Video Overview
This is a variation of A Chance to Go Abroad I. A father tries to convince his unwilling daughter to take an opportunity to go abroad.
- པཱ་ལགས།བུ་མོ།
- པཱ་ལགས།་
- བུ་མོ།ལགས།
- པཱ་ལགས།ཁ་སིང་༼ཁ་སང༽བུ་མོ་རང་གིས་ངར་གཅིག་མངགས་པ་ཡིན་པ།
- བུ་མོ།ག་རེ།
- བུ་མོ།ག་རེ་མངགས་གནང་བྱུང་པ་ལགས་ལ།
- པཱ་ལགས།ཁ་སིང་མེད་པས།
- བུ་མོ།འོང།
- པཱ་ལགས།འདི་བོད་ལྗོངས་སླབ་གྲྭ་༼སློབ་གྲྭ་༽ཆེན་མོའི།
- པཱ་ལགས།རྒན་ལགས་བརྒྱུད་བྱས་༼ནས་༽དོན་དག་གཅིག་མེད་པས།
- བུ་མོ།དོན་དག་ག་རེ་རས་༼རེད་དམ་༽ག་གི།
- པཱ་ལགས།ཕྱི་རྒྱལ་ལ་འགྲོ་ཡག་འདི།
- བུ་མོ།ཕྱི་རྒྱལ་ལ་ལགས།
- པཱ་ལགས།འོང།
- བུ་མོ།མངགས་འདུག་གས་༼གམ་༽
- པཱ་ལགས།མངགས་ཤག།
- པཱ་ལགས།རང་རན་བསྡད་ཡོད་ཟེར་གིས་༼གྱིས༽
- པཱ་ལགས།ད་བྱས་ཙང།
- པཱ་ལགས།བུ་མོ་རང་འགྲོ་ཉན་ཡིན་པས།
- བུ་མོ།ང་ལགས།
- པཱ་ལགས།འོང།
- བུ་མོ།ང་འགྲོ་གི་ཁོ་ར་མིན་བྱས།
- པཱ་ལགས།འ་ཙིས་བུ་མོ་ཨ་ལའི་བསམ་བློ་ཡག་པོ་གཅིག་གཏོང་དང།
- པཱ་ལགས།མི་ཚོ་འགྲོ་དགོ་༼དགོས་༽བསམ་ནའི་༼ན་ཡང་༽འགྲོ་ས་ཡོའོ་༼ཡོད་༽མ་རེད།
- བུ་མོ།པ་ལགས་ཨུ་ཚུགས་ཚ་པོ་ཞེ་པོ་འདུག།
- བུ་མོ།ཐད་ན་ཡིན་ན་པ་ལགས་ཁྱེད་རང་ཐད་ང་འགྲོ་གི་ཁོ་ར་མིན།
- བུ་མོ།ངས་ཁ་སིང་ནས་ཞུས་བྱུང་ང་པ་ལགས་ཁྱེད་རང་ལ་ཡ།
- པཱ་ལགས།ད་རང་བསམ་བློ་ཡག་པོ་གཅིག་གཏོང་མ་གཏོགས་གཅིག་གི་འདི་རང་གིའི་མི་ཚེ་གཅིག་གིའི་དོན་ཆེན་རེད་ད།
- བུ་མོ།འ་ཙིས་པ་ལགས་བསུན་པོ་ཞེ་པོ་འདུག།
- བུ་མོ།ང་འགྲོ་གི་ཁོ་ར་མིན།
- པཱ་ལགས།ད་དེ་རིང་ངའི་བཤད་པའི་ཁ་་ལ་ཉན་བྱས།
- པཱ་ལགས།ཐེངས་མ་གཅིག་འོང་ཟེར་ལབ་དང།
- བུ་མོ།འ་ཙིས་ད་པ་ལགས་སྐུ་ཅིག་༼སྐུ་མཁྱེན་༽ཟ་རེད་པཱ།
- བུ་མོ།ང་འགྲོ་གི་ཁོ་ར་མིན་འ་ཙིས།
- བུ་མོ།པ་ལགས་ཁྱེད་རང་ཨུ་ཚུགས་ཚ་པོ་ཞེ་པོ་འདུག།
- པཱ་ལགས།ལགས་སོ་ད་བུ་མོ་དེ་བཤད་ནི་ཉན་ཡག་ནི་མིན་འདུག།
- པཱ་ལགས།ད་རང་ལ་གྱོང་མ་རག་ལ་ངར་གྱོང་རག་ཡག་གའི་༼གང་ཡང་༽མེད།
- པཱ་ལགས།ད་འོ་ན་ད་ག་གཡུགས་ཞོག།
- པཱ་ལགས།ཧའེ་་་་་་་་་་་་་་་་་་་་་