Video Overview
༉ བློ་ཟེ་འདི་ ཁ་བདེ་ལྕེ་བདེ་ཚུ་གིས་ ཕར་ལོགས་མའི་དྲི་བ་དང་འཁྲིལ་ཏེ་ལན་སླབ་ཚུགས་པའི་ངག་རྩལ་དང་བློའི་རིག་རྩལ་ཅིག་ཨིན། མ་པ་སྐྱེས་སྟོབས་ཀྱི་རིག་པ་ཅན་ ཁ་བདེ་ལྕེ་བདེ་ཚུ་གིས་བསྒྱུར་བ་ཅིན་ ག་ནི་བ་ཧན་ཏོང་ཏོ་སྦེ་བསྒྱུརཝ་ཨིན། ཨིན་རུང་ སྦྱངས་སྟོབས་ཀྱི་རིག་པ་ ཧེ་མ་ལས་མི་མཁས་པ་ཚུ་གིས་བརྩམས་བཞག་མི་ཚུ་སེམས་ཁར་བཞག་སྟེ་ཡང་ བློ་ཟེ་བསྒྱུར་ནི་གི་སྲོལ་ཡོད། བློ་ཟེ་བསྒྱུར་ནི་དེ་ འབྲུག་རྒྱལ་ཁབ་ཀྱི་གཞུང་སྐད་ཀྱི་ཐོག་ལུ་མ་གཏོགས་ ཁ་སྐད་གཞན་ དཔེར་ན་ ལྷོ་མཚམས་པ་དང་ཤར་ཕྱོགསཔ་བཟུམ་གྱི་ཁ་སྐད་ནང་ བློ་ཟེ་བསྒྱུར་སྲོལ་མེདཔ་ཨིན། བློ་ཟེ་དེ་ བྱངམ་ཕྱད་བཟོ་ཞིན་ན་ ཕར་ཚུར་དྲི་བ་དང་འཁྲིལ་ཏེ་ བློ་ལན་འཇལ་ཏེ་བསྒྱུརཝ་ཨིན།
- Laya
- ལགས་སོ་ལགས། ད་ཅི་གི་རྩང་མོ་འདི་ འ་ནཱི་བློ་ཟེ་ད་ གཉེན་གླུ་འདི་ ད་ང་བཅས་ར་ག་ར་སྤྲོ་བའི་ཐོག་ལས་ ན་གཞོན་བུཚུ་དང་ བུམོ་འདི་ཚུ་ གཅིག་གཅིག་ལུ་ སེམས་དགའ་ནིའི་དོན་ལས་སྦེ་ གཅིག་གི་གཅིག་ལུ་ དག་སྣང་ འ་ནཱི་སྦེ་ཡོད་ནིའི་དོན་ལས་སྦེ་ ཏེ་ ཚིག་དེ་ཚུ་ར་ཏེ་ ད་གཅིག་ལས་གཅིག་ཧན། གཅིག་ལས་གཅིག་སེམས་ཁ་ཕོགཔ། སེམས་ཁ་བཞག་ཚུགསཔ། མོ་གིས་ཡང་ ང་ལུ་ བུཚུ་སྦེ་འབད་རང་ ཨ་ཙི་མནོ་བསམ་ འ་ནཱེ་སྦེ་ གཏང་དགོ་པས་ལགས། བུམོ་དེ་ཚུ་གིས་ ཧན་ཏོང་ཏོ་སླབ་ད་ མོ་གིས་ཡང་ ང་ལུ་ གནམ་མེད་ས་མེད་ ཧན་ཏོང་ཏོ་ འ་ནཱི་བཟུམ་ སླབ་ཅིག་སྨ་རེ་ཟེར་ མནོ་སྟེ་སྦེ་ དུས་ནམ་ཡང་ བརྗེད་མ་ཚུགས་བཟུམ་སྦེ་ སེམས་ཁ་ལུ་ འ་ནཱི་སྦེ་ ཆགས་འོང་ཟེར་ ཞུ་ནི་ཨིན་ལགས།དམ་ཆོས། Damchoe
- ཏེ་ དེ་ལན་ བུམོ་དེ་ཚུ་གི་འབད་རུང་ འ་ནཱི་སྦེ་ཆགས་པའི་ཟེར་ ཞུ་ནི་ཨིན་ལགས། གཉེན་གླུ་ཟེར་མི་འདི་ ཏེ་ད་ ཁ་ཙ་ཡོད་མི་ བཟུམ་ཅིག་འབད་བ་ཅིན། ཁ་ཙ་ ང་བཅས་ བློ་ཟེ་ འགྲན་བསྡུར་འབད་ཡི། ཨ་ནཱ་ལུ་ ད་ བུཚུ་འདི་གི་ ང་ལུ་ བློ་ཟེ་ཚིག་འདི་ འ་ནཱེམ་ཅིག་ སླབ་ཅི་ འ་ནཱི་ ད་རེས་ཡང་ སེམས་ཁ་ལས་ བརྗེད་ནི་མིན་འདུག་ ད་ཁོ་གི་འ་ ང་ལུ་ སེམས་ར་དགའ་འདི་གི་ཨིན་ན་ ད་ ག་ཅི་ཨིན་ན་ མ་ཤེས་ཟེར་ འདི་གི་སྦེ་ གནམ་མེད་ས་མེད་ སེམས་ཁ་ལུ་ སྤྲོ་བ་སྦེ་ བཞགཔ་ཨིན་ཟེར་ ཞུ་ནི་ཨིན་ལགས།དམ་ཆོས། Damchoe
- དེ་ལས་ དགྲ་གླུ་འདི་ འགྲན་བསྡུར་འབད་བའི་དུས་ཚོད་ནང་ལུ་ ད་གཅིག་གི་གཅིག་ ང་རྒྱལ་ལངམ་ཨིན་ལགས། ཏེ་ ང་བཅས་ ད་རེས་ མ་པ་སླབ་སྲོལ་ཅིག་ལས་འབད་བ་ཅིན། ཁྲག་ཤུགས་ ཡར་འཛེག་བཟུམ་སྦེ་ ཨིན་ལགས།དམ་ཆོས། Damchoe
- ཏེ་ད་ དགྲ་གླུ་འདི་ འབད་བའི་བསྒང་ལས་ གཅིག་གི་གཅིག་ རྒྱལ་ཁ་ ཕྱེ་མ་ཚུགས་བར་ གཉེན་གླུ་འདི་ ཏེ་ ང་བཅས་ མདའ་རྐྱབ་དོ་བཟུམ་སྦེ་བ་ཅིན། མདའ་འདི་ སྐུ་ཁ་འདྲན་འདྲ་བཟུམ་ཅིག་སྦེ་ རྒྱལ་ཁ་ ཕྱེ་མ་ཚུགས་པའི་ ནམ་དུས་ནང་ལུ་ ད་གཅིག་གི་གཅིག་ ཁྲག་ཤུགས་འབར་ཡི་འབར་ཡི་ དེ་ལས་ ཏེ་ གཅིག་གི་གཅིག་ལུ་ ང་རྒྱལ་ལངས་འདི་ འ་ནཱི་འབད་བའི་བསྒང་ལས་ ད་དགྲ་ལུ་འདི་ འ་ནཱི་བསྒང་ལུ་ ཤེས་དགོ་ཟེར་ ཞུ་ནི་ཨིན་ལགས།དམ་ཆོས། Damchoe
- ཁྱིམ་ཏོ་ཟུར་གྱི་ཨོ་ལ། །རོ་སྐད་དེ་རང་མ་འདོན། །རོ་སྐད་དེ་ར་འདོན། །རྡོ་ལ་མའི་ལྡན་ལྕག་ཕྱད་འོང་། །དབང་མོ་དང་ ཀུན་ལས་བུད་དར། Wangmo & Kinley Bidha
- ད་འབདན་ཨའོ་ ཚེ་དབང་ལུ་ བཏང་ཡི་མས་རོགས། ཨའོ་ཚེ་དབང་། ད་ནཱ་བུམོ་གཉིས་ཀྱིས་ དབངམོ་དང་ཀུན་ལས་ ཁ་ཐུག་ལས་ ནཱ་ བུ་ཚེ་དབང་ལུ་ གནམ་མེད་ས་མེད་ཀྱི་ དགྲ་གླུ་ དོན་འབར་སུ་འཚམས་ཅིག་ཨིན་མས། ནང་སུ་སྐོར་ལས་ ད་གཉེན་གླུ་འདི་ཁར་ལས་ ཨ་ཙི་ཙི་ཅིག་ རྒྱལ་ཁ་ཕྱེ་མ་ཚུགས་པར་ སྡོད་སྡོད་པ་ ད་ཁྱོད་ཀྱི་ ནཱ་འདྲ་གླུ་ཅིག་རང་གནང་ཟེར་ ཞུ་ནི་ཨིན་ལགས། ད་ ཚེ་དབང་གི་ཡང་ གཅིག་བཏང་དགོ་པས།ཀུན་ལས་བུད་དར་དང་ དམ་ཆོས། Kinley Bidha & Damchoe
- ཁྱོད་གསན་ཅིག་སྨན་ཆུང་བུ་མོ། །ཉན་ཅིག་སྨན་ཆུང་བུ་མོ། །ཁྱོད་ཉ་ཁུར་ལངས་པའི་ཉ་མེད་རུང་། །ཁྱོད་ལྐོད་མ་རྐྱབ་པའི་རྩང་གཅིག་ཡོད། །ཚེ་་དབང་། Tshewang
- ཁྱོད་ཤིང་ཁུར་ལངས་པའི་ཤིང་མེད་རུང་། །ཁྱོད་རོ་ཤིང་འབད་བའི་ཤིང་གཅིག་ཡོད། །ཁྱོད་རྡོ་ཁུར་ལངས་པའི་རྡོ་མེད་རུང་། །ཁྱོད་རོ་མགོ་ཀྲུམ་པའི་རྡོ་ཅིག་ཡོད། །ཨ་ཁོ་རེ་ གཉེན་གྲོགས་ ཨ་ཁོ་རེ། །ཨ་ཁོ་རེ་སྨན་ཆུང་བུ་མོ། །ཚེ་དབང་། Tshewang
- ཨ་ཙ་ཙ་ ང་འདི་འབད་མི་ཚུགས་མས།ཟླ་བ་ཚེ་རིང་། Dawa Tshering
- ཨ་ཁོ་རེ་ གཉེན་གྲོགས་ཁོ་རེ། ཨ་ཁོ་རེ་ སྟག་ཤར་གཞོན་མ། གོབ་གོབ་སྦལཔ་པའི་འོག་ལས། །སྐུ་ཤ་ཁྱོད་ར་དཀར་བས། །སྐུ་གཟུགསཁྱོད་རང་རིངམོ་མས། །ཏས་བྱ་ནག་མོའི་འོག་ལས། །སྐུ་ཤ་ཁྱོད་ར་དཀར་བས། །ཨ་ཁོ་རེ་ གཉེན་གྲོགས་ ཨ་ཁོ་རེ། །ཨ་ཁོ་ར་སྟག་ཤར་གཞོན་མ། །དབང་མོ་དང་ཀུན་ལས་བུད་དར། Wangmo & Kinley Bidha
- དབའེ་ ད་འབདན་ཏེ་ རོགས་འཇིགས་སྐྲག་ཁོག་ཁོག་འབད་ར་ བཏང་ཡི་སྨེ་ར་ཕར་ལས།ཟླ་བ་ཚེ་རིང་། Dawa Tshering
- གསན་ཅིག་སྨན་ཆུང་བུ་མོ། །ཉན་ཅིག་སྨན་ཆུང་བུ་མོ། །ལྷ་ས་ཁྲོམ་སུ་བསྒང་ལས། །མཁན་རིགས་དོ་མ་བཅོ་བརྒྱད། །ན་ཧིང་མི་གཅིག་གསད་ཅི། ། ད་རུང་གསད་དགོ་མནོ་མས། །ཨ་ཁོ་རེ་ གཉེན་གྲོགས་ ཨ་ཁོ་རེ། ཨ་ཁོ་རེ་ སྨོན་ཆུང་བུ་མོ། །ཚེ་དབང་། Tshewang
- ཡ་ ད་འབདན་ ཚེ་དབང་གིས་ བཏང་ཡི་སྨེ་རོགས། གཏམ་འདི་གཅིག་བ་གཅིག་ གརཝ་སྦེ་ཐོན་མས་རོགས། ཁོང་ ང་རྒྱལ་ལངས་དོ།དམ་ཆོས། Damchoe
- བཞུགས་པ་མ་བཞུགས་ཐོག་ཏོ། །ནང་ན་སྡོད་རུ་ཡོད་རུང་།། བུ་ཁྱོད་ར་པགས་རྟག་མ་རྒྱུ། །ཆུ་ཡོད་པའི་འུར་སྒྲ་འདི།། ཨ་ཁེ་རེ་ གཉེན་གྲོགས་ ཨ་ཁོ་རེ།། ཨ་ཁོ་རེ་ སྟག་ཤར་གཞོན་མ།།དབང་མོ་དང་ ཀུན་ལེགས་བུད་དར། Wangmo & Kinley Bidha
- ཨ་ཙ་ཙ་ ཕུར་པ་ ད་འབདན་ཨའོ་ སྟག་ཤར་གཞོན་མ་ མནོ་བསམ་གཏང་དགོ་འབད་མས་ ཐེབས་ཅིག་ར།ཟླ་བ་ཚེ་རིང་། Dawa Tshering
- ཐེབས་ཅིག་རང་ གཏང་དགོ་པས་སྨེ་ ད།དམ་ཆོས། Damchoe
- ཁྱོད་གསན་ཅིག་སྨན་ཆུང་བུ་མོ། །ཉོན་ཅིག་སྨན་ཆུང་བུ་མོ། །ཤིང་ནགས་ཚལ་སྦུག་གི་ཁ་ཤིང་འདི། །རྩཝ་ས་ལས་སྐྱེས་ཚེ་གཡོ་མེད་པ། །ད་ཡར་འགོ་ཚེ་ལྷོདཔ་ཚེ་གཡོ་ཆེ་ནུག གཡོ་ཡོད་པའི་ཤིང་ཆེན་ང་མི་དགོ །ས་མར་ལས་ང་གི་བརྡབ་གཏང་ནི་ཟེར་ སླབ་ནི་སྦེ་ཨིན།ཚེ་དབང་། Tshewang
- མཆོད་རྟེན་མི་བཞེངས་གུ་བཞེངས། །བྲག་གི་སྐེད་པ་བཞེངས་ནུག་ལོ། །བསྐོར་ལམ་འགྱོ་གེ་མནོ་བ། །བསྐོར་ལམ་བྲག་གི་བཅད་ཆི་ནུག་ལོ། །ཨ་ཁོ་རེ་ གཉེན་གྲོགས་ ཨ་ཁོ་རེ། །ཨ་ཁོ་རེ་ སྟག་ཤར་གཞོན་མ། །དབང་མོ་དང་ཀུན་ལས་བུད་དར། Wangmo & Kinley Bidha
- གསན་ཅིག་སྨན་ཆུང་བུ་མོ། །ཉན་ཅིག་སྨན་ཆུང་བུ་མོ། །ཁྱོད་ལ་མའི་ལ་གི་ཁ་ཤིང་འདི། །ཁ་ཤིང་མཛེས་པའི་བསྒང་། །མཛེས་པའི་དར་རས་མཉམ། ། ད་རགྱི་ཤེས་རྐྱབ། །མཛོས་ཤིག་བ་ཀྲ་ཀོ་་་་་་་་་་་་་འཛོལ་ཡི་་་་་་་་་་་་ཚེ་དབང། Tshewang
- ད་ འཛོལ་སུ་མཚམས་ཅིག་ ཡར་སོང་ཡི་ཟེར་ཨིན་མས། ཚེ་དབང་གི་ཁ་ཐུག་ལས་ འ་ནཱི་ཚེ་དབང་གི་ཁ་ཐུག་ལས་ འཛོལ་ཡི་མཚམས་ཅིག་ཟེར་ ཁྱོད་གཉིས་ རྒྱལ་ཁ་ཐོབ་ནི་བཟུམ་ཅིག་འབད་དོ།དམ་ཆོས། Damchoe
- རྒྱུ་ན་གསེར་གྱི་མཛུབ་དཀྱི། །མ་རྒྱུ་གཡུ་གི་མཛུབ་དཀྱི། །བཏོན་ན་ས་དཀར་མཛུབ་དཀྱི། །གྱོན་པའི་བདག་ལ་མིན་ནུག །ཨ་ཁེ་རེ་ ཨིན་རུང་ ཨ་ཁོ་རེ།། ཨ་ཁོ་རེ་ སྟག་ཤར་གཞོན་མ། །དབང་མོ་དང་ ཀུན་ལས་བུད་དར། Wangmo & Kinley Bidha
- ཡ་དབའེ་ ནང་དོག་ཁག་ཁག་འབད་གཏང་ཡི་མས། ད་དབའེ་ ང་ མནོ་བསམ་ཐེབས་ཅིག་ར་ བཏང་སྦེ་ སླབ་དགོ་སྨེ། ཡ་ཡོད་ཡོད།དམ་ཆོས། ཚེ་དབང་། ཟླ་བ་ཚེ་རིང་། Damchoe, Tshewang and Dawa Tshering
- ཁྱོད་གསན་གཅིག་སྨན་ཆུང་བུ་མོ། །ཉན་ཅིག་སྨན་ཆུང་བུ་མོ། །ཟམ་ཅུང་འོག་ཟམ་བཙུགས་མི། །བརྒྱ་དང་སྟོང་ར་ཨིན་མས། །ཟམ་ཅུང་འོག་ཟམ་བཙུགས་མི། །གཡུག་ཕྱོགས་འདི་ནང་མིན་འདུག །ཨ་ཁོ་རེ་ གཉེན་གྲོགས་ ཨ་ཁོ་རེ།།ཨ་ཁོ་རེ་ སྨོན་ཆུང་བུ་མོ།།ཚེ་དབང་། Tshewang
- ཡ་ཁྱོད།ཟླ་བ་ཚེ་རིང་། Dawa TsheringYa, You want this.
- ཟམ་ཅུང་རྒྱ་ཟ་འོག་ལས། །མི་སེམས་མེད་དྲན་པ་ཤིག་ཤིག །མི་ཁྱོད་ར་དྲན་པ་ཤེས་རུང་། །མི་ང་ཚོ་སེམས་པ་མི་ཤོར། །ཨ་ཁེ་རེ་ གཉེན་གྲོགས་ ཨ་ཁོ་རེ། ། ཨ་ཁོ་རེ་ སྟག་ཤར་གཞོན་མ། །དབང་མོ་དང་ཀུན་ལས་བུད་དར། Wangmo & Kinley Bidha
- ཁྱོད་གསན་གཅིག་སྨན་ཆུང་བུ་མོ། །ཉན་ཅིག་སྨན་ཆུང་བུ་མོ། །ཁྱོད་གཉིས་ཁ་ཤ་དྲ་དུམ། །ང་ནི་གོས་ཆེན་དྲ་དུམ། །གཅིག་ཁར་བཙེམ་གེ་མནོ་རུང་།། འཇའ་འཇའ་འདྲཝ་ར་མིན་འདུག །ཨ་ཁོ་རེ་ གཉེན་གྲོགས་ ཨ་ཁོ་རེ། ། ཨ་ཁོ་རེ་ སྨོན་ཆུང་བུ་མོ། །ཚེ་དབང་། Tshewang
- ཛའི་ གཏང་ཡི་མ་རེ། འཇའ་འཇའ་འདྲཝ་ར་མིན་འདུག་ལོ། ང་བཅས་གཉིས་ ངལ་རངས་ཡི་སྨོ?་ ང་བཅས་གཉིས་ཡང་ ངལ་རངས་ཡི་སྨེ་རེ་ ད་འབདན།དམ་ཆོས་དང་ ཟླ་བ་ཚེ་རིང་། Damchoe & Dawa Tshering
- ཡ་ ལགས་སོ་ལགས། ད་ ཁོང་ ན་གཞོན་བུ་དང་ བུམོ་དེ་ཚུ་ ཨ་རྟག་ར་ནཱེ་སྦེ་ར་ ཕྱེ་འདི་སྡོད་པ་ཅིན། དུས་ཚོད་འདི་རིངམོ་ར་འགྱོ། རྒྱལ་ཁ་འདི་ཕྱེ་ཚུགས་ནི་ མེན་པས་ཟེར་ མནོ་བསམ་བཏང་མས་ལགས། ང་བཅས་ རྒས་ཤོས་གཉིས་ཀྱི་ཁ་ཐུག་ལས་ མནོ་བསམ་བཏངམ་ད་ རྒྱལ་ཁ་འདི་ འདྲན་འདྲ་ཡར་སོང་ཡི་ཟེར་ ང་བཅས་ མནོ་བསམ་འ་ནཱེམ་ཅིག་ བཏང་ཡི་ཟེར་ ཞུ་ནི་ཨིན་ལགས།དམ་ཆོས།Damchoe,