Skip to main content Skip to search
28 Jun 2018
13 min 2 sec
Video Overview
Creators: 
Yeshi Wangchuk, Dorji Nima
Transcript search
No results found for this search
0 of 0
  • བཀྲིས་ Tashi
    ལགས་སོ་ དང་པ་རང་ག་ཅི་སྨོ་ཟེར་བ་ཅིན་ དང་པ་རང་ང་བཅས་མགོ་ལེངས་གཡུས་ཁར་ལུ་ མཆོད་པ་གཅིག་བརྩམས་བཞག་ནུག་ལགས་ ཕམ་ཚུ་གིས་ ཕམ་ཚུ་གིས་ བརྩམས་པ་ལས་བརྟེན་ཏེ་ བུ་གཞི་གིས་མ་འབད་བ་ཅིན་ ད་རུང་ཉམས་དོ་བཟུམ་འགྱོཝ་མས་ལགས་ དེ་ལས་ད་ བུ་གཞི་གིས་འབདཝ་ད་ལུ་ ད་ག་ཅི་སྨོ་ཟེར་བ་ཅིན་ བསྡུ་བསླང་པ་ཨིན་པས་ལགས་ འགོ་དང་པ་རང་ མཆོད་པ་བརྩམས་ཞིནམ་ལས་ བསྡུ་བསླང་པ་ དང་ཕུ་ལས་ཕམ་ཚུ་གིས་ དེ་སྦེ་བརྩམས་བཞག་ནུག་ལགས།
  • བཀྲིས་ Tashi
    བསྡུ་དགོཔ་འབད་དེ་ བསྡུ་བསླང་པ་གཉིས་ལགས་ དེ་ལས་ ཡི་གུ་ལྷག་མི་ ཁས་བླངས་ཀྱི་ཡི་གུ་ལྷག་མི་གཅིག་འབདཝ་ད་ ཁོང་གསུམ་ལགས་ དང་པ་རང་འདི་ལས་འགོ་བཙུགས་ཏེ་ དེ་ལས་ གཡུས་བཤལ་ཏེ་བསྡུ་བར་ ཡི་གུ་ལྷག་མི་གིས་ལྷག་ ཁས་བླངས་འ་ནཱི་ཨིན་པས་སྨ་རེད་ འ་ནཱི་ཨིན་པས་ཟེར་ ཁོ་གིས་ ཡི་གུ་ལྷག་མི་གིས་ལྷག་བྱིན་ དེ་ལས་ ཁོང་གཉིས་ཀྱིས་ གཉེར་ཚང་བསྡུ་སྟེ་ འབག་སྟེ་ གཡུས་བཤལ་ཏེ་ མ་ཚང་ཚངམ་སྦེ་ ཤ་ མར་ དར་ཚིལ་ ཚྭ་ མར་ལས་འགོ་བཙུགས་ཏེ་ དེ་ལས་ བསྡུ་དགོ་ལགས།
  • བཀྲིས་ Tashi
    ག་ར་རང་ བསྡུ་འབག་དགོ་ལགས་ དེ་ལས་ བསྡུ་འབག་ཞིནམ་ལས་ ནཱ་ལྷོད་དེ་ ཉིནམ་དང་པའི་ནང་ བསྡུ་མི་ཚར་ལགས་ ཚེས་ ༡༢ ལས་འགོ་བཙུགས་དགོ་ལགས་ ཚེས་ ༡༢ ལས་འགྱོ་ཞིནམ་ལས་ བསྡུ་སྟེ་ མཇུག་མི་བསྡུ་ལགས་ མཇུག་མ་བསྡུ་མི་ནངས་པ་ ༡༣ ཚུན་ཚོད་བསྡུ་དགོ་ལགས།
  • བཀྲིས་ Tashi
    འ་ནཱ་ལས་བསྡུ་འབག་ཞིནམ་ལས་ དེ་ལས་ ནཱ་གཏོར་མ་བཞེངས་མི་ བླམ་ཆོསཔ་ལུ་ གཏོར་མ་བཞེངས་མི་བླམ་ཆོས་སྡོད་འོང་ལགས་ནཱ་ལྷ་ཁང་ནང་ འ་ནཱི་ལུ་བསྡུ་འབག་ཞིནམ་ལས་ གཉེར་ཚང་གི་ཐོ་ལས་འབད་དེ་ བླམ་ཆོསཔ་ལུ་བཞེས་སྒོ་འ་ནཱི་ཁར་ལས་བཟོ་དྲང་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ གཏོར་མ་གི་ཕྱེ་ཡང་ འ་ནཱི་ཁར་ལས་ཨིན་པས་སྨོ་ལགས?
  • བཀྲིས་ Tashi
    གཏོར་མ་ཕྱེ་ཡང་ ཏེ་གཏོར་མ་ཕྱེ་འབད་བ་ཅིན་ ཁོང་ར་ཕར་རྩ་བོ་ཡོད་མི་ རྩ་བོ་ལས་འབག་དགོ་ལགས་ མ་གཏོར་གྱི་ལགས་ དེ་ལས་ ང་བཅས་རའི་ཞལ་ཟས་ཆུང་ཀུ་ཆུང་ཀུ་རེ་བཞེངས་ནི་འབད་བ་ཅིན་ ང་བཅས་རའི་དམངས་ཀྱི་ཐོག་ལས་ བསྡུ་འབག་ཡོད་པའི་ཐོག་ལས་ གཏོརམ་བཞེངས་དགོ་ལགས་ ལྟོ་བཟོ་སྟེ་ ལྟོ་བྲེ་གསུམ་བསྣད་དགོ་ལགས་ བྲེ་གསུམ་བསྣད་ཞིནམ་ལས་ ཞལ་ཟས་འདི་ང་བཅས་ར་དམངས་ཀྱི་ཐོག་ལས་རང་བཏང་དགོ་ལགས།
  • བཀྲིས་ Tashi
    དེ་ལས་ མ་གཏོར་འབད་བ་ཅིན་ རོགས་ཁོང་ར་རྩ་བོ་གི་ཁ་ཐུག་ལས་རང་འབག་དགོ་ལགས་ ཆུམ་ཧེ་མ་རང་ནཱ་སྐྱེལ་དགོ་ལགས་ རྩ་བོ་གིས་ལགས་ རྩ་བོ་ག་འབདཝ་ཅིག་ ད་རེས་ད་ ང་བཅས་ཀྱི་འབད་བ་ཅིན་ རྩ་བོ་ཡར་ཀ་ཀ་མོ་ཨིན་པས་ལགས་ མོ་ར་ལས་ ནངས་པ་གཏོརམ་བཞེངས་རནམ་ད་ ཆུམ་བྲེ་ལྔ་འབག་དགོ་ལགས་ འ་ནཱ ལས་འབད་དེ་ ཐབ་ཚངཔ་ཚུ་གིས་ ལྟོ་བཟོ་འབད་ཞིནམ་ལས་ དེ་ལས་ནཱ་ལྷ་ཁང་ནང་སྐྱེལ་འབད་ དེ་ལས་ ལྷ་ཁང་གི་ནང་ རོགས་བླམ་ཆོསཔ་ཚུ་གིས་ བསྣད་ཞིནམ་མས་ འདི་ཁར་ལས་བཞེངས་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ད་ བསྡུ་བསླང་འབདཝ་ད་ དང་ཕུ་འབད་བ་ཅིན་ གཡུས་སྐོར་ར་རྐྱབ་སྟེ་ བགོ་བཤའ་འབད་དེ་ཨིན་ན་ལགས་ག་དེ་སྦེ་སྨོ?
  • བཀྲིས་ Tashi
    དང་ཕུ་འབད་དེ་འབད་བ་ཅིན་ སྐོར་ཏེ་རང་བསྡུ་དགོ་ལགས་ ད་ད་རེས་ནངས་པ་ ཏེ་ ད་མི་རློབས་ཡང་ད་ མང་སུ་མང་སུ་འགྱོ་ རྒྱལ་ཁབ་ཡར་རྒྱས་ཡར་ཡར་འགྱོ་འབདཝ་ད་ མི་ཚུགས་པས་ཟེར་ ཏེ་ན་ཧིང་ཞེ་ཧིང་ལས་ ལོ་གཉིས་དེ་ཅིག་སོང་ཡི་ལགས་ད་ ད་དེ་སྦེ་འབད་དེ་ ད་ཁོང་ར་གིས་གཉེར་ཚང་ རྩ་བོ་རང་རང་སོ་གིས་ འབག་འོང་ནི་སྦེ་ དེ་སྦེ་བློ་སླབ་སྟེ་ ད་དེ་སྦེ་འབགཔ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལྷ་ཁང་ནང་ཚུན་ཚོད་སྐྱེལ་ནི་ཨིན་པས་སྨོ?
  • བཀྲིས་ Tashi
    ཨིན་ལགས་ ལྷ་ཁང་ནང་སྐྱེལ་དགོ་ལགས་ མ་པ་ད་རེས་འབདཝ་ད་ ཆང་འབད་བ་ཅིན་ ཧེ་མ་འབད་བ་ཅིན་ ཆང་བོ་ཊལ་(ཤེལ་དམ་)བདུན་བདུན་རེ་ དེ་སྦེ་འབག་དགོ་ལགས་ ད་ལྟོ་འབད་བ་ཅིན་ཏེ་ ད་ན་ཧིང་ཞེ་ཧིང་ལས་ ཆང་བོ་ཊལ་གསུམ་གསུམ་ལུ་ལྷོད་ཅི་ལགས་ མར་ཕབ་སྟེ་ལགས་ དེ་ལས་ ད་དུས་ཅི་ལུ་ལྷོདཔ་ད་ ཆང་བོ་ཊལ་གཉིས་གཉིས་ལུ་བབས་སོང་ཡི་ལགས་ ན་ཧིང་གསུམ་གསུམ་ དུས་ཅི་གཉིས་གཉིས་ལུ་ བབས་སོང་ཡི་ལགས།
  • བཀྲིས་ Tashi
    ཨ་ནཱི་ཆུམ་ ཤ་ མར་འདི་ཚུ་འདི་ དུམ་གྲ་ཅིག་ཡར་རྒྱས་བཟུམ་ དུམ་གྲ་ཅིག་ཡར་སེང་བཟུམ་ཅིག་ དེ་སྦེ་ཡོད་ལགས་ དེ་སྦེ་ཨིན་ལགས་ དེ་ལས་ གཞན་མི་ཚུ་འདི་ ག་ཅི་ཡང་བསྡུ་ནི་མེད་ལགས་ འ་ནཱི་ཅིག་རང་ཨིན་ དེ་ལས་ ད་ནཱ་ལུ་ལྟོ་དྲང་ ཚེས་ ༡༤ གི་ཕྱུ་རུ་ལས་ ག་ར་མ་ཚང་ཚངམ་སྦེ་ ནཱ་ལུ་འཛོམས་དགོ་ལགས་ ལྷ་ཁང་གི་རྩ་བར་ནཱ་ལུ་ ཞག་གཅིག་སྡོད་དགོ་ལགས་ དེ་ལས་ ཕྱི་རུ་ཚེས་ ༡༤ གི་ཕྱི་རུ་ཟབ་སྐོར་དགོ་ལགས་ ང་བཅས་ནཱ་ལུ་ ཚར་གསུམ་སྐོར་དགོ་ལགས།
  • བཀྲིས་ Tashi
    ཨ་་་ནམ་སྲོ་ཁམས་ཆུ་ཚོད་ ཨ་་་་དྲུག་ལུ་ཚར་གཅིག་སྐོར་དགོ་ལགས་ ཆུ་ཚོད་ ༨ ལུ་ཚར་གཅིག་སྐོར་དགོ་ ༩ ལུ་ཚར་གཅིག་སྐོར་དགོ་ལགས་ ཟབ་ཟེར་ལགས་ ཟབ་སྐོར་ཞིནམ་ལས་ ད་རུང་དེ་ལས་ཟབ་སྐོར་ཚར་ཞིནམ་ལས་ བུམོ་གི་སྒེར་ཆང་ལ་ཟེར་ ཆང་བསྐོལ་ཕུད་འབག་མི་འདི་ བསྐོལ་ཏེ་བྱིན་དགོ་ལགས་ དེ་ལས་ སཱན་ཏི་(ནུབ་མོའི་)ཐུགཔ་ཟེར་ ཐུག་པ་བསྐོལ་ཏེ་ བྱིན་དགོ་ལགས་དམངས་ལུ་ ནུབ་མོའི་ཐུག་པ་ དེ་ལས་ ནམ་མཁའ་མཐའ་གླང་(ནམ་ལངས་ཁམས་) ཐུག་པ་ཟེར་ དྲོ་པ་ནམ་ལངས་ཁམས་ཐུག་པ་ཚན་གཅིག་བསྐོལ་དགོ་ལགས།
  • བཀྲིས་ Tashi
    ད་འ་ནཱ་ཡོད་དེ་འབད་བ་ཅིན་ ནོར་གྱི་རུ་ཏོ་འདྲཝ་ མེད་པ་ཅིན་ དར་ཚིལ་བླུགས་ཏེ་ འ་ནཱི་ཁར་ཐུག་པ་བསྐོལ་ཏེ་ དྲང་དགོ་ལགས་དམངས་ལུ་ དེ་ལས་ ད་རུང་ ནམ་ལངས་ཁམས་ཀྱི་ ཐུག་པ་འཐུང་ཚར་ཞིནམ་ལས་ ད་རུང་ཟབ་ཚར་གཅིག་སྐོར་དགོ་ལགས།
  • བཀྲིས་ Tashi
    དེ་ལས་ ཟབ་ཚར་གཅིག་སྐོར་ཞིནམ་ལས་ དེ་ལས་བླམ་ཆོསཔ་ཚུ་གིས་ ཆོ་ག་གནང་དེ་སྦེ་འབད་ཞིནམ་ལས་ ཚེས་ ༡༥ གི་དྲོ་པ་ལགས་ ༡༥ གི་དྲོ་པ་དེ་ལས་ ཆོ་ག་གནང་འབད་ཞིནམ་ལས་ ཡུདཔ་ཅིག་ཆུ་ཚོད་ ཆུ་ཚོད་ ༡༠ དང་ ༡༡ ལས་ཚུར་ ལྟོ་བཏང་དགོ་ལགས་ ང་བཅས་དམངས་ཀྱི་ལྟོ།
  • བཀྲིས་ Tashi
    དམངས་ཀྱི་ལྟོ་བཏང་དགོ་ལགས་ དམངས་ཀྱི་ལྟོ་ཡོད་པ་ཅིན་ ཤ་སྤགས་བཀལ་ཏེ་རང་བཏང་དགོ་ མེད་པ་ཅིན་ ཚོདམ་དམར་རུ་བྱ་རྒྱུ་འབད་དེ་རང་བཏང་དགོ་ལགས་ འ་ནཱ་ལས་མཇུག་བསྡུ་ཞིནམ་ལས་ མཐོ་བ་ཅིན་ ཆུ་ཚོད་ ༢ དང་ ༣ ལུ་ མེན་ མཐོ་བ་ཅིན་ ༢ ལུ་ དམའ་བ་ཅིན་ ༣ ལས་ཕར་དེ་ལས་ མར་འགྱོ་དགོ་ལགས་མཛརཝ་ལེན་པར་ སེར་སྦྲེང་འབད་དེ་རང་ལགས།
  • བཀྲིས་ Tashi
    མཛརཝ་ལེན་པར་འགྱོ་དགོ་ལགས་ མར་ལས་ཡར་སྦེ་མཛརཝ་ ཧེ་མ་མར་མ་མའི་གི་ཁྱིམ་ནང་འགྱོ་འོང་ལགས་ མ་མའི་ནང་སྦེ་ དེ་ལས་ མར་ལུ་འཛུལ་དགོ་ལགས་ པིར་དཔོན་གྱི་ཁྱིམ་ནང་ པིར་དཔོན་གྱི་ཁྱིམ་ནང་ལས་སྦེ་ མར་སྐུ་དྲུང་ཁྱིམ་ནང་འཛུལ་དགོ་ལགས་ སྐུ་དྲུང་ཁྱིམ་ནང་ལས་ གདུང་གི་ཁྱིམ་ནང་འཛུལ་དགོ་ལགས་ མར་མཇུག་བསྡུ་ཞིནམ་ལས་ དེ་ལས་མར་ཡར་མཛརཝ་འབག་སྟེ་ སེར་སྦྲང་འབད་དེ་མཛརཝ་འབག་སྟེ་ ནཱ་ལུ་ལྷོད་ཞིནམ་ལས་ ད་རུང་ ནཱ་ལུ་དཱད་ལ་ཆང་(ཁས་བླངས་ཀྱི་ཆང་)ཟེར་ མཛརཝ་ད་ངགཅིག་ཁར་ ཆང་བོ་ཊལ་རེ་རེ་འབག་དགོ་ལགས།
  • བཀྲིས་ Tashi
    དེ་ལས་ འ་ནཱ་ལས་མཇུག་བསྡུ་ཞིནམ་ལས་ དེ་ཅིག་སྦེ་མཇུག་བསྡུ་ལགས་ དེ་ལས་ མཇུག་བསྡུ་སྟེ་ དེ་ལས་ ད་ཕྱི་རུང་ད་རུང་ཡུདཔ་ཅིག་ ནམ་སྲོ་ཁམས་ལུ་ ད་ད་རུང་ ཨ་ནཱི་མཛརཝ་འདི་ བགོ་སྟེ་བྱིན་དགོ་ལགས་ག་ར་ ཐོབ་ཐངས་ལགས་ མ་པ་ཨིན་རྒྱུ་ ང་བཅས་རའི་དེ་སྦེ་བལྟཝ་ད་འདི་ དུམ་གྲ་ཅིག་རྒྱསཔ་བཟུམ་ཅིག་ཨིན་པས་སྦ་ དེ་ལས་ བླམ་ཆོསཔ་ལུ་ བྲེ་གཉིས་ཐོབ་པ་ཅིན་ བྲེ་གཉིས་ གང་ཐོབ་པ་ཅིན་གང་ གསུམ་ཐོབ་པ་ཅིན་གསུམ་ འ་ནཱི་ལུ་ བཅད་བཞག་ཞིནམ་ལས་ བྱིན་ཞིནམ་ལས་ དེ་ལས་ དམངས་ལུ་བཏང་དགོ་ལགས།
  • བཀྲིས་ Tashi
    དམངས་ལུ་ ད་མཆོད་པའི་ལྷམོ་ཚུ་ལུ་ བྲེ་གཉིས་བྱིན་པ་ཅིན་ དམངས་ལུ་ བྲེ་གང་གང་ཤ་ར་ར་ལགས་ ཨ་ནཱི་མཛརཝ་འབད་བ་ཅིན་ མི་རེ་རེ་བཞིན་དུག་ལུ་ བྲེ་གང་གང་རེ་ཤ་ར་ར་བྱིན་དགོ་ལགས་ ཁྱིམ་ནང་མི་ག་དེམ་ཅི་ཡོདཔ་ཅིག་ལགས།
  • བཀྲིས་ Tashi
    བྲེ་གང་གང་ཤ་ར་ར་བྱིན་དགོ་ དེ་ལས་ མགྱོནམ་ཡོད་དེ་འབད་བ་ཅིན་ ང་བཅས་རའི་ཁྱིམ་ནང་གི་མི་ལུ་ བྲེ་གང་བྱིན་པ་ཅིན་ མགྱོནམ་ལུ་ཡང་ཅིན་བྲེ་གཉིས་ ཡང་ཅིན་བྲེ་གསུམ་ ཨིན་ཅི་མིན་ཅི་བཏང་དགོ་ལགས་ དེ་སྦེ་ཨིན་ལགས་ དེ་ལས་ འ་ནཱ་ལས།
  • བཀྲིས་ Tashi
    མཇུག་བསྡུ་འོང་ལགས་ མཇུག་བསྡུ་ཞིནམ་ལས་ ནངས་པ་ཚེས་ ༡༦ གི་དྲོ་པ་ དེ་ལས་ད་རུང་ ནམ་ལངསམ་ཅིག་ ནམ་ལངསམ་ཅིག་ལུ་ བླ་མ་ཞུ་བར་འགྱོ་དགོ་ཏེ་ བླ་ག་ཏེ་བཞུགསཔ་ཅིག་ ཞུ་བར་སོང་ཞིནམ་ལས་ དེ་ལས་ གཏོར་མ་ནཱ་འོང་དགོ་ལགས་ ག་ར་ལེན་པར་ གཏོར་མ་ཞུ་བར་ནཱ་ལས་ གཏོར་མ་ཞུ་བར་ལགས།
  • བཀྲིས་ Tashi
    ནཱ་ལས་མ་གཏོར་ཞལ་ཟས་ག་ར་འབག་སྟེ་ ཀྲིང་ཀྲིང་བང་རྔ་བརྡུང་ཞིནམ་ལས་ཕར་འབག་དགོ་ལགས་ རྩ་བོ་གི་ཁྱིམ་ནང་འབག་ཞིནམ་ལས་ རྩ་བོ་གི་ཁྱིམ་ནང་ལྷོད་ཞིནམ་ལས་ ཕར་ལུ་ཨ་ལེགས་སྤེལ་སྒོར་ཏེ་ མར་ཆང་བསྐང་སྟེ་ མར་ཆང་བཏང་སྟེ་ དེ་ལས་ རྫོགས་ཞིནམ་ལས་ ཞབས་བྲོ་རྐྱབ་ བུམོ་ཚུ་གིས་ཞབས་བྲོ་རྐྱབ་ དེ་ལས་ ཕར་ལུ་ཏེ་ བཞེས་སྒོ་རོགས་ཀྱིས་ བཞེས་སྒོ་སྒྲིག་འོང་ལགས།
  • བཀྲིས་ Tashi
    བཞེས་སྒོ་སྒྲིགས་ཏེ་ ཚར་ཏེ་དེ་ལས་ བཞེས་སྒོ་ཟ་ཚར་ཞིནམ་ལས་ དར་བཏགས་དགོ་ལགས་ང་བཅས་ར་ དར་བཏགས་འབད་ཞིནམ་ལས་ དར་བཏགས་ཞིནམ་ལས་ དེ་ལས་གཏོར་མ་དཱད་ལ་གནང་མི་(ཁས་བླངས་གནང་མི་)ད་ཅི་ཞུ་དོ་བཟུམ་སྦེ་ གཏོར་མ་དཱད་ལ་(ཁས་བླངས་)གནང་དགོ་ལགས་ བླམ་ཆོསཔ་གིས་མ་གནང་རུང་ འོག་ལས་དབུ་མཛད་འདྲཝ་གིས་ ཁས་བླངས་གཏོརམ་གནང་འོང་ལགས།
  • བཀྲིས་ Tashi
    ཁས་བླངས་གཏོརམ་གནང་ཞིནམ་ལས་ བུམོ་བུཚ་ག་ར་འཐབ་འོང་ལགས་ གཏོར་མའི་མར་གྱི་ འཐབ་ཞིནམ་ལས་ མཇུུག་བསྡུ་འོང་ལགས་ མཇུག་བསྡུ་ཞིནམ་ལས་ ད་རུང་ནཱ་འོང་ཞིནམ་ལས་ ནཱ་ལུ་ མར་ཆང་བསྐང་དེ་ལས་ མཇུག་བསྡུ་སྦེ་ དེ་ལས་ རང་རང་སོའི་ཁྱིམ་ནང་ འགྱོ་ནི་ཨིན་ལགས་ འ་ནཱི་ཅིག་རང་ཨིན་ལགས།
  • བཀྲིས་ Tashi
    ད་་་འ་་་
  • བཀྲིས་ Tashi
    ད་བསྒྱུར་བཅོས་འབད་དེ་ད་ ད་སྔར་བཞིན་དུ་རང་བདག་འཛིན་འཐབ་སྟེ་རང་ད་མཛད་དོ་མས་སྨོ་ལགས?
  • བཀྲིས་ Tashi
    ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བསྒྱུར་བཅོས་ག་ནི་ཡང་མིན་འདུག་སྨོ་ལགས?
  • བཀྲིས་ Tashi
    མེད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བསྒྱུར་བཅོས་ཟེར་རུང་ད་བསྡུ་བསླང་གི་སྐབས་ལུ་ ད་གུང་པ་མང་སུ་འཕེལ་ཏེ་འགྱོ་དེ་ལས།
  • བཀྲིས་ Tashi
    འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལ་ལུ་ཅིག་གུང་པ་མར་ལས་ཕར་ཐག་རིང་ས་ལས་ཕར་འབད་སྦེ་དེ་ལས།
  • བཀྲིས་ Tashi
    འོང་ལགས་ འ་ནཱི་བསྡུ་ནི་གི?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འོང་།
  • བཀྲིས་ Tashi
    བསྡུ་མི་གིས་སྟབས་མ་བདེ་བར་བསྒྱུར་བཅོས་སོང་ཡི་ལགས་ དུམ་གྲ་ཅིག་ གཞན་འདི་ཧེ་མ་བཟུམ་ཅིག་འབད་བ་ཅིན་འདི་ ད་གུང་ཡང་གནམ་མེད་ས་མེད་མ་སྡོད་ནུག་མེན་ན་ཏེ་ གུང་བརྒྱད་དང་དགུ་དེ་ཅིག་ལས་མ་སྡོད་པས་དང་ཕུ་འདི་ ད་ལྟོ་འབདཝ་ད་ ད་ག་དེམ་ཅི་འཕེལ་ཡི་ གུང་ ༥༠ ལྷག་སྟེ་སོང་ཡི་ལགས་ འ་ནཱི་འབདཝ་ད་ བསྡུ་བར་ཡང་ལྷོད་མི་ཚུགས་པས་ཏེ་ ལ་ལུ་ཅིག་ཡར་ལས་ཡར་འགྱོ་དགོ་པས་ ལ་ལུ་ཅིག་མར་ལས་མར་འགྱོ་དགོ་པས།
  • བཀྲིས་ Tashi
    འདི་ལས་བརྟེན་ཏེ་ ན་ཧིང་ཞེ་ཧིང་ལས་ སློབ་དཔོན་ཡང་འབད་ ཚོགས་པ་ཡང་འབད་དེ་ བཀའ་གནང་སྟེ་ དེ་ལས་ དེ་སྦེ་བཟོ་ནི་ཨིན་པས་ བསྡུ་མི་ཚུགས་པས་ཟེར་ སླབ་པ་ལས་ དེ་ལས་ བསྡུ་བསླང་པ་ཚུ་ཡང་ ཉམས་འཚེར་བས་མེན་ན་ དེ་གིས་སྦེ།
  • བཀྲིས་ Tashi
    འ་ནཱི་སྦེ་བཟོ་ཡི་ལགས་ ད་དུས་ཅི་ལས་ གཉེར་ཚང་ཡང་བསྡུ་རུ་རུ་ནཱ་ལུ་ཨིན་ལགས་ ག་ར་རང་རང་སོ་གིས་ འབག་ནི་འབད་དེ་ ད་གཉེར་པ་གི་ལག་ཁར་འཇལ་ནི་སྦེ་ རང་རང་སོའི་ཁྱིམ་ནང་ལས་འབག་སྟེ་ འཇལ་ནི་སྦེ་དེ་སྦེ་བཟོ་ཡི་ལགས་ འ་ནཱི་སྦེ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རིས་འཇལ་ནི་ཨིན་ན་སྨོ་ལགས?
  • བཀྲིས་ Tashi
    ལགས?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རིས་འཇལ་འོང་ག་ལགས་ད?
  • བཀྲིས་ Tashi
    གཉེར་ཚང་འབག་འོང་ལགས་ ད་གཉེར་ཚང་འབག་འོང་དོ་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགསོ།
  • བཀྲིས་ Tashi
    དེ་ལས་ ད་རིས་མཇུག་མ་བསྡུ་མི་ཚུ་ ནངས་པ་འབག་འོང་ལགས་ འབག་འོང་ལགས་ ད་འ་ནཱི་ཅིག་ཨིན་ལགས་ རུབ་(མཆོད་པ་)རང་ཟེར་རུང་ང་བཅས་འབད་སར་དང་ཕུ་གི་ ད་ལམ་ལུགས་ དང་ཕུའི་ལམ་ལུགས་དང་འཁྲིལ་བ་ཅིན་འདི་ དུམ་གྲ་ཅིག་ཡར་བལྟ་ལྷག་སྟེ་འགྱོ་འགྱོཝ་མ་གཏོགས་ ད་མར་ཕབ་འདི་ མ་འགྱོ་ལགས་ མ་ཉམས་ལགས་ང་བཅས་ཀྱི་ ཉམས་པའི་ཟེར་ དུམ་གྲ་ཅིག་ ཨ་ནཱི་ཆང་གི་འབད་བ་ཅིན་ མར་ཕབ་སྟེ་ཡར་སོང་ཡི་ལགས།
  • བཀྲིས་ Tashi
    ག་ཅི་སྦེ་ཕབ་ཅི་དགོ་ཟེར་བ་ཅིན་ ཆང་མངམ་ད་རང་ ང་བཅས་ར་མི་ཁྲག་འཁྲུགས་དེ་སྦེ་འགྱོཝ་མས་ལགས་ དེ་འབདཝ་ལས་བརྟེན་ཏེ་ དེ་ལས་ ཆང་ཡང་ཕབ་དགོཔ་ང་བཅས་བསྟུན་གྲོས་འབད་དེ་རང་ ཕབ་ཕབ་ཨིན་ལགས་ གཞན་འདི་ད་ ཧེ་མ་འབད་བཅིན་འདི་ ཆང་ཤུགས་ཆེ་ཤོས་རང་ཆང་ཨིན་པས་ལགས་ ཆང་མེད་པ་ཅིན་ མི་ཚུ་གིས་ཡང་འོང་མི་བཏུབ་པས་ཏེ་ དང་ཕུ་འབད་བ་ཅིན་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དང་ཕུ་འབད་བ་ཅིན་ད་ ཟ་འཐུང་གནམ་མེད་ས་མེད་ བཞེས་སྒོ་འདི་ཚུ་ གནམ་མེད་ས་མེད་མ་ཆོག་སྒྲིག་མེད་པར་ ཆང་ཆོག་སྒྲིག་བཀལ་ཏེ་ སྡོད་སྡོདཔ་མས་སྨོ་ལགས་དང་ཕུ?
  • བཀྲིས་ Tashi
    བཞེས་སྒོ་ཧེ་མ་ཧེ་མ་འདི་ འདུག་ཡང་མིན་འདུག་མེན་ན་ མེད་པ་ལས་བརྟེན་ཏེ་ ད་བཞེས་སྒོ་གནམ་མེད་ས་མེད་མེད་ ཆང་སྡོད་ནུག་མེན་ན་ཆང་འདི་ཆག་ལགས་ ཆང་ལས་བརྟེན་ཏེ་ གནམ་མེད་ས་མེད་སྡོད་འབད་ མི་འདི་ཚུ་ཡང་ ཡང་ཅིན་ ཁྲིམས་མ་ཤེས་ རང་བ་བུ་གཞི་མ་ཤེས་ སྤུན་སྤུན་ཆ་མ་ཤེས་སྡོད་ནུག་མེན་ན་ལགས་ འ་ནཱི་སྦེ།
  • བཀྲིས་ Tashi
    འ་ནཱ་ལས་བརྟེན་ཏེ་ ད་སློབ་དཔོན་ཚུ་འབད་ ང་བཅས་ཆ་ཁྱབ་རྒན་ཤོས་རེ་རེ་གཉིས་གཉིས་ཡོད་སྦ་ད་རུང་ བདེ་ཆེན་དབང་འདུས་ སྤྱི་མི་བགྲེས་པ་ཚུ་ཡོད་མེན་ན་ འ་ནཱི་ང་བཅས་ཚུ་བསྟུན་གྲོས་འབད་དེ་ཏེ་ ཆང་མང་མངམ་མི་ལེགས་པས་ཟེར་ ཆང་ཡང་མར་ཕབ་ཕབ་ཨིན་ལགས་ འདི་གིས་སྦེ་ བསྟུན་གྲོས་འབད་དེ་ ཕབ་སྟེ་ད་ ན་ཧིང་ལས་འབདཝ་ད་ དུས་ཅི་མར་ཕབ་ཅི་ལགས་ ད་དུས་ཅི་ལས་འབདཝ་ད་ སང་ཕོད་ཕབ་ནི་གི་རེ་བ་ཡོདཔ་ཨིན་ ཡོད་ནི་འདི་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མ་པ་ད་ཅི་ལས་རང་ཞུ་དགོཔ་ཅིག་ཨིན་པས་ མཆོད་པ་ཟེར་མི་འདི་ག་ཅི་ཨིན་ན་ལགས་ མཆོད་པ་ཟེར་ད?
  • བཀྲིས་ Tashi
    མཆོད་པ་ཟེར་ དང་ཕུ་འབད་དེ་འབད་བ་ཅིན་ དང་ཕུ་ལས་རང་ནཱ་ ང་བཅས་རའི་ལྷ་ཁང་ནང་ལུ་ ཡར་ལུ་ ཨ་ནཱི་ལྷ་ཁང་མ་སྡོད་སྦ་ལགས་ ལྷ་ཁང་མེདཔ་ད་རང་ ཨ་ཡར་ལྟག་ལུ་ མཆོད་རྟེན་གཅིག་ཡོད་སྦ་ ནང་ན་རྟེན་མཆོད་རྟེན་ལགས་ འ་ནཱི་མཆོད་རྟེན་ཨ་ཡར་སྡོད་ཡི་ལགས་ འ་ནཱ་ཏེ་ ཁྱིམ་མེད་པར་ལགས་ང་བཅས་ མཆོད་པ་ཟེར་ ཁྱིམ་འདི་ཤོམ་འདབ་ཚུ་གི་འབད་དེ་ འ་ནཱི་ཁར་ཏེ་ ཨིན་རྒྱུ་དང་ཕུ་འདི་ མཆོད་པ་ཟེར་ མེན་པས་སྦ་ལགས།
  • བཀྲིས་ Tashi
    ཚེས་བཅུ་ཟེར་ཨིན་པས་ འ་ནཱ་ལུ་ཚེས་བཅུ་འབདཝ་ད་ འ་ནཱ་ལུ་སྐོར་ཏེ་ ཞབས་བྲོ་རྐྱབ་སྟེ་སྡོད་འོང་ལགས་ དེ་ལས་ཤུལ་ལས་རོགས་ ང་བཅས་རའི་བླ་མ་ཡར་གྱི་ རྒྱས་ཤེས་པདྨ་འཕྲིན་ལས་བྱོན་པའི་ཤུལ་ལུ་ ཁོ་གིས་འབད་དེ་ནཱ་ལུ་ལྷ་ཁང་ཡང་བཞེངས་ཏེ་གནང་ དེ་ལས་ ད་ཁྱོད་ཚུ་དེ་སྦེ་མི་བཏུབ་པས་ཟེར་ ད་མཆོད་པ་ཅིག་ ད་ཨིན་རྒྱུ་འདི་ཚེས་བཅུ་ཨིན་པས་མེན་ན་མ་པ་ལགས་ ཚེས་བཅུ་བཟུམ་སྦེ་འབད་དེ་ མཆོད་པ་ཟེར་ དེ་སྦེ་ ཧེ་མ་ཁྱོད་ཚུ་དེ་སྦེ་སྐོར་ར་རྐྱབ་སྟེ་སྡོད་ནུག་ཟེར་ ད་དེ་སྦེ་འ་ནཱི་སྦེ་འབད་ནི་ཨིན་པས་ཟེར་ གསུངས་པ་ལས་བརྟེན་ཏེ་ ཁོ་གིས་དེ་སྦེ་གསུངས་པ་ལས་བརྟེན་ཏེ་ དེ་ལས་ མཆོད་པ་ཟེར་ འ་ནཱི་གཞིར་བཞག་སྟེ་ མཆོད་པ་ཟེར་འགྱོ་ཡོདཔ་ཨིན་ལགས་ ང་བཅས་ཀྱི།
  • བཀྲིས་ Tashi
    འབད་ནི་འདི་རོགས་དང་ཕུ་ལས་རང་འབད་ནུག་ སྡོད་ནུག་འབད་དེ་ལགས་ ང་བཅས་ཀྱིས་ཡང་མི་ཤེས་པས་ལགས་ ཨ་ནཱི་ལགས་ བསྡུ་ནི་ཡང་དང་ཕུ་ལས་རང་བསྡུ་སྟེ་སྡོད་ནུག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨིན་རྒྱུ་ཡང་ཀྲིག་ཀྲི་ད་ང་བཅས་རའི་བྱཱ་ཡང་བསྡུ་ ལོ་ཐོག་ཡང་ ཁྱིམ་ནང་ལྷོད་སྦེ་ ད་ཕུད་བཟུམ་ཅིག་ཨིན་པས་སྨོ?
  • བཀྲིས་ Tashi
    ད་ལོ་ཐོག་ཡང་ད་ ཐོག་འདི་ཚུ་ཡང་ག་ར་བསྡུ་སྟེ་ལགས་ ཁྱིམ་ནང་ལྷོད་ཅི་མེན་ན་ལགས་ འ་ནཱི་གིས་འབད་དེ་ ཕུད་བཟུམ་ཅིག་སྦེ་ ད་ ཕུལ་ནིའི་དོན་ལུ་སྦེ་ མཆོད་པ་ཟེར་ བརྩི་བརྩིསཝ་ཨིན་པས་ལགས་ ང་བཅས་ནཱ་ལུ་ གཡུས་ཁར་ལུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ ང་བཅས་རའི་རྫོང་ཁའི་ནང་འབད་བ་ཅིན་ མཆོད་པ་ཟེར་ སླབ་མས་མེན་ན?
  • བཀྲིས་ Tashi
    འོང་ རྫོང་ཁའི་ནང་འབད་བ་ཅིན་ ཨིན་པས་ ཕུད་འབད་དེ་ ཕུད་འབད་ མ་པ་རྫོང་ཁའི་ནང་ག་དེ་སྦེ་ སླབ་ཨིན་ན་མ་ཤེས་ ཕུད་འབད་ ང་བཅས་རའི་ཁེངས་ཁའི་ནང་འབད་བ་ཅིན་ ཕུད་འབད་ཕུལཝ་ཨིན་ཟེར་ གྲངས་སུ་བཟུམ་ཅིག་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།