Video Overview
༉ རྫོང་ཁག་ག་རའི་ནང་ ཚེས་བཅུའི་སྐབས་ འཆམ་དང་ཞབས་བྲོ་ལེ་ཤ་རྐྱབ་ནི་ཡོད་པའི་གྲལ་ལས་ འཆམ་ཡང་ རྫོང་ཁག་གི་ཁ་ཐུག་ལས་རྐྱབ་མི་དང་ གྲྭ་ཚང་གི་ཁ་ཐུག་ལས་རྐྱབ་མི་སོ་སོ་སྦེ་ཡོད་པའི་ནང་ལས་ ད་ལྟོ་གི་གཤིན་རྗེ་ཡབ་ཡུམ་གྱི་འཆམ་འདི་ ཧཱ་རྫོང་ཁག་གི་གྲྭ་ཚང་གི་ཁ་ཐུག་ལས་འབད་རྐྱབ་ཨིན་མས། འཆམ་གྱི་ཁུངས་དང་དགོས་པ་ཚུ་ཧ་གོ་བ་ཅིན་ འདི་ལུ་བཅུད་སྦོམ་ཡོདཔ་ཨིན་རུང་ མི་མང་ཤོས་ཀྱིས་ར་ ཆམ་གྱི་སྐོར་ལས་གནམ་མེད་ས་མེད་ཅིག་ཧ་མ་གོ་བཝ་ལས། ཞབས་ཁྲ་ལུ་སྤྲོ་བ་བསྐྱེད་དོ་བཟུམ་གྱི་སྤྲོ་བ་ཅིག་མི་བསྐྱེདཔ་ཨིན། ཨིན་རུང་ ཁུངས་དང་དགོས་པ་ལེགས་ཤོམ་སྦེ་མ་ཤེས་རུང་ མཇལཝ་ཙམ་གྱིས་ངན་སོང་ལས་འགྲོལ་བའི་ས་བོན་བཏུབ་ཨིན་པས།
- Hungrelkha