Skip to main content Skip to search
28 Jun 2018
5 min 33 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk, Dorji Nima

An account of Chokhor Tsen at Zhemgang Dzongkhag was narrated by Sonam Dorji from Ngangla Trong. The legend says that the Tsen travel from India to Tibet underground on daily basis.  But one day the tsen showed his head through a hole thinking that he had reached Tibet, but it was at Ngangla village in Zhemgang. Thus, the image of the tsen and his head still exist in the area even today in the form of rock. People living around supplicate to the rock annually, along with their annual ritual. Despite people living in the area, many people plying through the place also prostrate and supplicate to the rock.

 

Show More

  • བསོད་ནམས་རྡོ་རྗེ་ Sonam Dorji
    བཙན་གྱི་སྐོར་ལས་དུམ་གྲ་ཅིག་ཞུ་གེ་ལགས་ ག་ཅི་སྦེ་ཟེར་བ་ཅིན་ ཨ་ནཱི་ཆགས་སྐོར་བཙན་ཟེར་ ཕམ་ཚུ་གིས་ དང་ཕུ་མར་རྒྱ་ལས་བོད་ལུ་བྱོནམ་ཨིན་ལོ་ལགས་ བྱོནམ་ཨིན་ཟེར་ དེ་སྦེ་སླབ་ནི་སྡོད་ཅི།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་བཙན་ང་བཅས་ར་གིས་ལེགས་ཤོམ་སྦེ་ འབད་དགོ་སྨ་རེད་ཟེར་ དེ་འབདཝ་ད་ ཉིན་ནུབ་མེད་པར་མར་སའི་འོག་ལས་བྱོནམ་ཨིན་པས་ལགས་ མར་ས་ནང་ལས་སྦེ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྒྱ་ལས་བྱོནམ་ད?
  • བསོད་ནམས་རྡོ་རྗེ་ Sonam Dorji
    འོང་ ཡར་བྱོནམ་ད་ དེ་འབདཝ་ད་ ད་བོད་ལྷ་ས་ལུ་ལྷོད་ལྷོདཔ་མས་ཟེར་ ཐོན་བལྟ་བལྟཝ་ཨིན་ལོ་མེན་ན་ དུམ་གྲ་ཅིག་མགུ་ཏོ་བཏོན་ཏེ་ དེ་འབདཝ་ད་ ནཱ་རང་ལུས་ཡོདཔ་ བོད་ལྷ་ས་ལུ་ག་ནི་ཡང་མ་ལྷོད་པར།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་འབདཝ་ད་ནཱ་ལུ་ ཐབ་རྡོ་ཡང་བཙུགས་ཏེ་ཡོད་ དེ་ལས་ཁོ་ར་གསོལ་དཔོན་ཡང་ཡོད་རྡོ་གི་སྦེ་ དེ་སྦེ་དྲང་མི་ གསོལ་དཔོན་གཅིག་ དེ་ལས་ ཁོ་ར་ཕར་ཀེ་ཀེ་སྦེ་ ཨ་ནཱི་ཐོན་ཐོནམ་ཡོད་སྦ་ རྡོ་ཀེ་ཀེ་སྦེ་ཐོན་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་རྣམ་པ་འབད་བ་ཅིན་ རྡོ་གུ་སྦེ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    འོང་རྡོ་ལགས་ རྣམ་པ་འབད་བ་ཅིན་རྡོ་ཨིན་ དེ་འབདཝ་ད་བཙན་འ་ནཱི་ཨིན་སྨ་རེད་ཨ་ནཱི་བཙན་བཀོ་མི་བཏུབ་སྨ་རེད་ ང་བཅས་ར་གསོལཝ་བཏབ་དགོ་ཟེར་ སླབ་ནི་སྡོད་ཅི་ དེ་མ་ཚད་ གསོལཝ་བཏབ་བཏབ་ས་རང་ལགས་ རོགས་ག་ར་ག་ཏེ་འགྱོ་རུང་ནཱ་ཕྱག་འཚལ་ཡི་འཚལ་ཡི་རང་འགྱོ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཕྱག་འཚལ་ཡི་འཚལ་ཡི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ནཱ་བླམ་དཀོན་མཆོག་ཟེར་ ལོ་མཆོད་འདྲཝ་གསོལ་བའི་སྐབས་ལུ་ཡང་ བཙུགས་ནི་ཡོག་ག་ལགས་ནཱ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་སྦེ་འབདཝ་ད་བཙན་ཚར་རེ་གསོལཝ་མས་ལགས་ང་བཅས་ཀྱིས་ ལོ་མཆོད་ལོ་ དེ་ལས་ ལོ་མཆོད་རྐྱངམ་གཅིག་ནང་གསོལ་འོང་ལགས་བཙན་ཟེར་ དེ་འབདཝ་ད་ ཚར་རེ་རེ་གསོལཝ་མས་ དེ་སྦེ་འདི་གི་བསྟན་པ་གི་དོན་ལུ་ ཁོ་ནཱ་ལུས་སོང་ནུག་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་སྦེ་ ཁོ་ཡར་བོད་ལྷ་ས་ལུ་མ་ལྷོདཔ་གཅིག་གི་བར་ན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཁོ་ར་ལོག་འཛུལ་མ་བཏུབ་པས་ཏེ་ལགས་ ཁོ་མར་ལས་བྱོན་བྱོནམ་མས་ སའི་ནང་ན་ལས་སྦེ་ དེ་འབདཝ་ད་ ད་བོད་ལྷ་ས་ལུ་ ལྷོད་ལྷོདཔ་ཨིན་ང་ཟེར་ ཐོན་བལྟ་བལྟཝ་ཨིན་ལོ་ལགས་ དེ་འབདཝ་ད་ན་ཀེ་ཀེ་སྦེ་ཐོན་ཏེ་ ནཱ་རང་ལུས་ཡོདཔ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་སྦེ་སླབ་མས་ཕམ་ཚུ་གིས་ དེ་སྦེ་སླབ་ནི་ཅིག་ཡོད་ ང་གིས་འ་ནེ་ཅིག་ཞུ་གེ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འཁོར་སྦེ་མེདཔ་ཨིན་ན་སྨོ་ལགས་ཁོ་ར་ལུ་འཁོར་སྦེ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    འཁོར་སྦེ་ གསོལ་དཔོན་གཅིག་ཡོད་ལགས་ དྲང་མི་ དེ་ལས་ ཐབ་རྡོ་བཙུགས་འབད་དེ་ དེ་ལས་ ཕོརཔ་ཡང་ཡོད་ལགས་ རྡོ་གིས་བཟོ་བཟོཝ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གསོལ་དཔོན་གྱི་མཚན་སྦེ་འདུག་ག་ལགས?
  • བསོད་ནམས་རྡོ་རྗེ་ Sonam Dorji
    གསོལ་དཔོན་གྱི་མཚན་སྦེ་ ག་ནི་ཡང་མེད་ལགས་ དེ་སྦེ་ག་གིས་ཡང་ག་ནི་ཡང་མ་སླབ་ རོགས་གསོལ་དཔོན་གཅིག་ཡོད་ལགས་ དེ་ལས་ཕར་ལས་ཁོ་ར་གཅིག་སྦེ་ དེ་ལས་ ཐབ་རྡོ་བཙུགས་སྦེ་ ཁོ་ར་གསོལཝ་བཞེས་བཞེསཔ་ཅིག་འདུག་ མར་ལས་ཀེ་ཀེ་སྦེ་ཐོནམ་ཅིག
  • བསོད་ནམས་རྡོ་རྗེ་ Sonam Dorji
    འེང་་་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    མར་སའི་ནང་ལས་ཐོན་འོངམ་ད་ དེ་སྦེ་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་མཇལ་ནི་འདུག་སྨོ་ལགས?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཡོད་ལགས་མཇལ་ནི་ མཇལ་རུང་ནཱ་རང་བཙན་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ནཱ་ལུ་ ལྡེབས་རིས་འདྲཝ་མེད་ག་ལགས་བཙན་ཁོ་ར་གི་ འེང་་་སྐུ་པར་འདྲཝ་སྦེ་ཡང?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་བཟུམ་མ་བཟོ་བས་ལགས་ག་ནི་ཡང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མིན་འདུག་སྨོ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    མ་བཟོ་བས་འདི་བཟུམ་འབད་བ་ཅིན་ ལྡེབས་རིས་དང་འདི་ཚུ་འདི་ དེ་སྦེ་ཕམ་ཚུ་གིས་ དེ་སྦེ་ཨིན་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལོ་མཆོད་གནངམ་ད་འབད་བ་ཅིན་ གཏོརམ་སྦེ་བཞེངས་ནི་ཡོདཔ་ཨིན་ན་སྨོ་ལགས་ གཏོར་མའི་གྲངས་སུ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    བཙན་ཟེར་ གཏོར་མ་རང་བཞེངས་ཏེ་ཡར་ཁྱིམ་ཐོག་གུ་ལུ་གསོལཝ་མས་ལགས་ གནམ་ཁར་རང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་སྦེ་གསོལ་ནི་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གཏོར་མ
  • བསོད་ནམས་རྡོ་རྗེ་ Sonam Dorji
    བོན་པོ་གིས་གསོལཝ་ཨིན་ལགས་ཨ་ནཱི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་བོན་པོ་གིས་གསོལ་འོང་ག?
  • བསོད་ནམས་རྡོ་རྗེ་ Sonam Dorji
    བོན་པོ་གིས་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    བཙན་སྦེ་ དེ་སྦེ་གསོལ་འོང་ དེ་སྦེ་གསོལ་ནི་ཡོད་ལགས་ཨ་ནཱི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ནཱ་ངང་ལ་ཀྲོང་གཅིག་གི་སྨོ་ ད་རུང་མ་རང་འདུད་འདྲཝ་ ཕར་དང་ཚུར་གི་གཡུས་ཚན་གྱི་མི་ཚུ་གིས་ཡང་བསྟེན་འོང་ག་ མི་བསྟེན་འོང་?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ག་ར་གིས་རང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ར་གིས་རང་བསྟེན་འོང་ག?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ག་ར་རང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་བཙན་གསོལ་འོང་ དེ་འབདཝ་ད་རོགས་ ཨ་ནཱི་འོང་ལགས་ ལྟག་ལའི་བཙན་མི་ ང་བཅས་ཀྱི་འབད་བ་ཅིན་ རིང་ལའི་བཙན་གསོལ་འོང་ གཅིགཔོ་འདི་འ་ནཱི་གསོལ་འོང་ལགས་ ཁོང་སོ་སོ་གསོལ་འོང་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་ག་ཅི་སྨོ་ མིན་ཨ་ནཱི་ལགས་ ང་བཅས་ཀྱིས་འབད་བ་ཅིན་ གདོང་ལའི་བཙན་གཅིག་གསོལ་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་བཙན་གྱི་མཚན་ངོ་མ་ག་ཅི་ལོ་ད་ལགས་བཙན་གྱི་མཚན་འབད་བ་ཅིན?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་ཡ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འོང་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཆགས་སྐོར་གྱི་བཙན་ཟེར་སླབ་མས་ལགས་ང་བཅས་ཀྱིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཆགས་སྐོར?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨིན་ ཆགས་སྐོར་བཙན་ ནཱ་ལུ་ཆགས་ནི་དེ་གིས་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཆགས་ ཨ་ནཱ་ལུ་ མར་ལས་ཁོ་ཐོན་འོངམ་ད་ ནཱ་ཆགས་ནི་དེ་གིས་ ཆགས་སྐོར་བཙན་ཟེར་ དེ་སྦེ་སླབ་ནི་སྡོད་ཅི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བོན་པོ་གིས་ གསོལ་བའི་སྐབས་ལུ་ཡང་ ཚིག་ནང་དེ་སྦེ་བཙུགས་མས་ག་ལགས་ཆགས་སྐོར་བཙན་ཟེར་རང?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཁོ་གིས་འདི་ ལྟག་ལ་བཙན་གསོལ་འོང་ལགས་ ཨ་ནཱི་ག་ཅི་ལོ་ ང་བཅས་རའི་གདོང་ལ་བཙན་ང་བཅས་ར་གི་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཁོ་འབད་བ་ཅིན་ ནཱ་ལུ་བཙན་འབདཝ་ད་ཁོ་ དེ་སྦེ་བྱོནམ་ད་ ཨ་ནཱ་ལུས་ལུསཔ་ཨིན་ལོ་ལགས་ དེ་སྦེ་ལུས་ལུསཔ་ཅིག་འདུག་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་བཙན་སྦེ་ ད་རུང་སོ་སོ་ཡོདཔ་ཨིན་ན་ལགས་ད་རུང་?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ད་རུང་ལྟག་ལ་བཙན་འབད་བ་ཅིན་ རོགས་སྦྱར་པ་བྲཱེ་ལ་རང་སོའི་དེ་སྦེ་ཡོད་མེན་ན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་ལས་ ང་བཅས་ཀྱི་འབད་བ་ཅིན་ གདོང་ལའི་བཙན་ཟེར་ དེ་སྦེ་གསུམ་ཡོད་ལགས་ སྦྱར་པ་ བྲཱེ་ལ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཙན་སོ་སོ་ཡོདཔ་ཨིན་ན་སྨོ་རང་སོའི?
  • བསོད་ནམས་རྡོ་རྗེ་ Sonam Dorji
    སོ་སོ་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་། ད་ནཱ་གི་འདི་ད་?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཁོ་འབད་བ་ཅིན་ ཨ་ནཱི་གསོལ་མི་ཡང་མེན་པས་ལགས་ ཁོ་འབད་བ་ཅིན་མ་པ་ལས་རང་ཨ་ནཱི་ ཡར་བྱོནམ་ད་ ལུས་ལུསཝ་ཅིག་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཙན་གྱི་གྲངས་སུ་ཨིན་པས་སྨོ་ཁོ་ཡང་ཨིན་རྒྱུ་འདི?
  • བསོད་ནམས་རྡོ་རྗེ་ Sonam Dorji
    བཙན་སྦེ་ དེ་གིས་སྦེ་ གསོལཝ་བཏབ་ནི་ཅིག་དང་ ང་བཅས་ར་ག་ཏེ་གུ་ཏེ་འགྱོཝ་ད་ ཁྱོད་ཀྱིས་ ལེགས་ཤོམ་སྦེ་ ང་བཅས་ལུ་ སྐྱབས་མཛད་ཤིག་ཟེར་ གསོལ་བཏབ་ནི་ཅིག་དེ་སྦེ་བཞག་ནུག་ལགས་ འོང་ལགས་སོ།