Skip to main content Skip to search
28 Aug 2018
4 min 5 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Ugyen

བོད་སྒྲའི་གླུ་གཞས་ དགུང་སྔོན་ཡངས་པའི་དཀྱིལ་ནས་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ གསང་སྔགས་ཆོས་འཛོམས་ཀྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་མཚན་ལྡན་བླམ་ལུ་བསྟོད་པ་ཕུལ་བའི་གླུ་གཞས་ཅིག་ཨིན་མས། གླུ་གཞས་འདི་ནང་གི་ཚིག་དང་འཁྲིལ་བ་ཅིན་ དགུང་སྔོན་ཡངས་པའི་དཀྱིལ་ནས་དཀར་གསལ་ཉི་ཟླ་མཐོང་བའི་སྐབས་ལུ་ རང་གི་རྩ་བའི་བླམ་གི་ཞལ་རས་སེམས་ཁར་དྲནམ་མས་ཟེར་དང་ ལྷ་ཤིང་ལྗོན་པའི་རྩེ་ལས་ཁུ་བྱུག་གི་སྐད་གོ་བའི་སྐབས་ལུ་ རང་གི་རྩ་བའི་བླམ་གི་གསུང་སྐད་སེམས་ཁར་དྲནམ་མས་ཟེར་ མདོར་བསྡུ་བ་ཅིན་ རང་གི་རྩ་བའི་བླམ་འདི་ རིན་གོང་དང་བྲལ་བ་ཅིག་ཨིན་ དཔེར་ན་ རང་གི་རྐངམ་ལུ་ལྷམ་ཅིག་མེད་པ་ཅིན་ ལྷ་ས་ཁྲོམ་ཁ་ལས་ཉོ་ཆོག་ཆོག་ཨིན་ བཀའ་དྲིན་ཅན་གྱི་རང་གི་རྩ་བའི་བླམ་འབད་བ་ཅིན་ ཁྲོམ་ཁ་ལས་ཉོ་ས་མིན་འདུག་ཟེར་ རང་གི་རྩ་བའི་བླམ་འདི་ རྩ་ཆེཝ་སྦེ་བརྩིཝ་ཨིན་པས།

Show More

  • གསང་བསྔགས་ཆོས་འཛོམས། Sanga Chozom
    དགུང་དབྱིངས་ཡངས་པའི་དཀྱིལ་ནས་སྭོ་ཡ། །དགུང་དབྱིངས་ཡངས་པའི་དཀྱིལ་ནས་སྭོ་ཡ། །དཀར་གསལ་ཉིན་ཟླ་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །ཞལ་རས་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །ཞལ་རས་ཡིད་ལ་དྲན་སོང་སྭོ་ཡ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ལྷ་ཤིང་ལྗོན་པའི་རྩེ་ནས་སྭོ་ཡ། །ལྷ་ཤིང་ལྗོན་པའི་རྩེ་ནས་སྭོ་ཡ། །གསུང་སྙན་་་་་ ཁུ་བྱུག་གསུང་སྙན་ཡ་ལ་ཐོས་ཚེ། །རང་གི་རྩ་བའི་བླ་མའི། །གསུང་སྐད་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །གསུང་སྐད་ཡིད་ལ་དྲན་སོང་སྭོ་ཡ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཆུ་རྫིང་གྲུ་བཞི་ནང་དུ་སྭོ་ཡ། །ཆུ་རྫིང་གྲུ་བཞི་ནང་དུ་སྭོ་ཡ། །འཁྱུག་འཁྱུག་ཉ་མོ་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །སྐུ་གཟུགས་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །སྐུ་གཟུགས་ཡིད་ལ་དྲན་སོང་སྭོ་ཡ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    སྐྱེད་ཚལ་ལྡུན་རའི་ནང་དུ་སྭོ་ཡ། །སྐྱེད་ཚལ་ལྡུན་རའི་ནང་དུ་སྭོ་ཡ། །དྲི་བཟང་མེ་ཏོག་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །བྱམས་སྐྱོང་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །བྱམས་སྐྱོང་ཡིད་ལ་དྲན་སོང་སྭོ་ཡ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཐབ་ཁང་གྲུ་བཞི་ཕྱོགས་ལ་སྭོ་ཡ། །ཐབ་ཁང་གྲུ་བཞི་ཕྱོགས་ལ་སྭོ་ཡ། །ཟས་ཁྲོ་མིག་གིས་ཡ་ལ་མཐོང་ཚེ། །རང་གི་རྩ་བའི་བླ་མའི། །ཚོགས་འཁོར་ཡིད་ལ་དྲན་སོང་སྭོ་ཡ། །རང་གི་རྩ་བའི་བླ་མའི། །ཚོགས་འཁོར་ཡིད་ལ་དྲན་སོང་སྭོ་ཡ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    རྐང་ལ་ལྷམ་བུ་མེད་ན་སྭོ་ཡ། །རྐང་ལ་ལྷམ་བུ་མེད་ན་སྭོ་ཡ། །ལྷ་སའི་ཁྲོམ་ལས་ཡ་ལ་ཉོ་ཆོག །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག །སྭོ་ཡ། །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག་སྭོ་ཡ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    མགོ་ལ་ཞྭ་མོ་མེད་ན་སྭོ་ཡ། །མགོ་ལ་ཞྭ་མོ་མེད་ན་སྭོ་ཡ། །ལྷ་སའི་ཁྲོམ་ལས་ཡ་ལ་ཉོ་ཆོག །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག །སྭོ་ཡ། །རང་གི་རྩ་བའི་བླ་མ། །ཁྲོམ་ལས་ཉོ་ས་མིན་འདུག་སྭོ་ཡ།། ལགས་སོ་ལགས།། །།