོ་གཅལ་གཡུ་ཅུང་དྲུག་དཀར་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། རྡོ་གཅལ་གཡུ་ཅུང་དྲུག་དཀར་ལས་མཇལ་ཁ་བཏང་ལ། གཉའ་ཤིང་གསེར་གྱི་བྱི་ཅུང་ལས་མཇལ་ནི་ཡོང་ལ། གཉའ་ཤིང་(རྣལ་ལྕགས)་གསེར་གྱི་བྱི་ཅུང་ལས་མཇལ་ནི་ཡོང་།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། གཉའ་ཤིང་(རྣལ་ལྕགས)་གསེར་གྱི་བྱི་ཅུང་ལས་མཇལ་ས་གནང་ལ། ལོག་འགྲོ་བྱུ་རུ་ཤིང་ཐག་(ཨེ་ཁུག་)ལས་མཇལ་ནི་ཡོང་ལ། ལོག་འགྲོ་བྱུ་རུ་ཤིང་ཐག་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། ལོག་འགྲོ་བྱུ་རུ་ཤིང་ཐག་ལས་མཇལ་ཁ་བཏང་ལ། གཟིམ་ཅུང་བཀྲིས་སྒོ་མང་ལས་མཇལ་ནི་ཡོང་ལ། གཟིམ་ཅུང་བཀྲིས་སྒོ་མང་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། གཟིམ་ཅུང་བཀྲིས་སྒོ་མང་ལས་མཇལ་ས་ན་ལ། རྒྱབ་ལ་གསེར་ཁྲི་དངུལ་ཁྲི་ལས་མཇལ་ནི་ཡོང་ལ། རྒྱབ་ལ་གསེར་ཁྲི་དངུལ་ཁྲི་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། རྒྱབ་ལ་གསེར་ཁྲི་དངུལ་ཁྲི་ལས་མཇལ་ས་ན་ལ། བཞུགས་གདན་སྟག་ལྤགས་ལས་གཟིག་ལྤགས་ལས་མཇལ་ནི་ཡོང་ལ། བཞུགས་གདན་སྟག་པགས་གཟིག་པགས་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། བཞུགས་གདན་སྟག་པགས་གཟིག་པགས་ལས་མཇལ་ས་ན་ལ། དྲགོས་བཅོ་ལྔའི་ཟླ་བ་ལས་མཇལ་ནི་ཡོང་ལ། དྲགོས་བཅོ་ལྔའི་ཟླ་བ་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ཨོམ་ཆུ་གསེར་ལས་ལ་ལས། དྲགོས་བཅོ་ལྔའི་ཟླ་བ་ལས་མཇལ་ས་ན་ལ། ཨ་ཞེ་ཞེ་ལྕམ་སྒྲོལ་མ་ལས་མཇལ་ནི་ཡོང་ལ། ཨ་ཞེ་ཞེ་ལྕལ་སྒྲོལ་མ་ལས་མཇལ་ནི་ཡོང་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ལེགས་སོ་་་་ལེགས་སོ་
- སིང་ཆང་བཞེས་མི་ཚུ་སིང་ཆང་ ཨ་རག་མེད་ག?
- ཨ་རག་རྒྱབ་ཁར་ཡོད།
- ཨ་ནཱི་ང་གིས་བཤེད་གེ་ ཁྱོད་ར་ཨ་རག་དྲང་ཤིག་ ཨ་ནཱི་ང་གིས་་་
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: ཨ་ནཱི་བཀྲིས་ཆང་སྨོ?
- བུ་ལི་གི་གཡུས་མི་/Villagers of Buli: བཀྲིས་ཆང་ཨིན་ལོ་ ཨིན་བཀྲིས་ཆང་ ད་བཀྲིས་ཕབ་ནི་ཨིན།
- བཀྲིས་ཆང་ཨིན་ལགས་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་གནང་ཤིག་ལགས།
- འོ་་་
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: ཡ་སྦྱིན་བདག་ཨ་མ་གིས་དྲང་དེས་ད་ང་བཅས་ར་ བཀྲིས་ཆང་ལེགས་ཤོམ་སྦེ་བཞེས་ཤིག
- བཀྲིས་ཆང་ལགས།
- ག་ཅི་སྨོ་ད་ཨ་རག་སྨོ་སིང་ཆང་སྨོ་ནཱ?
- བཀྲིས་ཆང་ལགས་ འོང་ལགས་
- སང་ཕོད་དུས་ཚོད་འ་ནེམ་ཅིག་ཁར་ལུ་ཡང་ ང་བཅས་ར་འཛོམས་ནིའི་སྨོན་ལམ་ཨིན་སྨ་རེད་ཟེར་ཤིག
- འཛོམས་ནི་གི་སྨོན་ལམ་ལེགས་ཤོམ་སྦེ་ བཏབ་གནང་དགོ་སྨ་རེད་ལགས།
- པའུ་དབའེ་ཆང་ལེགས་ནུག་སྨ་རེད་ སང་ཕོད་ལོ་བཟང་ནི་མས་ རྟེན་འབྲེལ་ལེགས་ཤོམ་འདུག་ ནང་གི་ཨམ་གྱི་ཆང་ཞིམ་པས།
- ལེགས་སོ་་་
- པའུ་དབའེ་ ཞིམ་ནུག་མས་ཞིམ་ནུག་ཨ་རག
- ཞིམ་ནི་ཨ་རག་ཞིམ་མས་ རྩེ་མོ་ཁྲ་མོ་ལ་ཟེར་ན།
- ཨ་རག་བཞེས་ཤིག་ལགས།
- འོ་ལགས་སོ་ལགས་སོ་ལགས།
- དབའེ་དབའེ་ཨ་ཙི་ཅིག་དབའེ་ དབའེ་དབའེ་ ཀ་ལས་ཀ་ལས་སྒྲོན་ཨ་ཙི་འབག་ཤོག་ དབའེ་ཨ་ཙི་ཅིག་མས་ དབའེ་དབའེ་ པ་པ་ ཨའེ་ཨིན་དབའེ་ཨིན།
- དུས་ཅི་འཛོམས་མི་མི་སང་ཕོད་འཛོམས་ནི།
- བྱོན་དགོ་སྨ་རེད་ག་ར།
- ད་འགྱོ་དགོ་ཏེ་ ཆད་ནི་མི་འོང་ ང་བཅས་ར་སྔར་གྱི་ལམ་ཆད་ནི་མི་འོང་ རང་གི་རང་འཁྱིད་འགྱོ་དགོ་ད།
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: འགོ་བཙུགས་ཡི་སྨ་རེད་ཟེར་ མཇུག་འ་ནི་བསྡུ་ནི་ཨིན་སྨ་རེད་ཟེར།
- ནང་ཨམ་ཚུ་ ཚེར་རུང་མ་ཚེར་རུང་ད་ ང་བཅས་རའི་ལོ་གཅིག་གི་ལོ་དུས་ཀྱི་ མཆོད་པ་གི་ཨིན་པས་ཏེ་ ང་བཅས་ར་སྐོར་ཏེ་རང་འགྱོ་དགོ་ད།
- ཆད་ཏི་རུ་ཁལ་ལྔ་རེ་རེ་ཡོད་མས་ ཆང་སྐོརཔ་ཚུ་ ང་བཅས་ཀྱི་ཁྱིམ་ནང་ མ་བྱོན་པ་ཅིན།
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: བླ་མ་ལས་འགོ་བཙུགས་ཏེ་མར་ ཕྱགསམ་འཕྱག་མི་ཚུན་ཚོད་ མཐུས་ཤོར་རུང་ག་ནི་མེད་སྨ་རེད་ ཞག་གསུམ་གྱི་རྒྱབ་ལས་ དེ་ལས་ སླབ་མི་འོང་པ་ཅིན་ ང་བཅས་མི་ཤེས་སྨ་རེད་ད།
- ལགས་སོ།
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: དགའ་བ་མི་ཕོག་ཞག་གསུམ་ ཞག་གསུམ་ལས་མི་ཤེས་སྨ་རེད།
- བུ་ལི་གི་གཡུས་མི་/Villagers of Buli: བཀྲིས་ལ་སོ་ལུང་པའི་ལ་ཕུ་ལ། བཀྲིས་ལ་སོ་ལུང་པའི་ལ་ཕུ་ལ། སྭོ་ཡ་ལ་གསེར་གྱི་ལ་སོ་ལྷ་ཁང་ལས་བཞེངས་ཡོད། སྭོ་ཡ་ལ་གསེར་གྱི་ལ་སོ་ལྷ་ཁང་ལས་བཞེངས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: གསེར་གྱི་ལ་སོ་ལྷ་ཁང་ལ་ནང་དུ། གསེར་གྱི་ལ་སོ་ལྷ་ཁང་ལ་ནང་དུ། སྭོ་ཡ་ལ་གསེར་གྱི་ལ་སོ་རིས་མོ་ལས་བྲིས་ཡོད། སྭོ་ཡ་ལ་གསེར་གྱི་ལ་སོ་རིས་མོ་ལས་བྲིས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཆར་པ་ལ་སོ་ལོ་གསུམ་ལ་བབས་ཀྱང་། ཆར་པ་ལ་སོ་ལོ་གསུམ་ལ་བབས་ཀྱང་། སྭོ་ཡ་ལ་རིས་མོ་ལ་སོ་ཡལ་ས་ལས་མིན་འདུག སྭོ་ཡ་ལ་རིས་མོ་ལ་སོ་ཡལ་ས་ལས་མིན་འདུག
- བུ་ལི་གི་གཡུས་མི་/Villagers of Buli: མིན་འདུག་ལ་སོ་མིན་འདུག་ལགས་མིན་འདུག མིན་འདུག་ལ་སོ་མིན་འདུག་ལ་མིན་འདུག སྭོ་ཡ་ལ་ན་བ་ལ་སོ་ཚ་བ་ལས་མིན་འདུག སྭོ་ཡ་ལ་ན་བ་ལགས་སོ་ཚ་བ་ལས་མིན་འདུག
- བུ་ལི་གི་གཡུས་མི་/Villagers of Buli: འདུག་གོ་ལ་སོ་འདུག་གོ་ལ་འདུག་གོ། འདུག་གོ་ལ་སོ་འདུག་གོ་ལ་འདུག་གོ། སྭོ་ཡ་ལ་དགའ་བ་ལ་སོ་སྐྱིད་པ་ལས་འདུག་གོ། སྭོ་ཡ་ལ་དགའ་བ་ལ་སོ་སྐྱིད་པ་ལས་འདུག་གོ།
- བུ་ལི་གི་གཡུས་མི་/Villagers of Buli: བཀྲིས་ལ་སོ་ལུང་པའི་ལ་ཕུ་ལ། བཀྲིས་ལ་སོ་ལུང་པའི་ལ་ཕུ་ལ། སྭོ་ཡ་ལ་དངུལ་གྱི་ལ་སོ་ལྷ་ཁང་ལས་བཞེངས་ཡོད། སྭོ་ཡ་ལ་དངུལ་གྱི་ལ་སོ་ལྷ་ཁང་ལས་བཞེངས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: དངུལ་གྱི་ལ་སོ་ལྷ་ཁང་ལ་ནང་དུ། དངུལ་གྱི་ལ་སོ་ལྷ་ཁང་ལ་ནང་དུ། སྭོ་ཡ་ལ་དངུལ་གྱི་ལ་སོ་རིས་མོ་ལས་བྲིས་ཡོད། སྭོ་ཡ་ལ་དངུལ་གྱི་ལ་སོ་རིས་མོ་ལས་བཞེངས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཆར་པ་ལ་སོ་ལོ་གསུམ་ལ་བབས་ཀྱང་། ཆར་པ་ལ་སོ་ལོ་གསུམ་ལ་བབས་ཀྱང་། སྭོ་ཡ་ལ་རིས་མོ་ལ་སོ་ཡལ་ས་ལས་མིན་འདུག སྭོ་ཡ་ལ་རིས་མོ་ལ་སོ་ཡལ་ས་ལས་མིན་འདུག
- བུ་ལི་གི་གཡུས་མི་/Villagers of Buli: མིན་འདུག་ལ་སོ་མིན་འདུག་ལ་མིན་འདུག མིན་འདུག་ལ་སོ་མིན་འདུག་ལ་མིན་འདུག སྭོ་ཡ་ལ་ན་བ་ལ་སོ་ཚ་བ་ལས་མིན་འདུག སྭོ་ཡ་ལ་ན་བ་ལ་སོ་ཚ་བ་ལས་མིན་འདུག
- བུ་ལི་གི་གཡུས་མི་/Villagers of Buli: འདུག་གོ་ལ་སོ་འདུག་གོ་ལ་འདུག་གོ། འདུག་གོ་ལགས་སོ་འདུག་གོ་ལ་འདུག་གོ། སྭོ་ཡ་ལ་དགའ་བ་ལ་སོ་སྐྱིད་པ་ལས་འདུག་གོ། སྭོ་ཡ་ལ་དགའ་བ་ལ་སོ་སྐྱིད་པ་ལས་འདུག་གོ།
- བུ་ལི་གི་གཡུས་མི་/Villagers of Buli: བཀྲིས་ལ་སོ་ལུང་པའི་ལ་ཕུ་ལ། བཀྲིས་ལ་སོ་ལུང་པའི་ལ་ཕུ་ལ། སྭོ་ཡ་ལ་དུང་གི་ལ་སོ་ལྷ་ཁང་ལས་བཞེངས་ཡོད། སྭོ་ཡ་ལ་དུང་གི་ལ་སོ་ལྷ་ཁང་ལས་བཞེངས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: དུང་གི་ལ་སོ་ལྷ་ཁང་ལ་ནང་དུ། དུང་གི་ལ་སོ་ལྷ་ཁང་ལ་ནང་དུ། སྭོ་ཡ་ལ་དུང་གི་ལ་སོ་རིས་མོ་ལས་བཞེངས་ཡོད། སྭོ་ཡ་ལ་དུང་གི་ལ་སོ་རིས་མོ་ལས་བཞེངས་ཡོད།
- བུ་ལི་གི་གཡུས་མི་/Villagers of Buli: ཆར་པ་ལ་སོ་ལོ་གསུམ་ལ་བབས་ཀྱང་། ཆར་པ་ལ་སོ་ལོ་གསུམ་ལ་བབས་ཀྱང་། སྭོ་ཡ་ལ་རིས་མོ་ལ་སོ་ཡལ་ས་ལས་མིན་འདུག སྭོ་ཡ་ལ་རིས་མོ་ལ་སོ་ཡལ་ས་ལས་མིན་འདུག
- བུ་ལི་གི་གཡུས་མི་/Villagers of Buli: མིན་འདུག་ལགས་སོ་མིན་འདུག་ལགས་མིན་འདུག མིན་འདུག་ལགས་སོ་མིན་འདུག་ལགས་མིན་འདུག སྭོ་ཡ་ལ་ན་བ་ལ་སོ་ཚ་བ་ལས་མིན་འདུག སྭོ་ཡ་ལ་ན་བ་ལགས་སོ་ཚ་བ་ལས་མིན་འདུག
- བུ་ལི་གི་གཡུས་མི་/Villagers of Buli: འདུག་གོ་ལགས་སོ་འདུག་གོ་ལགས་འདུག་གོ། འདུག་གོ་ལགས་སོ་འདུག་གོ་ལགས་འདུག་གོ། སྭོ་ཡ་ལ་དགའ་བ་ལགས་སོ་སྐྱིད་པ་ལས་འདུག་གོ། སྭོ་ཡ་ལ་དགའ་བ་ལགས་སོ་སྐྱིད་པ་ལས་འདུག་གོ།
- ལགས་སོ་ལགས་།
- ལེགས་སོ་་་།
- ཀུན་ལེགས་དབང་ཕྱུག་/Kinley Wangchuk: དུས་ཅི་ང་བཅས་ར་ག་ར་སྨོན་ལམ་བཏབ་སྟེ་ སང་ཕོད་འ་ནེམ་ཅིག་ཁར་ ལོག་སྟེ་ང་བཅས་རའི་གཡུས་སྒོ་འདི་ནང་ལུ་ བུ་ལི་པདྨེའི་ཐང་ལུ་ འཛོམས་ནིའི་སྨོན་ལམ་ ང་བཅས་ཀྱི་སྨོན་ལམ་བཏབ་འབད་དེ་ དེ་ལས་ བཀྲིས་བདེ་ལེགས་ལེགས་ཤོམ་སྦེ་ འབྱུང་ནིའི་སྨོན་ལམ་འདི་ ག་ར་གིས་བཏབ་གནང་དགོ་ཟེར་ བཀྲིས་བདེ་ལེགས།
- བུ་ལི་གི་གཡུས་མི་/Villagers of Buli: ལེགས་སོ།
- ཀུན་བཟང་/Kuenzang: ད་ད་ལྟོ་ང་བཅས་རའི་ཨ་ཞང་གིས་ ཞུ་དོ་བཟུམ་ཅིག་ཨིན་ལགས་ ཏེ་དུས་ཅི་གི་ ང་བཅས་རའི་ལོ་འཁོར་ཟླཝ་བཅུ་གཉིས་ ཞག་དུས་ཕྱེད་ད་བཅོ་བརྒྱད་ཀྱི་ ད་ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་འདི་ ང་བཅས་རའི་གུང་པ་བཅུ་ཐམ་དེ་ཅིག་རྫོགས་སོང་ཡི་
- ཀུན་བཟང་/Kuenzang: ད་ད་རུང་འདི་ལས་ཚུ་ང་བཅས་རའི་ གུང་ ༧༠ གཅིག་བརྒྱ་སྐོར་ཆ་ཡོད་འདི་ཚུ་ ཨིན་ཅི་མིན་ཅི་ད་རེས་ ང་བཅས་ར་གནམ་ཤ་དཀར་དཀར་གྱི་རིང་ལུ་ ཧིང་སང་ས་མཇུག་བསྡུ་སྟེ་ རེ་རེ་བཞིན་ཆད་ལུས་མེད་པ་རང་ བྱོན་དགོ་ཟེར་ ཞུ་ནི་ཨིན་ལགས།
- བུ་ལི་གི་གཡུས་མི་/Villagers of Buli: ལེགས་སོ་་་།
- བུ་ལི་གི་གཡུས་མི་/Villagers of Buli: བྱོན་པའི་མི་ལ་བྱོན་ཆང་དྲང་ཤོག་སྭོ་ཡ་ལ། བྱོན་ཆང་ཨ་རག་བདུད་རྩི་དྲང་ཤོག་སྭོ་ཡ་ལ།བྱོན་ཆང་ཨ་རག་བདུད་རྩི་དྲང་ཤོག་སྭོ་ཡ་ལ། བཞུགས་པའི་མི་ལ་བཞུགས་གྲལ་བསྒྲིག་ཤོག་སྭོ་ཡ་ལ། བཞུགས་གྲལ་དོག་མ་པ་ནེ་བསྒྲིག་ཤོག་སྭོ་ཡ་ལ། བཞུགས་གྲལ་དོག་མ་པ་ནེ་བསྒྲིག་ཤོག་སྭོ་ཡ་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ན་ཧིང་མ་མཇལ་ས་ཐག་རིང་སོང་སྭོ་ཡ་ལ།
- བུ་ལི་གི་གཡུས་མི་/Villagers of Buli: ་་་མགུར་མ་ཅིག་ཞུ་གེ་ ཆང་བཟང་མགུར་མོ་ཅིག་ཞུ་གེ་ ཆང་བཟང་མགུར་མོ་ཞུ་ན། ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་ཞུ་གེ། ཉི་མ་ལ་སོ་ཤར་གྱི་ཕྱོགས་ལ་ཞུ།