Video Overview
Karma Deki and Dema sing a Boedra song called "Cho Kor Lhasa", passed down by their village elders. It was sung during religious festivities such as a lochoe and tsokhor. It can be sung as well as danced to. The song shows a sign of tendrel or good auspices. It is usually performed at the end of an event as a gesture of respect and worship.
༉ བཀྲ་ཤིས་གཡང་རྩེ་སྦས་གླིང་ལས་ ཀུན་བཟང་ལྷ་མོ་དང་སྒྲོལ་མ་གཉིས་ཀྱིས་འཐེན་མི་གླུ་གཞས་ ལྷ་ས་ཇོ་ཁང་ནང་ལ་ལས་ཟེར་མི་འདི་ རྩང་མོའི་གདངས་དབྱངས་མ་འདྲཝ་མ་འདྲཝ་སྦེ་འཐེན་སྲོལ་ཡོདཔ་བཞིན་དུ་ གདངས་དབྱངས་སོ་སོ་ཅིག་ཨིན་མི་རྩང་མོའི་རིགས་ཅིག་ཨིན་པས། ཀུན་བཟང་ལྷ་མོ་དང་སྒྲོལ་མ་གཉིས་ཀྱིས་འབད་བ་ཅིན་ གཡུས་ཁའི་རྒན་ཤོས་ཚུ་ལས་ལྷབ་ལྷབ་ཨིནམ་ད་ རྩང་མོ་དང་ཁ་བཤད་ བློ་ཟེ་ལ་སོགས་པ་ཚུ་ ཕར་ལོགས་མའི་ཚིག་དང་འཁྲིལ་ཏེ་ ལན་འཇལ་དགོཔ་ཡོདཔ་བཞིན་དུ་ ཁོང་གཉིས་ཀྱིས་ཡང་དེ་སྦེ་ར་འཐེན་ཏེ་འདུག
- Lhasa
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaཆོས་བསྐོར་ལྷ་ས་ནམ་མཁའི་དགུང་ལས་མཐོ་དྲགས། །ནམ་མཁའི་དགུང་ལས་མཐོ་དྲགས། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaཤཀྱ་མུ་ནི་ཉི་མའི་ཟེར་ལས་མཚར་དོ། །ཉི་མའི་ཟེར་ལས་མཚར་དོ། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaགཡས་པའི་ལོགས་ལ་ཁ་དར་རེ་རེ་བཏགས་ཡོད། །དཀར་པོ་རེ་རེ་བཏགས་ཡོད། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaཁ་དར་དཀར་པོ་དྲོད་ག་མ་ཡལ་གནང་ཤོག །དྲོད་ག་མ་ཡལ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaགཡོན་པའི་ལོགས་ལ་སྨན་ཙེ་རེ་རེ་བཏགས་ཡོད། །དམར་པོ་རེ་རེ་བཏགས་ཡོད། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaསྨན་ཙེ་དམར་པོ་ཚོས་ཁ་མ་ཡལ་གནང་ཤོག །ཚོས་ཁ་མ་ཡལ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema[གཡས་པའི་སྲུང་རྒྱབ་གཡོན་པའི་སྲུང་རྒྱབ་གནང་ཤོག །གཡོན་པའི་སྲུང་རྒྱབ་གནང་ཤོག །?]
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema[གཡོན་པའི་སྲུང་རྒྱབ་གཡས་པའི་སྲུང་རྒྱབ་གནང་ཤོག །གཡས་པའི་སྲུང་བརྒྱ་གནང་ཤོག །?]
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaཕྱི་ཡི་གེ་སར་ཕྱི་ལ་བཤད་པ་གནང་ཤོག །ཕྱི་ལ་བཤད་པ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaནང་གི་ནོར་བུ་ནང་ལ་བཞུགས་པ་གནང་ཤོག །ནང་ལ་བཞུགས་པ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaལྷོ་བྲག་མཁར་ཆུ་གནམ་ཁའི་དགུང་ལས་མཐོ་དྲགས། །གནམ་མཁའི་དགུང་ལས་མཐོ་དྲགས། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaནམ་མཁའི་སྙིང་པོ་ཉི་མའི་ཟེར་ལས་མཚར་དོ། །ཉི་མའིའ་ཟེར་ལས་མཚར་དོ། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaགཡས་པའི་ལོགས་ལ་ཁ་དར་རེ་རེ་བཏགས་ཡོད། །དཀར་པོ་རེ་རེ་བཏགས་ཡོད། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaཁ་དར་དཀར་པོ་དྲོད་ག་མ་ཡལ་གནང་ཤོག །དྲོད་ག་མ་ཡལ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaགཡོན་པའི་ལོགས་ལ་སྨན་ཙེ་རེ་རེ་བཏགས་ཡོད། །དམར་པོ་རེ་རེ་བཏགས་ཡོད། །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaསྨན་ཙེ་དམར་པོ་ཚོས་ཁ་མ་ཡལ་གནང་ཤོག །ཚོས་ཁ་མ་ཡལ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaཕྱི་ཡི་གེ་སར་ཕྱི་ལ་བཤད་པ་གནང་ཤོག །ཕྱི་ལ་བཤད་པ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaནང་གི་ནོར་བུ་ནང་ལ་བཞུགས་པ་གནང་ཤོག །ནང་ལ་བཞུགས་པ་གནང་ཤོག །
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema[གཡས་པའི་སྲུང་རྒྱབ་གཡོན་པའི་སྲུང་རྒྱབ་གནང་ཤོག །གཡས་པའི་སྲུང་རྒྱབ་གནང་ཤོག །?]
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema[གཡོན་པའི་གཡས་པའི་སྲུང་རྒྱབ་གནང་ཤོག །གཡོན་པའི་སྲུང་རྒྱབ་གནང་ཤོག །?]
- ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Demaལགས་སོ་ལགས།། །།