Video Overview
ཕྱག་མདའ་ན་ཟེར་ སླབ་དགོ་པའི་ལོ་རྒྱུས་དེ་ཡང་ དཔལ་ལྡན་ལྷ་མོའི་ལུང་བསྟན་དང་འཁྲིལ་ཏེ་ བླམ་འབྲུག་པ་ཀུན་ལེགས་ བོད་ལས་མར་འབྲུག་ལུ་འབྱོན་དགོ་པའི་ལུང་བསྟན་གནང་སྟེ་བྱོནམ་ད་ལུ་ འབྲུག་ལུ་ལྟ་སྟེ་མདའ་གཅིག་འཕང་ད་ཟེར་ ལུང་བསྟན་གནང་སྟེ་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ཕྱག་མདའ་གནངམ་ད་ མདའ་དེ་ཉིམ་གསུམ་གྱི་རིང་ ནམ་མཁའ་ལས་འབྲུག་ལྡིརཝ་འདེ་ལྡིར་ཏེ་ ཕྱག་མདའ་ན་ཨཔ་ཚེ་དབང་གི་ཁྱིམ་གྱི་ཨེ་ཁུག་གུར་ཕོག་སྟེ་ ག་དེ་འབད་འབལ་རུང་འབལ་མ་ཚུགས་པར་ སྟོདཔ་ཕྱག་མདའ་ནའི་བུམོ་དཔལ་འཛོམས་ཟེར་མི་དེ་གིས་ དར་ཅིག་འབག་སྟེ་ཞུཝ་སྦེ་ མཆོད་བཤམས་ནང་བཀལ་བཞག་བཞགཔ་ཨིན་མས། དེ་སྦེ་བླམ་འབྲུག་པ་ཀུན་ལེགས་ཀྱིས་ཕྱག་མདའ་དེ་ ཨཔ་ཚེ་དབང་གི་ཨེ་ཁུག་གུར་ཕོག་ནི་དེ་གིས་ གཡུས་ཀྱི་མིང་ཡང་ ཕྱག་མདའ་ན་ཟེར་ སླབ་སླབ་ཨིན་མས། ཕྱག་མདའ་དེ་ སྤུ་ན་ཁ་སྡོམ་པ་ལ་ལས་ཛ་ཀོ་གིས་འབད་བ་ཅིན་ སྐུའི་ནང་ན་གཟུངས་སྦེ་ཕུལ་ཏེ་ཡོད་ཟེར་བཤདཔ་ཨིན་པས།
Chandana is a village in Tobesa county of Wangdi District. Zako from Dompala in Punakha explains that the name of the village was originally pronounced as Chagdha-nang, meaning “the valley of a nobleman's arrow.” The place got its name after Drukpa Kinley who is widely known as "the divine madman" shot an arrow from Tibet to Bhutan in search of the place where he would leave his lineage, as prophesied by the female deity, Palden Lhamo in his dream. The arrow hit a ladder in the house of Ap Tshewang in Tobesa. The ladder is still preserved in their shrine room and the arrow was put in a statue as a relic of this household. Drukpa Kinley later reached this place and had a son with a daughter of the household, thus leaving his lineage in Tobesa as the prophecy foretold.
- Dompala
- མཛེ་ཀོ་ཏེ་སྟོདཔ༌ཕྱག་མདའ་ན༌ཟེར༌ སླབ༌དགོཔ༌མི༌འདི་ ཏེ་ད་རེས་ ཨ་ཙི་ ཁ་སྐད་འགྱུར་ཏེ་ ཕྱག་ན་ན་ཆ་ན་ན་ཟེར་ སླབ་མས་ལགས། ཏེ་ཆ་ན་ན་ཟེརཝ་མེན་ཟེར་ སླབ་ནི་ཨིན་ལགས། ཏེ་ཆ་ན་ན་ཟེར་ མེན་པར་ཞིནམ་ན་ སྟོདཔ་ཕྱག་མདའ་ན་ ཕྱག་མདའ་ཟེར་ འདི་ང་བཅས་ མདའ་ཡོད་དགོ་ཤིག་ལགས། ཕྱག་མདའ་ཏེ་ རོགས་བླམ་ ནཱེམ་དཔོན་གྱི་ཕྱག་མདའ་འབད་བ་ཅིན་ ཕྱག་མདའ་ཟེར་སླབ་མམ་ལགས་ ཏེ་བླམ་ལུ་འབདན་ ཕྱག་མདའ་ཟེར་མས་ The word Toep Chadhana was mispronounce as ChaNaNa. the main reason for calling ChaDhaNa as ChaNaNa was in diversify now. as here Chada refers to arrow used by spiritual teacher.
- མཛེ་ཀོ་ཏེ་ཕྱག་མདའ་ན༌ཟེར་ སླབ་དགོ་མི་རྒྱུ༌འདི་ ཁུངས༌འདི༌ར༌ ག༌ཅི༌མོ༌ཟེར༌བ༌ཅིན༌ ང་བཅས་ བླམ་འབྲུག་པ་ཀུན་ལེགས་འདི་ བོད་ལས་མར་ལུ་ ཏེ་ཡར་ལས་མར་ལུ་ཡར་བལྟ་བྱོན་པའི་བསྒང་ལུ་ ཏེ་བོད་ལས་མར་ ནཱ་བྱོན་དགོ་མི་ཁུངས་དེ་ཡང་ དཔལ་ལྡན་ལྷ་མོ་གྱིས་ ཁྱོད་ ང་བཅས་ ནཱ་འབྲུག་ལུ་ ཚར་ཅིག་བྱོན་དགོ་པས་ཟེར་ ཁྱོད་ཀྱི་ལུང་བསྟན་གྱི་བརྟེན་འདི་གིས་སྦེ་ ནཱ་བྱོན་དགོཔ་ཅིག་ཡོད་པའི་ བྱོན་ད་ཟེར་ ཏེ་བྱོནམ་ད་ ཁྱོད་ཀྱིས་ ཏེ་དེ་སྦེ་བྱོནམ་ད་ ཡར་ཕ་རི་ཅིམ་ལ་ལས་ ཏེ་ཁྱོད་ཀྱིས་ མདའ་ཅིག་བཏང་ནང་ཟེར་ཏེ་ The main reason for calling Chadana was mainly because of Goddest Palden Lhamo told lam Drukpa kinley a predistanation of visiting bhutan, so during time of lama Drukpa Kinley visit towards bhutan he was ask to shoot the arrow from Pharey-Chem on his journey..
- མཛེ་ཀོ་མདའ་ཅིག་ མར་འབྲུག་ཁ་ཐུག་ལུ་ ཁྱོད་ཀྱིས་ མདའ་ཅིག་འཕང་ད་ཟེར་ ཏེ་ལུང་བསྟན་ལུ་ གནང་གནངམ་མས་ལགས། ཏེ་དེ་ལས་ བླམ་འབྲུགཔ་ཀུན་ལེགས་ཀྱིས་ ཡ་ཕ་རི་ཅིམ་ལ་ལས་ཏེ་ ཏེ་མདའ་གཞུ་གཞུ་གུ་བཀལ་སྦེ་ཏེ་ མདའ་རྐྱབ་ནི་སྦེ་ ཏེ་ང་བཅས་ འབྲུག་ཁ་ཐུག་ལུ་བཏངམ་ད་ ཏེ་དེ་ལས་ མདའ་འདི་ཡ་ལས་མར་ཏེ་ འབྲུག་ལྡིརཝ་དེ་ལྡིར་ ཏེ་ཉིནམ་གསུམ་དེ་ཅིག་ཏེ་ འ་ནཱེ་སྦེ༌ཏེ་ འུར༌འུར་ཟེར་ ཏེ༌འ༌ནཱེ༌སྦེ་འོངམ་མས་ཟེར༌མས༌ལགས། ཏེ་འ་ནཱེ་སྦེ་འོང་ད་ ཏེ་མར་ སྟོདཔ་ཕྱག་མདའ་ན་ལུ་ སྟོདཔ་ཕྱག་མདའ་ན་ལུ་ ཕྱག་མདའ་ཨཔ་ ཏེ་ཨཔ་ཚེ་དབང་ཟེར་མི་དེ་གི་ ཏེ་ཨེ་ཁུ་གུ་ལུ་ ཏེ་འ་ནཱ་ ཨེ་ཁུ་གུ་ལུ ཏེ་མདའ་དེ་ འ་ནཱ་ ཨེ་ཁུ་གུ་ལུ་ ཟུག་ཟུགཔ་མས་ལགས། ཏེ་འ་ནཱ་ ཕྱག་མདའ་འ༌ནཱ་ ཕོག༌ནི༌དེ་གིས and was prophecise to shoot towards bhutan.so he shoot as per the order and what happen was this bow and arrow have remain around three days in sky making sound like thunderous and after that what did was it was finallly landed on ladder of ap Tshewang of Tep-Chanana.thats why its called Chanana.
- མཛེ་ཀོ་ཕྱག༌མདའ༌ན༌ཟེར་ སླབ་དགོ་པའི་རྒྱུ་དོན་ འ་ནཱི་ཨིན་པས། ཏེ༌འ༌ནཱ་ ཕྱག༌མདའ༌ཕོག༌དགོ༌མི༌ ག༌ཅི་ཨིནམ་ཟེར༌བ༌ཅིན༌ ཏེ་ཁོ་ཡང་ ཁོ་བླམ་འབད་རུང་ ཏེ་ཁོ་སངས་རྒྱས་ཨིན་པས། ཨིན་རུང་ ཏེ་འ་མི་ཁ་ལུ་ ཁོ་ལུང་བསྟན་ཅིག་ཏེ་ ཁོ་གི་ཨམ་ཚུ་ཅིག་ ཏེ་འ་ནཱ་ལས་ སྲས་ཅིག་འཁྲུངས་ནི་གི་ ལུང་བསྟན་ཡོད་དེ་གིས་སྦེ་ ཏེ་མཁའ་འགྲོ་མ་གིས་ལུང་བསྟན་ཏེ་ དཔལ་ལྡན་ལྷ་མོ་ཏེ་གིས་ ལུང་བསྟན་དེ་གིས་ ཏེ་ཕྱག་མདའ་གནང་དེ་གིས་སྦེ ཏེ་འ་ནཱ་ ཕྱག་མདའ་ནཱ་ཕོག་སྦེ་ ཏེ་ཁོ་ཡར་ལས་མར་ ཏེ་ལ་བརྒལ་ ཕྱག་མདའ་འཚོལ་ཡི་འཚོལ་ཡི་འཚོལ་ཡི་འཚོལ་ཡི་ ཏེ་འ་ནཱི་ ལོ་རྒྱུས་ཞུ་བ་ཅིན་ ལམ་ད་ལེགས་ཤ་ཡོད། ཏེ་ཡ་ལས་མར་མི་ཞུ་ So the reason for landing on this place was he will have wife and a dedicate son from this household as per the given prophecy being an spiritual staircase. so then he follow his arrow and bow.
- མཛེ་ཀོ་ཏེ་ཕྲངམ་ཕྲང་ས་ ཡར་ལས་མར་བྱོན་ཏེ་སྦེ་ མར་དཔེ་(སྟོདཔ)ཕྱག་མདའ་ན་གཟིགསཔ་ད་འབད་ཚེ་ཅིན་ ཏེ་ཁོ་ཕྱག་མདའ་དེ་ མར་ཕྱག་མདའ་ན་ ཨེ་ཁུ་གུ་ཕོགཔ་སྡོད་ནུག་ཟེར་མས། ཏེ་རོ་ཏེ་ དེ་ལན་ ཏེ་འབལ༌སོང་པ་གིན་ ཏེ་འབལ་མ་ཚུགས་པ་ཏེ་ ཕྱག་མདའ་ན་ བུམོ་མི་ཆོས་འཛོམས་ཟེར་མི་དེ་གི་ ཏེ་དར་ཁ་ཅིག་འབག་སོང་ ཏེ་དར་གུ་ཞུ་ཏེ་ཏེ་འ་ནཱ་སྦེ་ when he arrive that place he saw his arrow hits on staircase and he tried to pull up his arrow but it cant do it.so what does is a girl called "Choezom" has come with white scarf and took the arrow.
- མཛེ་ཀོ་ཏེ༌གཉའ༌བ་བཀལ༌འབག༌ཏེ་ ཡར་མཆོད་བཤམ་ནང༌བཀལ༌འབད་སྦེ༌བཞག༌ནུག༌ཟེར༌མས། ཏེ་ནཱ་ངེ་མདའ་ཅིག་ ནཱ་མ་འོང་ག་ཟེར་ད་ ཏེ་ནཱ་ཡོད་ཏེ་ ཏེ་ནཱ་ཡོད་ཟེར་འབདཝ་ད་ཏེ་ དེ་ལས་ ཡར་མཆོད་བཤམ་གུ་ བཀལ་བཞག་ནུག་གསེས་མས་ལགས། she took home on her shoulder and kept at alter.so when lama came and ask her of his arrow. he saw arrow at alter.
- མཛེ་ཀོ་ཏེ་འ་ནཱི་མདའ་དེ་ མཆོད་བཤམ་ནང་འཛུལ་བའི་ཤོན་ ཏེ་དེ་ལས་ བླ་མ་གྱིས་ ཏེ་དེ་སྦེ་འབད་བ་ཅིན་ ལེགས་ཤོམ་བཏང་ནུག་ཟེར་ ཏེ་དེ་ལས་ བུམོ་དེ་ཡང་ འཇའ་རིངམོ་ཅིག་ཡོད་སྦེ་འབད་བའི་ཤོན ཏེ་དེ་ལསནི་ཏེ༌ ཁོ་ཏེ་ དེ་མ་གཞན་ཁ་ ག་དེ་ཨིན་རུང་ ད་ད༌རེས༌ ཁྱོད་ཀྱི་ ཨམ་སྲུ་འདི་ ང་དགོ་པས་ཟེར་ ཏེ་གསུངས་འབད་སྦེ་ ཕྱག་ལན་མཛད་འབད་སྦེ་ ཏེ་དེ་ལས་མར་ལས་སྲས་གཅིག་འཁྲུངས་ནུག་ལགས། ཏེ་འ་ནཱི་ སྲས་དེ་ seeing his arrow on alter well keptn he felt greatful and with seeing beautiful girl he want to marry her and evan give birth to one son.
- མཛེ་ཀོ་འཁྲུངས་ནི་དེ་གིས་སྦེ་ཏེ་ ལུང་བསྟན་ཡོད་ནི་དེ་གིས་ ཕྱག་མདའ་དེ་ ནཱ༌སྟོདཔ་ཕྱག་མདའ་ན་ཕོག་དེ་གིས་སྦེ་ ཏེ་ད་རེས་ མདའ་འདི་ ད་ལྟོ་བར་ན་སྐོར་ཡང་ཡང་ཕར་ ནང་ན་ལུ་ སྐུའི་ནང་ན་ལུ་གཟུགས་སྦེ་ཡོད་པའི་ཟེར་མས་ལགས། སྟོདཔ་ཕྱག་མདའ་ན་ཟེར་ སླབ་དགོ་པའི་ རྒྱུ་འདི་ ཁུངས་འདི་ འ་ནཱི་ལས་བརྟེན་ཏེ་ཨིན་ཟེར་མས། with birth of son as per prophecy the arrow is stil there at place inside a statue as a significant thing. that why it is called "Toep-CHADHANA"