Video Overview
༉ ཧོན་སྟོད་བཟོ་སྦེ་ ལོ་འབག་བརྩི་སྲུང་འབད་ནི་འདི་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ ནུབ་ཕྱོགས་ཁ་ཐུག་གི་རྫོང་ཁག་ སྤ་རོ་དང་ཧཱ་རྫོང་ཁག་གཉིས་ནང་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། འདི་ལུ་མང་ཆེ་བ་གིས་ ཧཱ་པའི་ཧོན་སྟོད་ཟེར་ སླབ་སྟེ་ཡོངས་གྲགས་སོང་སྟེ་ཡོད། ཧོན་སྟོད་འདི་ དང་ཕུ་འབད་བ་ཅིན་ བྱཱོ་དང་རྒྱ་རེད་ཕྱེ་གིས་འབད་ར་བཟོ་དོ་ཡོདཔ་མས། ཨིན་རུང་ ད་རིས་ནངས་པར་ བྱཱོ་ཕྱེ་དང་རྒྱ་རེད་ཕྱེ་ ཨ་ཙི་རེ་བསླ་བསྲེས་རྐྱབ་སྟེ་ ཨ་ཀྲ་དང་མའེ་ད་གིས་འབད་བཟོཝ་ཨིན་པས། ལོ་འབག་གི་སྐབས་ ཁྱིམ་ནང་གི་མི་ ལོ་གནམ་མེད་ས་མེད་རྒས་རྒསཔ་ཅིག་ཤི་བ་ཅིན་ ཧོད་སྟོད་བཟོ་སྟེ་བརྩི་སྲུང་ཞུ་ནི་མེདཔ་ཨིན་པས། དེ་མེན་ཚད་ རྫོང་ཁག་འདི་ནང་གི་མི་ཆ་ཁྱབ་ ཧོན་སྟོད་གནམ་མེད་ས་མེད་རྡིག་རྡིགམ་འབད་བཟོ་ཞིན་ན་ ཕམ་སྤུན་ཆ་ག་ར་འཛོམས་སྦེ་ ལོ་འབག་གི་བརྩི་སྲུང་འབད་དོ་ཡོདཔ་ཨིན་མས།
Lomba is a New Year's celebration held in Haa and Paro over six days, starting from the 29th day of the 11th month of the Bhutanese calendar. Special snacks known as hontö, dumplings made from buckwheat flour filled with various spices and chopped vegetables mixed with oil. Popularly known as "Haapi hontö", it used to be made exclusively during the Lomba celebrations but recently people have started producing them for commercial purposes throughout the year.
- Baang-Yana
- Aum choki: ད་ཧོན་ཏོད་འདི་ཏེ་ དང་ཕུ་འབད་བ་ཅིན་ ཏེ་ཨིན་ཅི་མིན་ཅི་ ང་བཅས་ཀྱི་ ཏེ་ཀར་ གན་ལོ་(ག་ཅི་ལོ) བྱཱོ་དང་རྒྱ་རེད་ ད་བྱཱོ་གི་ འ་ནཱི་ བཟོ་ནི་མེད་ རྒྱ་རེད་ཕྱེ་དེ་ རྒྱ་རེད་འདི་ཐག། ཏེ་དང་ཕུ་ རྡོའི་ ཕྱེ་ཐག་འདི་གུ་ལུ་ རྒྱ་རེད་ཏེ་ཕྱེ༌ རྒྱ་རེད༌རྡུངས༌ རྒྱ༌རེད༌ཕྱེ༌ རྡོའི་ཕྱེ༌གུ༌ཐག༌སྦེ༌ ཏེ་དང་ཕུ་ འ་ནཱི་ཨིན་ཅི་མིན་ཅི་ རྒྱ་རེད་ཕྱེ་འདི་གི་ བཟོ་དགོ་པས།.ཨམ་ཆོས་སྐྱིད
- Mindu: ད་ད་རེས་ནངས་པ་ ག་ར་གཞུང་གི་ མི་གིས་ ནཱེམ་འབད་འབད་བའི་བསྒང་ལས་ ཏེ་རྒྱ་རེད་ཕྱེ་ནང་ ཨ་ཙི་ཅིག་ནག་ཏང་ཏ་མཚམས༌ཅིག༌སྦེ༌འབདཝ༌ད ཏེ་ག་ར་ ལཱ་རོགས་ གཞུང་གཡོག་ནང་སྡོད་མི་ཚུ་ལུ་ ཕར་དྲང་འ་ནཱེ་སྦེ་འབད་རུང་ སེམས་དང་མི་ལྡན་ གནམ་མེད་ས་མེད་ འ་ནཱེ་སྦེ་ ལ་ལུ་རོགས་ གཙང་སྦྲ་གི་ཐོག་ལས་ གནམ་མེད་ས་མེད་ སླབ་ཏེ་སྨིན་དྲུག་
- Mindu: ཏེ་ད་ ད༌རེས་ནངས་པ་ མི༌གིས་ འ༌ནཱི༌ནང་ བསྲེ་ཅིག༌བླུག༌སྦེ་ ཏེ་དེ་ལས་ མང་ཤོ་ཨཱན་ཊ་དང་ མཱའི་ད་ འ་ནཱི་ ཚུ་བཟོ་ཡི་ར་ བླུགཔ་མས་པ། ཏེ་དང་ཕུ་འབད་བ་ཅིན་ཏེ་ ཨིན་ཅི་མིན་ཅི་ རྒྱ་རེད་ཕྱེ་འདི་ རྐྱངམ་ཅིག་མ་གཏོགས་ གཞན་གྱིས་ཨཱན་ཊ་ལོ་ མཱའི་ད་ལོ་ཟེར་མི་ མ་པ་ལས་བླུག་ནི་མིན་འདུག་ རྒྱ་རེད་ཕྱེ་འདི་ རྐྱངམ་ཅིག་གིས་བཟོ་དགོ་པས།སྨིན་དྲུག་
- Mindu: ཏེ་འ་ནཱི་ལུ་ ནང་ཟས་དེ་འདི་ཏེ་ དང་པ་ར་ལོམ་ ང་བཅས་ ཧཱཔ་གི་ལོམ་ གཡུང་རྡོག་ གཡུང་རྡོག་ནང་ཟས་འདི་ཚུ་ཤེག་(བཤའ)སྟེ་ ཏེ་དེ་ལས་ གཡུང་རྡོག་བཟོ་ བཤའ་ དེ་ལས་ནཱི་ནང་ལུ་ ལོམ་བླུག། ལོམ་དང་གཡུང་རྡོག་བཤུར་ནཱི་པུ་ར་(གེ་ར)བཙིར་སྨིན་དྲུག་
- Mindu: དང་ཕུག་འབད་བ་ཅིན་ ག་ར་ལགཔ་ཀྱིས་བཙིར་ ལགཔ་ནང་ན་ལས་བཙིར་ ནཱི་ལས་ ཏེ་ཧོད་ནང་བླུག། ཏེ་ནཱིའི་ ཁ་ལས་མར་ལུ་ཏེ་ ནཱི་ལས་ཏེ་ སྒོགཔ་ ས་སྒ་ སྐྱ་སྒོགཔ་ རྒྱ་གར་སྒོགཔ་ ང༌བཅས༌ཀྱི་ སྐྱ༌སྒོགཔ་ ནཱི་ལས་ ས༌སྒ༌ ཐིང༌ངེ་ ཞིམ༌རྩི༌ དར་ཚི་ ཏེ་ད་རེས་ནངས་པ་ ཅིསི་(cheese)བཏབ་མས་མང་ཤོ་གིས་ ནཱི་བསྒང་ ང་བཅས་ཅིསི་(cheese)ལོ་ཟེར་ བཏབ་ནི་མིན་འདུག་ དར་ཚི་ར་བཏབ་མས། ནོར་གྱི་དར་ཚི་འདི་སྨིན་དྲུག་
- Mindu: ཏེ༌ནཱི༌ལས༌ ཞིམ༌ཙི༌བླུག་ ནཱི་ལས་ ཨེ༌ཕྱེ༌ ཚཱ༌ ནཱི་ལས་ ལ་ལ་གྱིས་ འ་ནཱི་ ཨམ་པུ་ཟེར་ ཨམ་པུ་ལྟིར་ཏེ་ མར་མཐའ་ས་ལས་ ཐོན་ནི་ཅིག་སྦ་འ་ནཱི་ དར་ཚི་གི་ཚབ་མ་ གནམ་མེད་ས་མེད་ ཡོདཔ་ཅིག་ཁར་ལས་ རྡུང་ལྟིར་ཏེ་ བཟོ་བའི་བསྒང་ལས་ གནམ་མེད་ས་མེད་ མར་ཁུ་ཐོན་ དར་ཚི་བཟུམ་སྦེ་ འགྱོ་ནི་ཡོད་པ། འ་ནཱི་ཚུ་བླུག་མས། ལ་ལ་གྱིས་ སྟར་གོ་བཅག་ སྟར་གོ་གི་ ནང་ཟས་བླུག།སྨིན་དྲུག་
- Mindu: ཏེ་ནཱི་ནང་ལུ་ རྗས་སྦྱོར་མེདན་མ་ཤེས་ ཡོད་ཚད་ཅིག་ ཏེ་ང་བཅས་ནང་ལུ་ བཟའ་མ་བཏུབ་མ་ཤེས་ བཟའ་བཏུབ་གངཔ་་གེ་ར་འ་ནཱ་ལུ་ དེ་ལྷམ་པ་སྒྲིགས་ ཏེ་ལོའི་ཉེར༌དགུ༌ ནཱིའི་ ཧོན༌ཏོད་ནང༌ཟས གནམ༌མེད༌ས༌མེད༌ སག༌ས༌རྡིག༌རྡིག༌སྦེ༌སྨིན་དྲུག་
- Mindu: ཏེ༌ནཱི་ལས༌ ཏེ་ནོར༌གྱི༌མར༌ ཏེ་ད་རེས་ནངས་པ་ མར་ཁུ་ཟེར་ཐོན་ནི་འདུག་ ཏེ་ནཱི་བསྒང་འབད་བ་ཅིན་ མར་ཁུ་ལོ་ མར་ཀྲི་ལོ་ཟེར་ བར་སྐབས་ཅིག་ ཕར་གྱི་ནཱེམ་སྦེ་ མར་ཀྲི་དང་ནཱི་ཚུ་ཡང་ ཐོན་ནི་མེད། ཨིན་ཅི་མིན་ཅི་ ནོར་གྱི་མར་བཞུ་སྟེ་ རྩ་བཅད་བླུག་སྦེ་་ ཏེ་ཏེ་འ་ནཱེ་སྦེ་ བཟོ་དགོ་པསྨིན་དྲུག་
- Mindu: ཏེ་ལོམ་སྦ་ནང་གི་འདི་ ང་བཅས་ འ་ནཱི་བརྩི་དགོ་མི་འདི་ གན་སྨོ་ཟེར་བ་ཅིན་ ཧཱ་མཇུག་རྡོ་རི་ཁ་ལས་ ཧཱ་སྟོད་དགོས་ཆུ་ཁ? ཧཱ་གན་ལོ་ ཧཱ་གི་རྫོང་ཁག་གཅིག་གི་ནང་གི་ ནཱི་ནུབ་གཅིག་གུ་ལུ་ ལྟོ་གཅིག་སྦེ་བཟའ་མི་ འ་ནཱི་རྐྱངམ་ཅིག་ མི་ཤི་ས་ ད་ཤི་མི་ཡོད་པ་ཅིན་རྐྱངམ་ཅིག་ ཏེ་དེ་ལས་ ང་བཅས་རའི་ ལམ་ལུགས་སྲོལ་སྦེ་ ཏེ་ལྟོ་དང་ཚོདམ་ འ་ནཱི་ཚུ་ བཟོ་ཏེ་བཟའ་ཨིན།སྨིན་དྲུག་
- Mindu: ཏེ་གཞན་ མི་སྐྱེ་ཤི་མི་ འ་ནཱི་བཟུམ་འབད་ས་འབད་བ་ཅིན་ ཏེ་ཧཱ་རྫོང་ཁག་ནང་ལུ་ རྫོང་ཁག་ རྫོང་ཁག་གཅིག་གི་ནང་ལུ་ རྒེད་འོག་ག་དེམ་ཅིག་ཡོད་རུང་ སྤྱི་འོག་ག་དེམ་ཅིག་ཡོད་རུང་ ཏེ་ལྟོ་ཅོག་ར་འཐད་སྦེ་བཟའ་མི་ འ་ནཱི་ ཧཱ་གི་ལོའི་ ཉེར་དགུ་ནཱི་རྐྱངམ་ཅིག་མ་གཏོགས་ ཏེ་གཞན་གྱི་ ཏེ་དེ་མ་གཞན་ཁ་ ང་བཅས་འ་ནཱི་ ཏེ་རང་རང་སོ་སོར་སྦེ་ བཞེས་སྒོ་ག་ར་ སོ་སོར་སྦེ་ བཟའཝ་མས་བ།འ་ནཱི་་འབད་ནི་དེ་གི་ ཏེ་ང་བཅས་ཀྱི་ ལོ་འདི་གནམ་མེད་ས་མེད་ སག་ས་རྡིག་རྡིག་སྦེ་ བརྩི་མི་འདི་འ་ནཱི་མས་ དང་ཕུག་ལས།སྨིན་དྲུག་
- Mindu: མི་ཤི་ས་གི་དེ་ མི་རྒན་རྒས་འབད་བ་ ཁྱིམ་ནང་ལུ་ མི་རྒན་རྒས་ ཤི་བ་ཅིན་འདི་ཏེ་ བཟོ་མས་ག་གིས་ཡང་ དང་ཕུག་ལས་ བཟོ་ནི་འདུག་ རྒན་རྒས་འབད་བ་ཅིན་འདི་ ད་འ་ནཱི་ལོ་འདི་བར་ན་མ་ཚུད་པར་ ཟླཝ་གཉིས་གསུམ་ཅིག་ཡར་སོང་འབད་སྦེ་འབད་བ་ཅིན་ རྒན་རྒས་ཤི་ཤིའུ་འབད་བ་ཅིན་ ཏེབཟོ་མས། ཏེ་གཞོནམ་འབད་བ་ཅིན་ གཞོནམ་ཤི་ཤིཝ་འབད་བ་ཅིན་ ཏེ་འ་ནཱི་གི་ ཤི་དུས་མ་ཐལ་ཚུན་ཚོད་ ཏེ་བཟོ་མི་བཏུབ་ཟེར་ དང་ཕུག་ལས་ནཱེ་སྦེ་སླབ་ནི་འདུག།སྨིན་དྲུག་