Video Overview
གསར་སྤང་ དགེ་ལེགས་ཕུག་ ལས་སྐྱིད་ཐང་ལུ་སྦེ་ ཀུ་ལ་ཤེས་ཁར་པེ་ཀི་རལ་གྱིས་འབད་ སྦྱིན་བདག་ཅིག་གི་ཁྱིམ་ནང་སྦེ་ ཅན་དྲི་པུ་ཇ་༼ལོ་མཆོད་ཀྱི་རིམ་གྲོ་༽ འབད་དོ་ཡོདཔ་མས། ནང་པ་ཁ་ཐུག་ལས་ ལོ་གཅིག་གི་རྐྱེན་བར་ཆད་བཟློག་ཐབས་ལུ་ དཀོན་མཆོག་མཆོད་ཅིང་ རང་གིས་བསྟེན་པའི་སྲུང་མ་ཚུ་ལུ་བཤགས་པ་ཕུལ་ཏེ་ ལོ་མཆོད་གཏང་དོ་བཟུམ་སྦེ་ ཧིན་དྷུའི་ཁ་ཐུག་ལས་ཡང་ དེ་སྦེ་འབད་སྲོལ་ཅིག་འདུག དེ་སྦེ་པུ་ཇ་འབདཝ་ད་ལུ་ ཁྱིམ་གཅིག་ནང་གི་མི་ཚུ་གི་དོན་ལུ་རྐྱངམ་ཅིག་འབད་དོ་ཡོདཔ་ད་ པུ་ཇ་གྲོལ་ཚར་བའི་ཤུལ་ལས་ གཡུས་ཁའི་ཁྱིམ་ཚང་ཚུ་འབོ་སྦེ་ པུ་ཇ་འབད་མི་བླམ་ལུ་ཏི་རུ་ཨ་ཙི་རེ་ཕུལ་ བླམ་གིས་ཊི་ཀ་སྦྱར་ དེ་ལས་ སྦྱིན་བདག་གི་ཁ་ཐུག་ལས་ ཚོགས་དང་ཤེལ་རུ་ཊི་ལ་སོགས་པ་ཇ་དང་བཅསཔ་སྦེ་དྲངས་དོ་ཡོདཔ་ཨིན་མས།
- Gelephu