Skip to main content Skip to search
05 Sep 2018
3 min 22 sec
Video Overview
Creators: 
Sonam Tobgye

Sonam Pelden from Kurtoe Gewog (county) in Lhuntse Dzongkhag (district), sings an old Boedra song called "Zamling Saye Tewa" (The Center of the Universe). It glorifies the Jambay Lhakhang (temple) in Bumthang. According to the lyrics, the temple was surrounded by the Chamkhar river and the fish were lead to heaven due to the blessing of the temple. Trees grown around it were all sacred cypress trees and the area was filled with serpents, flourishing the wealth of all living beings. The temple was covered in a colorful rainbow, with the precious master Guru Rinpoche riding on top of it.

 

༉  འཛམ་གླིང་ས་ཡི་ལྟེ་བ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ རྟ་སྦིས་ལས་བསོད་ནམས་དཔལ་སྒྲོན་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ བུམ་ཐང་བྱམས་པ་ལྷ་ཁང་དང་སྐུ་རྗེས་ལྷ་ཁང་གི་སྐོར་ལས་བསྟོད་པ་རྐྱབ་སྟེ་ཕུལཝ་ཨིན་མས། དེ་ནང་ གཙང་ཆུ་གིས་གཡས་སྐོར་རྐྱབ་སྟེ་ཡོད་པའི་ཆུ་ནང་ཡོད་མི་ཉ་ཚུ་ཡང་ བདེ་ཞིང་ཐར་པ་ཐོབ་སྟེ་ཡོད་པ་གིས་མ་ཚད་ དེ་ནང་སྐྱེས་ཏེ་ཡོད་པའི་ཙན་དན་དམར་མོ་ཚུ་གི་རྩ་བ་ཀླུ་ཡིས་བཟུང་སྟེ་རིན་ཆེན་གཏེར་ལྔ་འཁྱིལ་ཡོད་ དེ་ལས་ སྐེད་པ་ནོར་དང་ལྡན་པས་འཇིག་རྟེན་ཀུན་ལ་ཁྱབ་སྟེ་ རྩེ་མོ་ལྷ་ཡི་བཟུང་ནས་ཕྱི་མ་ངན་སོང་དག་ཡོད་ཟེར་དང་ སྐུ་རྗེས་བྲག་གི་སྐེད་པར་ འཇའ་ཚོན་སྣེ་ལྔའི་ཀློང་དུ་ཨོ་རྒྱན་གུ་རུ་བཞུགས་ཏེ་ཡོད་མི་ལུ་ ག་ར་གིས་དར་ཅོག་ཙམ་པ་ཁ་དར་དེ་མཇལ་དར་སྦེ་ཕུལཝ་ཨིན་རུང་ སྤྲང་མོ་རང་གི་མཇལ་དར་དེ་ གླུ་གར་མཆོད་པ་ཕུལ་གེ་ཟེར་ གླུ་གཞས་འདི་གི་ཚིག་ནང་དེ་སྦེ་འཐོནམ་ཨིན་པས།

Transcript search
No results found for this search
0 of 0
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    འཛམ་གླིང་ས་ཡི་ལྟེ་བ་བུམ་ཐང་བྱམས་པའི་ལྷ་གང་(ཁང་)། །སྐུར་རྗེས་བྲག་གི་རྩ་བ་གཙང་ཆུ་གཡས་བསྐོར་རྐྱབ་ཡོད། །
    World center Bumthang Jampa lhakhang, In the root of Kurji crag flows fresh water circumambulating from right.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    མཚོ་ལ་སྐྱེ་བའི་ཉ་མོ་བདེ་ཞིང་ཐར་པ་ཐོབ་ཡོད། །འདི་ལ་སྐྱེ་བའི་ལྗོན་ཤིང་ཙན་དན་དམར་གྱི་སྡོང་མོ(སྡོང་པོ)། །
    The fishes in the lake always attains nirvana, The cypress grown there is the red sandalwood.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    རྩ་བ་ཀླུ་ཡིས་བཟུང་ནས་རིན་ཆེན་གཏེར་ལྔ་འཁྱིལ་ཡོད། །སྐེད་པ་ནོར་དང་ལྡན་པ་འཇིག་རྟེན་ཀུན་ལ་ཁྱབ་ཡོད། །
    The root was possesses by Nagas and five precious treasures were form, The man is possesses with wealth and famous in the community.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    རྩེ་མོ་ལྷ་ཡིས་བཟུང་ནས་ཕྱི་མ་ངན་སོང་དག་ཡོད། །སྐུར་རྗེས་བྲག་གི་སྐེད་པ་འཇའ་མཚོན་སྣེ་ལྔ་ཀློང་ཡོད། །
    The peak is possesses by goddess and cleanse evil rebirth in next generation. In the mid of Kurje crag stands beautiful rainbows.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    འཇའ་མཚོན་སྣེ་ལྔའི་སྦུག་ལ་ཨོ་རྒྱན་པདྨ་བཞུགས་ཡོད། །ཡིད་དུ་(གཡས་སུ་)རྒྱ་ཡི་རིག་འཛིན་ཤར་རི་རྣམ་གསུམ་གྲུབ་ཡོད། །
    In the mid of rainbow resides Ogyen Guru, The handsome Rinzin has accomplished east three crags.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    གཡོན་དུ་བོད་ཀྱི་གྲུབ་འགྱུར་(ཐོབ་)རྡོ་རྗེ་རྡོ་ལ་བཏགས་ཡོད། །དར་ཅོག་ཙམ་པའི་ཁ་དར་མཚན་ལྡན་བླ་མའི་ཕྱག་མཇལ། །
    The long lasting Tibetan vajra is hang on vajra stone, The cloth which wraps cereal is offered to the perfect master.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    དར་ཅོག་སྨན་ཙེ་ཁ་དར་དབང་ཆེན་དཔོན་པོའི་ཕྱག་མཇལ། །སྤྲང་མོ་རང་གི་ཕྱག་མཇལ་གླུ་གར་མཆོད་པ་ཕུལ་གེ །སྤྲང་མོ་རང་གི་ཕྱག་མཇལ་གླུ་གར་མཆོད་པ་ཕུལ་གེ །
    The small silken flag is Majesty’s salutation, Tramp my present is offering of the songs.
  • བསོད་ནམས་དཔལ་སྒྲོན་ Sonam Peldron
    ཡ་ལགས་སོ་ཕཊ།། །།
    Thank you