Skip to main content Skip to search
13 Jun 2018
7 min 14 sec
Video Overview
Creators: 
Rinzin Dema

Aum Jimba Zangmo of Hungrel Gewog shares the importance of and timing for performing different songs such as zhungdra, boedra, sarma and rigsar songs. She says that the zhugdra are considered  sacred as they were composed by the great masters and saints. The lyrics of these songs are dedicated to masters, sacred places, nature, teachers and parents, which is why they are considered to be blessings and are so promoted by the people and government. She says the songs composed during the time of Third King Jigme Dorji Wangchuck are called sama, while boedra songs were composed during the time of Zhabdrung. These songs are said to be performed during annual rituals and important gatherings.

སྤ་རོ་རྫོང་ཁག་ ཧཱུཾ་རལ་རྒེད་འོག་ལས་ སྦྱིན་པ་བཟང་མོ་གིས་ འབྲུག་གི་གཞུང་སྒྲ་དང་ འབོད་སྒྲ་ འདི་ལས་རིག་གསར་གྱི་གླུ་གཞས་དང་ རིག་གསར་འདི་ ཁག་ཆེ་བའི་སྐོར་དང་ གླུ་གཞས་འདི་ཚུ་ དུས་ནམ་་ར་རྐྱབ་དགོ་ཨིན་ནའི་སྐོར་ལས་ བཤད་པ་རྐྱབ་མས། མོ་གིས་སླབ་མི་ནང་ འབྲུག་པའི་ཞབས་ཁྲ་གཞུང་སྒྲ་འདི་ བླམ་དང་གྲུབ་ཐོབ་གཙོ་ཆེན་ཚུ་གིས་བརྩམས་ཡོདཔ་ལས་ བྱིན་ཅན་སྦེ་བརྩིཝ་ཨིན་མས། ཞབས་ཁྲའི་ཚིག་འདི་ཡང་ ལྷག་བསམ་རྣམ་དག་གིས་སྒོ་ལས་ བླམ་དང་སློབ་དཔོན་ ཕམ་ དེ་ལས་ ས་གནས་རྩ་ཅན་དང་ རང་བཞིན་གནས་སྟངས་ལུ་ བསྟོད་པའི་ཚིག་ཙང་ཙ་ཨིན་མས། འདི་འབདཝ་ལས་ ཞབས་ཁྲ་འདི་ བྱིན་བརླབས་ཅན་ཅིག་སྦེ་ བརྩིཝ་ཨིནམ་ད་ གཞུང་དང་ མི་སེར་ཚུ་གིས་ཡང་ འདི་བཟུམ་མའི་ ལམ་སྲོལ་འདི་གོང་འཕེལ་གཏངམ་ཨིན་མས། སྦྱིན་པ་བཟང་མོ་གིས་འབད་བ་ཅིན་ ཞབས་ཁྲ་འདི་ འབྲུག་རྒྱལ་གསུམ་པའི་སྐབས་བརྩམས་ཡོདཔ་ཨིན་རུང་ གསར་མ་ཟེར་ ༼འབོད་སྒྲ་དང་ཕྱདཔ་ད་ ཨ་ཙི་གསརཔ་ཡོད་ནི་འདི་གིས༽ ཞབས་དྲུང་གིས་སྐབས་ལུ་རྩམ་ཅིག་ཟེར་ཨིན་མས། ཨ་ནཱི་ཞབས་ཁྲ་ཚུ་ ལོ་བསྟར་ཆོ་ག་དང་ དུས་སྟོན་ལས་རིམ་ཚུ་ནང་འཐེན་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • སྦྱིན་པ་བཟངམོ་
    Jinpa zam: འབད་བའི་བསྒང་ ཞབས་ཁྲ་གཞུང་སྒྲ་ཟེར་མི་འདི་ ཏེ་རོགས་བླམ་བཟངམོ་ བླམ་གི་སྐོར་ལས་འབད་རུང་ ཏེ་རོགས་དང་ཕུ་ཞབས་དྲུང་ཨིན་ལོ་ ག་ཅི་ཨིན་ལོ་ཟེར་ག་ར་ཆོས་ནང་ལས་འཐེན་མིའི་ཞབས་ཁྲ་ཨིན་མས།
  • སྦྱིན་པ་བཟངམོ་
    Jinpa zam: ད་འ་ནཱི་ཞབས་ཁྲ་ཚུ་ཡང་ ཏེ་ད་རེས་ནངས་པར་འབད་རུང་རོགས་ག་ར་གིས་དང་ཕུ་གི་ཞབས་ཁྲ་ལྷབ་ བྱིན་རླབས་ཆེ་ཤོས་སྦེ་ར་བརྩི་དགོ་པས་ཟེར་ ད་འདི་མེད་པ་ཅིན་ཞབས་ཁྲ་གྲལ་ཁར་མི་ཚུད་པས་མེན་ན་ཏེ་ད་ ད་རེས་ག་ར་གཞུང་སྒྲ་འདི་རང་གཙོ་བོ་སྟོནམ་མས་མེན་ན་ག་ཅི་རང་འབད་རུང་།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་འ་ནཱི་ང་བཅས་ ནི་བསྒང་ང་བཅས་གཞོནམ་སྦེ་ ང་བཅས་ཕམ་ཚུ་གིས་ནེམ་འབད་བའི་བསྒང་ ཏེ་གཞུང་སྒྲ་ཡང་འ་ནཱི་སྦེ་ ཏེ་ཁྲུང་ཁྲུང་དཀརམ་ལོ་ གསེར་གྱི་ལ་སོགས་རྒྱལ་མཚན་ལོ་ ཤར་ཕྱོགས་དགུང་ཐང་ལམོ་ལོ་ཟེར་མི་ཚུ་ རོགས་དང་ཕུ་འ་ནཱི་ཚུ་ག་ར་ཆོས་ཀྱི་ནེམ་མས་ཞབས་ཁྲ།
  • སྦྱིན་པ་བཟངམོ་
    Jinpa zam: ཆོ་གུ་ཅིག་རང་བཏང་རུང་ ག་ཅི་འབད་རུང་ དང་པ་རང་འ་ནཱི་ཚུ་རྐྱབ་དགོ་པས། ཏེ་ཁྲུང་ཁྲུང་དཀརམ་འདི་ ཏེ་ང་བཅས་ད་རེས་དགའ་ཤོས་ཅིག་སྦེ་ཨིན་ཟེར་སླབ་མས་ དང་ཕུ་ང་བཅས་ཕམ་ཚུ་གིས།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་རིག་གསར་འདི་ཏེ་གསརཔ། འབོད་སྒྲ་ཟེར་མི་འདི་ ཏེ་ད་རེས་ཞབས་ཁྲ་ག་ཅི་འབད་རུང་ག་ར་ཕྱི་གི་ ཏེ་དང་ཕུ་རོགས་བོད་པའི་ཚིག་ལས་ཨིན་མས་བ་ཏེ་ ཏེ་འབོད་སྒྲ་ཟེར་སླབ་དགོ་མི་འདི་འ་ནཱི་ཨིན་མས་ འབོད་སྒྲ་སྦེ་འཐེན་དགོ་མི་འདི།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་རིག་གསར་ཟེར་མི་འདི་ ཨོང་གསར་མ་ཟེར་མི་འདི་ ཏེ་ད་རེས་ང་བཅས་འབྲུག་རྒྱལ་གསུམ་པ་གི་སྐབས་ལུ་ ཏེ་ད་རེས་ཕྱག་སྒརཔ་ཚུ་ ཏེ་ཁོང་ར་སྤུན་ཆ་ཚུ་མདའ་ཕྱོགས་མདའ་འཕྱད་འབདཝ་ད་ ཏེ་འབྲུག་རྒྱལ་གསུམ་པ་ཁོ་ར་གིས་ཞབས་ཁྲ་རྐྱབ་མི་འདི་ནང་བཙུགས་ ད་རུང་ཁོ་ར་གི་ནུ་གཅུང་མས་ དྲག་ཤོས་དབང་ཕྱུག་ཟེར་མི་འདི་ འ་ནཱི་བཙུགས་སྦེ་ ཏེ་འ་ནཱི་སྐབས་ལུ་རྐྱབ་རྐྱབ་པའི་གི་ཞབས་ཁྲ་འདི་ལུ་ ཏེ་གསར་མ་ཟེར་སླབ་ཨིན། ཏེ་ད་རེས་ནངས་པར་འདི་ རོགས་རིག་གསར་ཟེར་མི་འདི་ ཏེ་རོགས་ད་རེས་ནངས་པར་བུཚུ་གཞོནམ་ག་ར་གི་ཞབས་ཁྲ་ཨིན་མས།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་འ་ནཱི་ ཏེ་དང་ཕུ་འབདན་རྒན་ཤོས་གཙོ་བོ་ཆེ་མི་ཚུ་གིས་ ཏེ་ད་རང་དང་ཕུ་ལས་འབད་རུང་ད་གཞུང་སྒྲ་འདི་ ད་རེས་ནངས་པར་ག་ར་གཞུང་སྒྲ་གཙོ་བོ་སྟོན་དགོ་པས་ ཟེར་སླབ་མི་ཙང་ཙང་ཨིན་མས་ད། ད་གཞུང་སྒྲ་ཉམས་དེས་ཟེར་ ཏེ་མ་ཉམས་པ་ ཚིག་ལས་འབད་རུང་ཆོས་ཀྱི་འབད་ནི་འདི་གིས་ལཱ་ཁག་འདུག་བ་ གདངས་འཐེན་རུང་མི་འདྲ་བས་བ་ཏེ་ ད་རེས་ནངས་པར་འཇམ་ཏོང་ཏོ་མས་ དང་ཕུ་གཞུང་སྒྲ་ཚུ་ ཏེ་གདངས་ད་རེས་བཟུམ་སྦེ་འཇམ་ཏོག་ཏོ་སྦེ་འགྱོ་མི་བཏུབ།
  • སྦྱིན་པ་བཟངམོ་
    Jinpa zam: ཕར་ནར་དགོ་ས་ནར་ནི་འདུག་ ཚུར་དུམ་དགོ་ས་དུམ་ནི་འདུག་ ཡར་སེང་དགོ་ས་སེང་ནི་འདུག་ མར་ཕབ་དགོ་ས་ཕབ་ནི་འདུག་ ད་ད་རེས་ནངས་པར་གཞུང་སྒྲ་གནམ་མེད་ས་མེད་མ་རྐྱབ་མི་འདི་འ་ནཱི་ཁག་སྟེ་གི་སྦེ་མ་རྐྱབ་མས་ ཏེ་གཞན་མ་པ་འདི་མ་ཤེསཔ་འདི་ག་ཅི་འདུག་སྦོ་ཏེ། འ་ནཱི་མས་ཏེ་ ཏེ་འ་ནཱི་ གསར་མ་ཟེར་མི་འདི་འ་ནཱི་ཨིན་ འབྲུག་རྒྱལ་གསུམ་པ་སྐབས་ལུ་འཐེན་འཐེནམ་ཨིན།
  • སྦྱིན་པ་བཟངམོ་
    Jinpa zam: མ་པ་སོ་སོ་སྦེ་ ནི་ཚུ་ཡང་མ་པ་རོགས་ག་ར་རོགས་དང་ཕུ་བློ་རིགས་མཁས་ནི་འདི་གིས་ ཏེ་ག་ར་ཨ་ནཱི་ཨོམ་ཅིག་གསོལ་ལ་ལོ་ཟེར་མི་ཚུ་ ཏེ་རོགས་ནི་བསྒང་ཨ་ནཱི་བླམ་ཨ་ནཱི་བླམ་བློ་ཟད་ཟེར་མི་དང་ འ་ནཱི་ཚུ་གིས་ཏེ་རོགས་ཆོས་ལས་བཏོན་ཏེ་སྦེ་ ཏེ་ཆོས་ནང་ལས་བཏོན་ཡི་བཏོན་ཡི་སྦེ་ ཏེ་བརྩམས་བརྩམས་ཨིན་ཟེར་སླབ་མས་འ་ནཱི་ཚུ།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་ནི་ཚུ་ཡང་མ་པ་ ཏེ་གཞུང་སྒྲ་བཟུམ་སྦེ་ ཏེ་མ་པ་རོགས་ག་ར་ཆོས་ནང་ལས་ནེམ་མས། ཏེ་ཨ་ནཱི་འབོད་སྒྲ་འདི་ ཏེ་ད་འབོད་སྒྲ་ཟེར་སླབ་དགོ་མི་དོན་དག་འདི་ཨ་ནཱི་མས་ ཚིག་འདི་ག་ར་ཡར་བོད་པ་གི་ཞབས་ཁྲ་ནང་གི་ཚིག་ནང་བརྩམས་བརྩམས་ རང་སེམས་དཀར་ག་མི་དཀར་ཟེར་མི་འདི་རོགས་བོད་པའི་ཞབས་ཁྲ་བ་ཏེ་སྨོ་ཤིག?
  • སྦྱིན་པ་བཟངམོ་
    Jinpa zam: ཨ་ནཱི་ཚུ་ཡང་ ཏེ་ང་བཅས་ནཱ་གདངས་འདི་སོ་སོ་སྦེ་བཟོ་ ཚིག་རོགས་ག་ར་བོདཔ་གི་འབད་ནི་འདི་གིས་ ཏེ་འབོད་སྒྲ་ཟེར་སླབ་དགོ་མི་འདི་འ་ནཱི་ཨིན་མས། ཁྱིམ་ནང་ལོ་མཆོད་བཏང་ས་ ཏེ་ཁྱིམ་རབ་གནས་འབད་ས་ ཏེ་ཁྱིམ་རྐྱབ་རུང་མ་ལས་ཕར་ཁྱིམ་ས་བཅའ་པའི་གནམ་དུས་ཀྱི་ཞབས་ཁྲ་འདི་ཡང་ ཏེ་ཡངན་ཆོས་ཀྱི་རྩ་བ་ར་རྐྱབ་དགོ།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་ནི་ལས་ མང་ཤོས་ཀྱིས་རོགས་ ཁྲི་མཉམ་པ་མི་བཞུགས་རྐྱབ་ཨིན་ ཏེ་ནི་བླམ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་འབད་ནི་འདི་གིས་ ཏེ་འ་ནཱི་གཞུང་སྒྲ་ འབོད་སྒྲ་འ་ནཱི་ཚུ་སོ་སོ་སྦེ་འཐེན་དགོ་མི་འདི་ འ་ནཱི་ ཏེ་རོགས་ཁྱིམ་རྐྱབ་ས་འབད་རུང་ ག་ཅི་འབད་རུང་ དང་པ་རང་གཞུང་སྒྲ་གདངས་ནརམ་འདི་རྐྱབ་ར་རྐྱབ་དགོ་བ་ ཏེ་ཚིག་འདི་ཡང་ལེགས་ཤོམ་བལྟ་སྟེ་རྐྱབ་དགོཔ་ཨིན། ཏེ་ཡོད་ཚད་ཅིག་པུ་མི་བཏུབ་ཏེ་ད་རུང་ གཞུང་སྒྲ་ཡང་།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་འ་ནཱི་རོགས་ཁྲི་མཉམ་པ་མི་བཞུགས་ཟེར་མི་དེ་ཡང་ཏེ་རོགས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ ཏེ་གཡས་སུ་གཡས་ལ་བཞུགས་པའི། །མཁའ་འགྲོ་ཡེ་ཤེས་ཚོགས་རྒྱལ། །གཡོན་སུ་(དུ་)གཡོན་ལ་བཞུགས་པའི། །ལྷ་ལྕམ་མནྡ་ར་བ་ཟེར་ ཏེ་འ་ནཱི་ཚུ་ཁྱིམ་རྐྱབ་ས་འབད་རུང་ མདའ་རྩེ་རྡོས་སྒོར་བརྡུང་ དགའ་སྤྲོ་སྟོན་ས་འབད་རུང་ ཁྱིམ་ན་ཆོ་ཀུ་བཏང་ས་འབད་རུང་ ཏེ་དང་པ་ར་ ཏེ་མགུ་འདི་འ་ནཱི་ལས་རང་བཙུགསཔ་མས་ཏེ་རོགས།
  • སྦྱིན་པ་བཟངམོ་
    Jinpa zam: དེ་ནང་རོགས་སོ་སོ་འདི་ཏེ་ རོགས་རང་རང་གི་ག་དགའཝ་མས་ ཏེ་འ་ནཱི་ཞབས་ཁྲ་ལ་ལུ་གིས་ཐོབ་ཚད་རྐྱབ་མས་ ནི་མི་བཏུབ་པ་ཏེ་ མདའ་རྐྱབ་ས་རྐྱབ་དགོ་མི་འདི་ ནཱ་ཆོ་ཀུ་བཏང་ས་རྐྱབ་ རོགས་ཆོ་ཀུ་བཏང་ས་ལེགས་ཤོམ་སྦེ་རྐྱབ་དགོ་མི་འདི་ ག་ཚད་གུ་ཚད་འབད་དེ་ ག་ཐོབ་རྐྱབ་མས་ ཏེ་རོགས་དང་ཕུ་རྒན་ཤོས་ཚུ་འབད་བ་ཅིན་ འ་ནཱི་སྦེ་ཐོབ་ལམ་འདུག་ཞབས་ཁྲ་ཡང་ ཁྱིམ་ནང་འབད་བ་ཅིན་འ་ནཱི་སྦེ་ཟེར་ བཀྲ་ཤིས་ཕབ་ནི་འབད་རུང་ཡང་འ་ནཱི་སྦེ་སོ་སོ་སྦེ་འདུག་ བདེན་པ་ཉི་མ་གི་བཀྲ་ཤིས་འདི་སོ་སོ་ ཏེ་ཁྱིམ་ནང་ཆོ་ཀུ་བཏང་ འ་ནེམ་འབད་སའི་བཀྲ་ཤིས་འདི་སོ་སོ་སྦེ།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་འ་ནཱི་གཞུང་སྒྲ་དང་འ་ནཱི་ཚུ་ཆ་མཉམ་ར་ ཨ་ནཱི་བླམ་དང་ཆོས་ཀྱི་ནེམ་འབདཝ་ད་ཏེ་འ་ནཱི་ ཏེ་མང་ཤོས་འདི་རོགས་ག་ར་མགུ་རྒྱན་འདི་བཙུགས་ད་སྦེ་ ཏེ་དེ་ལས་ཏེ་རང་ཡང་ ཏེ་རང་གིས་སེམས་དང་འཁྲིལ་ཏེ་རྐྱབ་མས། རྐྱབ་རུང་ ཏེ་ཨ་ནཱི་ཞབས་ཁྲ་ལ་ལུ་ཏེ་མི་བཏུབ་བ་ཏེ་ ཞབས་ཁྲ་ཆོ་ཀུ་བཏང་ས་འབད་རུང་ ག་ཅི་འབད་ས་འབད་རུང་ རྐྱབ་མ་བཏུབ་ཡོད་བ།
  • སྦྱིན་པ་བཟངམོ་
    Jinpa zam: ཞབས་ཁྲ་ཏེ་ལྷམ་པ་གསུམ་འདུག འ་ནཱི་ཆོ་ཀུ་བཏང་ས་འདི་ར་རྐྱབ་ མདའ་རྩེ་རྡོས་སྒོར་བརྡུང་རུང་ དགའ་སྤྲོ་འགྱུར་ས་གི་འདི་ནི་རང་ ཁྱིམ་ནང་ཁྱིམ་རབ་གནས་འབད་ཁྱིམ་རྐྱབ་ས་ འ་ནཱི་ཚུ་ག་ར་སོ་སོ་སྦེ་ཕྱེ་ ཏེ་འ་ནཱི་རྩ་ཆེ་མི་ཆེ་འདི་རོགས་ ཏེ་དང་ཕུ་ཆོས་ནང་གི་ཏེ་འ་ནཱི་ཁྲི་མཉམ་པ་མི་བཞུགས་འདི་རང་རྐྱབ་མས་ཕར།
  • སྦྱིན་པ་བཟངམོ་
    Jinpa zam: དང་ཕུ་ ནི་བསྒང་ཁྱིམ་རྐྱབ་ས་འབད་བ་ཅིན་ ཁྱིམ་གྱི་ས་བཅའ་ཏེ་ མར་ང་བཅས་[སྤགས་བསྐྱལ་ནི་?]ཡོད་མེད་ན་ ང་བཅས་གཟའ་དཀར་བརྩིཝ་ཨིན་ཟེར་ འ་ནཱི་ལུ་ཡང་ཏེ་གཟའ་དཀར་བརྩིས་ བཞུགས་འབྲས་ཕུན་སུམ་བསྒྲིགས་སྦེ་ཞིནམ་ལས་ ཏེ་དེ་ལས་ཏེ་དང་པ་ཞབས་དྲུང་བོད་ལས་ཞུ་ནི་འདུག་སྨོ་ཤིག? ནི་ཞུ་ ནི་གི་རྟིང་ལས་ཞབས་ཁྲ་ཚུ་ ཏེ་ཚིག་ལེགས་ཤོམ་བལྟ་སྟེ་རྐྱབ་ བཀྲ་ཤིས་ཕབ་ནི་མེད་བ་ཏེ།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་འདི་ལས་ཡོག་ལྷོང་མི་ཚེ་ཨིན་ ཡོག་ལྷོང་མི་ཚེ་ཡང་བཀྲ་ཤིས་ཕབ་མི་བཏུབ་པས་ རོགས་དིང་ཕུ་རྒན་ཤོས་ཚུ་འབད་བ་ཅིན་ ཏེ་བཀྲ་ཤིས་ཚར་གསུམ་འབད་མི་འདི་ མར་ས་བཅའ་བའི་བསྒང་གི་འདི་བཀྲ་ཤིས་ཕབ་ནི་མིན་འདུག་ ཡོག་ལྷོང་མི་བསྒང་གི་འདི་ཡང་བཀྲ་ཤིས་ཕབ་ནི་མིན་འདུག ཁྱིམ་རབ་གནས་འབད་སྦེ་ཁྱིམ་ནང་འཛུལ་བའི་ཚེ་ ཏེ་འ་ནཱ་བཀྲ་ཤིས་འདི་འ་ནཱི་བསྒང་ཕབ་མས།
  • སྦྱིན་པ་བཟངམོ་
    Jinpa zam: ཏེ་ལེགས་པའི་ལེགས་བཤད་རྐྱབ་ ཏེ་སྤ་་་་ ཨོག་ཀ་གན་ཐོག་རྩ་བ་ལས་ཡར་རྩེ་མོ་དར་ཤིང་ལྷོད་ལྷོད་ཀྱི་ ཏེ་རོགས་ཞབས་ཁྲ་ཚིག་འ་ནཱི་ཚུ་རྐྱབ་ ཏེ་ནཝ་ཚཝ་མེད་ ཆུངམ་མགུ་ལས་ཡར་མ་བཅུག་ལོ་ ཆུངམ་ཕང་ལས་ཤོར་མ་བཅུག་ལོ་ཟེར་ ཏེ་འ་ནཱི་ཚུ་ག་ར་ ཏེ་བློ་ལེགས་ཤོམ་སླབ་དགོ་པས་ འ་ནཱི་མས་བཀྲ་ཤིས་ཕབ་དགོ་མི་འདི།
  • སྦྱིན་པ་བཟངམོ་
    Jinpa zam: བཀྲ་ཤིས་འདི་ཡང་གསུམ་སྦེ་ཕབ་ནི་མིན་འདུག ཏེ་འ་ནཱི་རྐྱངམ་ཅིག་ར་མས། ས་བཅའ་བའི་ཚེ་ཡང་བཀྲ་ཤིས་ཕབ་ནི་མིན་འདུག ཡོག་ལྷོང་མི་ཚེ་ཡང་བཀྲ་ཤིས་ཕབ་ནི་མིན་འདུག ཚར་གསུམ་ཟེརཝ་ད་ ཏེ་འ་ནཱི་རབ་གནས་འབད་ དྭངས་སང་ས་མཇུག་བསྡུ་ མགུ་སུབ་ཞིནམ་ད་ ཚར་བའི་བསྒང་ལས་ ཏེ་བཀྲ་ཤིས་འདི་འ་ནཱི་བསྒང་ཕབ་མས།
  • སྦྱིན་པ་བཟངམོ་
    Jinpa zam: ད་རེས་ནངས་པར་འདི་བུ་ཚུ་ག་ར་ ཨ་ནཱི་ལྟག་ལས་སླབ་དོ་བཟུམ་སྦེ་ ང་ཁྱོད་ལུ་དགའ་ལོ་ ཁྱོད་ང་ལུ་དགའ་ལོ་ཟེར་མི་ཚུ་རང་ཤུགས་ཆེ་བས་མེན་ན? བུ་ཚུ་ ཨ་ལོ་ཆུང་ཀུ་གཅིག་གིས་ཡང་འ་ནཱི་འཐེན་དགོ་པས་ཏེ་ད། ཏེ་མང་ཤོས་གིས་ ཏེ་ནེམ་སྦེ་འབད་ ང་གིས་ད་ཅི་སླབ་དོ་བཟུམ་སྦེ་ གཞུང་སྒྲ་དང་འ་ནཱི་ཚུ་གནམ་མེད་ས་མེད་སྤྲོ་བ་མེད་མི་འདི་ ཏེ་རོགས་ད་རེས་ནངས་པར་ཨ་ལོ་ཆུང་ཀུ་ཅིག་གིས་ཡང་ ཏེ་ད་རེས་ནངས་པར་ག་ར་ནི་འཐེན་མས་མེན་ན་ཏེ་རོགས་ ད་རེས་ནི་རང་ཤུགས་ཆེ་བས་མེན་ན? ཞབས་ཁྲ་འ་ནཱི་ཚུ།། །།