Video Overview
འདི་ནི་རྒན་པོ་ཞིག་གིས་རྒྱུ་འབྲས་མེད་ཟེར་བའི་སྤྱང་ཀི་ཞིག་བསྐྱབས་པ་ན། རི་བོང་གིས་སྤྱང་ཀི་ལ་རྒྱུ་འབྲས་ཡོད་པ་བསྟན་པའི་གཏམ་རྒྱུད་ཅིག་ཡིན།
- ཚེ་བདག་རྒྱལ།དེང་མ་ཞིག་ལ།
- རྒད་པོ་ཞིག་ཐང་ཞིག་ནས་ལུང་བ་ཞིག་གི་ནང་ཐུར་དུ་སོང་ནས།
- དོང་ཞིག་གི་ནང་དུ་སྤྱང་ཀི་ཞིག་བཅུག་ནས།
- དོང་གི་ནང་དུ་བསྡད་ཡོད།
- དེ་ནས་རྒད་པོ་ཡིས་སྙིང་མ་རྗེ།
- འདི་ལྟོགས་ནས་འཆི་བ་རེད།
- ཁོས་འདི་གཏོང་འདོད་ནས་བཏང་བ་རེད།
- དེ་ནས་ས་ཐོག་ལ་ཡོང་ནས།
- རྒད་པོ་ལགས་ངས་ཁྱོད་ཟ་རྒྱུ་ཡིན་ཟེར།
- ཁྱོད་ཀྱིས་ཁོ་དེ་ལྟར་མ་ཟ།
- ཁྱོད་དེ་ལྟར་བསྡད་ནས་བཀྱིགས་ནས་བཞག་ཡོད་པ་དེ།
- ཁོས་ཁྱོད་བཀྱིག་ཡོད་པ་བཏང་བ་རེད།
- དེ་ཡིན་ན་ཁྱོད་ཀྱིས་ཁོ་ཟ་ནི་མ་རེད།
- ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་པ་རེད།
- དེའི་འགྲིག་པ་མ་རེད་ཟེར།
- དེ་རྒྱུ་འབྲས་ཟེར་བ་ཞིག་མེད།
- ཡ་དེ་ཡོད་ན་ངེད་གཉིས་ཀྱིས་སྲིན་ལ་འདྲི་ས་ཡོད།
- ངེད་གཉིས་ཀྱིས་སྲིན་པོ་ལ་འདྲི།
- སྲིན་པོས་རྒྱུ་འབྲས་ཟེར་བ་ཞིག་མེད་ཟེར་ན།
- ཁྱོད་ཀྱིས་ཁོ་ཟོ་ཟེར།
- སྔོན་ན་མཛོ་རྒན་མ་ཞིག་དང་འཕྲད།
- སོང་ནས་དེར་དྲིས་དུས།
- ལས་རྒྱུ་འབྲས་ཟེར་བ་ཞིག་གང་ན་ཡོད།
- མོ་ཡིན་རྒྱུ་ན་ད་བར་དུ་འཕེལ་ཐོག་བླངས་ནས།
- འོ་མ་མཁོ་སར་འོ་མ་འཐུང་ནས།
- དེ་ལྟར་ལོ་མང་པོ་ལོན་ནས།
- མོ་འདི་ལྟར་ཕྱིར་བརྒྱབ་པས་ལྡོམ་ནས་བསྡད་ཡོད།
- རྒྱུ་འབྲས་ཟེར་བ་ཞིག་མེད་གི་ཟེར།
- དེ་ནས་དེ་རེད།
- གན་གིས་རྒྱུ་འབྲས་ཟེར་བ་ཞིག་མེད་ཟེར།
- ངས་ཁྱོད་ཟ་རྒྱུ་ཟེར།
- ངེད་གཉིས་འགྲོ་དང་རྟ་རྒན་ཞིག་ཡོད་པ་དེར་འདྲི་ཟེར།
- རྟ་རྒན་ལ་སོང་ནས་དེ་ལྟར་དྲིས།
- རྒྱུ་འབྲས་ཟེར་བ་ཞིག་ཨེ་ཡོད།
- རྒྱུ་འབྲས་ཟེར་བ་ཞིག་གང་ན་ཡོད།
- ཁོ་དེང་མ་ཡིན་རྒྱུ་ན་ལོ་ན་ཆུང་དུས།
- ཁོ་ཚོང་བར་ཁྲིད་པ་དང་ཁོ་ལྕགས་རྟ་བྱས་ནས།
- ཁོ་འདི་ལྟར་ལས་སུ་བཅུག་ནས།
- ཁོ་ལོ་ལོན་དུས་ཁོ་ཕྱིར་བརྒྱབ་པ་རེད།
- རྒྱུ་འབྲས་ཟེར་བ་ཞིག་མེད་པ་རེད་ལ།
- དེ་རེད་རྒྱུ་འབྲས་ཟེར་བ་ཞིག་མེད།
- ད་ལྟ་ངས་ཁྱོད་ཟ་རྒྱུ་ཟེར།
- ངེད་གཉིས་ཀྱིས་ཐེངས་གསུམ་ལ་འདྲི་རྒྱུ་ཡིན།
- ངེད་གཉིས་ལ་ད་རུང་འདྲི་ས་ཞིག་ཡོད།
- དེ་ནས་ཕ་རོལ་ལ་སོང་ནས་རི་བོང་ཞིག་དང་འཕྲད།
- རི་བོང་ལ་འདིས་དེ་ལྟར་བཤད་པ་རེད།
- རྒྱུ་འབྲས་ཟེར་བ་ཞིག་བཤད་པ་རེད།
- འདི་བཀྱིགས་ནས་བཞག་ཡོད་པར།
- ངས་བཏང་བ་ཡིན།
- ང་ཟ་རྒྱུ་ཟེར་བ་རེད།
- རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་མེད།
- ཡ་ངས་འདང་ཞིག་རྒྱག་དང་།
- རྒྱུ་འབྲས་ཟེར་བ་ཞིག་ཡོད་མེད་མི་ཤེས་གི
- དེང་མ་ཡི་གནས་དེར་མ་སོང་ན་མི་ཤེས་པ་རེད།
- དེང་མ་ཡི་གནས་དེར་འགྲོ་དང་ངས་ཐག་གཅོད་ཟེར།
- དེ་ནས་གཉིས་ཀ་ཕྱིར་འཁོར་ནས་དེང་མ་ཡི་གནས་དེར་སོང་།
- ཡ་དེང་མ་ཁྱོད་ཅི་ལྟར་བསྡད་ཡོད།
- ཁོ་དོང་གི་ནང་དུ་འདི་ལྟར་བསྡད་ཡོད།
- ཡ་ཁྱོད་ཀྱིས་གན་ཁྱིགས་དང་ཟེར།
- བཀྱིག་བྱེད་དེ་ན་ཡོད་པ་རེད།
- དེ་ཡིས་བཀྱིགས་ནས།
- དེང་མ་ཅི་ལྟར་བཀྱིག་ཡོད་ན་དེ་ལྟར་ཁྱིགས་ཟེར།
- དེ་ལྟར་བཀྱིག་ནས་རིལ་བུ་ཞིག་བཀྱིགས་ནས།
- དོང་གི་ནང་དུ་བསྡད།
- ངས་བལྟས་ན་རྒྱུ་འབྲས་ཟེར་བ་ཞིག་ཡོད་པ་རེད།
- ཁྱོད་ཀྱིས་མེད་ཟེར་ན་ཁྱོད་དེ་ལྟར་སྡོད་ཟེར་ནས།
- དེ་ནས་དེ་ལྟར་བསྡད་དེ་ཁོ་དོང་གི་ནང་དུ་སྐྱུར་བ་རེད།