Skip to main content Skip to search
01 Feb 2012
36 min 21 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

A carpenter in interviewed about his memories of Lhagyari life, society, and surrounding places in his youth.

ཤིང་བཟོ་བ་གཅིག་ལ་བཅར་འདྲི་ཞུ་ནས་ལྷོ་ཁའི་ལྷ་རྒྱ་རིའི་སྤྱི་ཚོགས་རྙིང་པའི་འཚོ་བ་དང་། སྤྱི་ཚོགས་བར་གྱི་འབྲེལ་བ་དང་ས་གནས་ཁོར་ཡུག་སྐོར་ལ་གླེང་བ།

Transcript search
No results found for this search
0 of 0
  • བཅའ་འདྲི་བ་
    ཨ་ནི་པཱ་ལགས་ད་དེ་རིང་འདིར་ང་ཚོས་བཅའ་འདྲི་ཞིག་ཞུས་བྱས་པཱ་ལགས་རང་གི་མཚན་ནས་བྱས་ལོ་རྒྱུས་སྟབས་བདེ་ཞིག་གསུངས་རོགས་གནང་།
  • བཅའ་འདྲི་ཞུ་ཡུལ་
    ལགས་སོ
  • བཅའ་འདྲི་བ་
    འཁྲུངས་ས་ག་པར་ཡིན་མས་བྱས།
  • བཅའ་འདྲི་ཞུ་ཡུལ་
    སྐྱེས་ས་དེ་གར་རེད།
  • བཅའ་འདྲི་བ་
    ལགས་སོ། ལུང་པའི་མཚན་ལ་ག་རེ་ཞུ་གི་ཡོད་མས་འདི་གས་གཅིག་གསུངས་གནང་དང་།
  • བཅའ་འདྲི་ཞུ་ཡུལ་
    ལུང་པ་འདི་ལ་ལགས།
  • བཅའ་འདྲི་བ་
    འོ་ལགས།
  • བཅའ་འདྲི་ཞུ་ཡུལ་
    འདི་ཨེ་ལྷ་རྒྱ་རི་ལགས་རི་སྒོ་ཞོལ
  • བཅའ་འདྲི་བ་
    ཨ་ནི་པཱ་ལགས་འཁྲུངས་བ་ནས་བྱས་ས་ཆ་ད་ག་རང་ལ་བཞུགས་པ་ཡོད་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    ད་སྐྱེས་ཡས་རང་ཕ་གེར་སྐྱེས་པ་རེད་སྐྱེས་ས་རང་ཕར་ཙམ་ད་གར་རེད་གཅིག་པ་རེད།
  • བཅའ་འདྲི་བ་
    ལགས་སོ།
  • བཅའ་འདྲི་ཞུ་ཡུལ་
    གཅིག་པ་རེད།
  • བཅའ་འདྲི་བ་
    པཱ་ལགས་ཀྱི་འཁྲུངས་བའི་སྐབས་ལ་ཡ་ཨ་ནི་དེ་པཱ་ལགས་ཁྱེད་རང་གི་ཡབ་དང་ཡུམ་ཡོད་རེད་པ་ལགས་
  • བཅའ་འདྲི་བ་
    ཨ་ནི་འདི་ཨེ་ལྷ་རྒྱ་རི་དང་འབྲེལ་བ་ཟེར་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཕལ་ཆེར་མི་སེར་རེད།
  • བཅའ་འདྲི་བ་
    མི་སེར་རེད་རེད་པ་ལ་མི་སེར་བྱས་ན་ལྷ་རྒྱ་རི་ཡི་མི་སེར་ལ་སྐབས་འདི་དུས་ཞིང་པ་དང་
  • བཅའ་འདྲི་བ་
    འབྲོག་པ་དང་སྣ་ཚོགས་ཡོད་རེད་པ་ལ་ལས་ཀ་བྱེད་མཁན་ངོས་ནས་བྱས་ན།
  • བཅའ་འདྲི་ཞུ་ཡུལ་
    སྣ་ཚོགས་ཡོད་རེད་ལས་ཀ་མེད་བ་མ་ཞེན་ཡོད་ཚད་བྱེད་མཁན་ཡོད་རེད།
  • བཅའ་འདྲི་བ་
    ལགས་སོ་ཨ་ནི་པཱ་ལགས་ཁྱེད་རང་གི་ཡབ་ཡུམ་བྱས་ན་ཞིང་ལས་ཀྱི་
  • བཅའ་འདྲི་བ་
    ཁོངས་གཏོགས་རེད་པས་ག་གིའི་ཁོངས་གཏོགས་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ཞིང་ལས་ཀྱི་ཁོངས་རེད།
  • བཅའ་འདྲི་བ་
    ཞིང་ལས་ཀྱི་ཁོངས་རེད་ཨོ་ལགས་སོ། ཨ་ནི་པཱ་ལགས་ཁྱེད་རང་དགུང་ལོ་ཆུང་དུས་ནས་བྱས།
  • བཅའ་འདྲི་ཞུ་ཡུལ་
    ང་ལོ་བཅུ་བརྒྱད་ནས་ཤིང་བཟོ་བསླབ་པ་རེད།
  • བཅའ་འདྲི་བ་
    ཤིང་བཟོ་ལགས་ཨོ་ལགས་སོ།
  • བཅའ་འདྲི་བ་
    ཨ་ནི་པཱ་ལགས་ཁྱེད་རང་ཡབ་ཡུམ་ཤིང་བཟོའི་ཕྱག་ལས་གནང་གི་ཡོད་མ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་བྱེད་ཀྱི་མ་རེད།
  • བཅའ་འདྲི་བ་
    ཨ་ནི་ཤིང་བཟོ་དེ་གཞན་དག་ཁྲིད་ནས་བསླབས་པ་རེད་རེད་པ་ལགས།
  • བཅའ་འདྲི་ཞུ་ཡུལ་
    སོ་སོས་དགེ་རྒན་ཚལ།
  • བཅའ་འདྲི་བ་
    ལགས་སོ་དགེ་རྒན་ཨེ་ལྷ་རྒྱ་རིའི་གཤམ་གྱི་ལས་ཀ་བྱེད་མཁན་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    རེད།
  • བཅའ་འདྲི་བ་
    ལགས་སོ།
  • བཅའ་འདྲི་ཞུ་ཡུལ་
    ང་ཚོ་གཅིག་པ་རེད་མི་ཁུངས་ར་ཅིག་བྱས་ན་རྫོང་འདི་གའི་མི་རེད།
  • བཅའ་འདྲི་བ་
    ཨ་ནི་ཨེ་ལྷ་རྒྱ་རིའི་ཤིང་བཟོ་གནང་བ་ཡིན་ན་གཙོ་བོ་ཕྱག་ལས་གནང་ཡས་ཤིང་བཟོའི་ནང་ལོག་བསྐོད་བརྒྱབ་ཡས་བྱས་རེད་པ་ལགས།
  • བཅའ་འདྲི་ཞུ་ཡུལ་
    བསྐོས་བརྒྱབ་ཡས་རེད་ད་དེང་སང་ནང་བཞིན་བཟོ་ཤགས་བྱེད་ཡས་མེད་པ་ལགས་འགང་ག་ལོག་ལག་པས་བྱེད་རྒྱུ་རེད།
  • བཅའ་འདྲི་བ་
    ཨ་ནི་འདུག་ཟེར་པཱ་ལགས་ཀྱིས་གཅིག་གསུངས་རོགས་གནང་
  • བཅའ་འདྲི་བ་
    སྐབས་འདི་དུས་ཤིང་བཟོ་བྱེད་དུས་གང་འདྲས་གང་འདྲས་གནང་གི་ཡོད་མེད།
  • བཅའ་འདྲི་ཞུ་ཡུལ་
    ཤིང་བཟོ་ད་སྔ་རྒྱུན་རེད་སྒོ་སྒེའུ་ཁུང་བཟོ་ཡས་ཨར་པོ་བརྒྱབ་ཡས་འདྲ་པོ་
  • བཅའ་འདྲི་ཞུ་ཡུལ་
    ཅོག་ཙེ་ཆ་སྒམ་བཟོ་ཡས་འདྲ་པོ་འགང་ག་འདུག་སེ་ཨ་ནི་སོ་སོ་གཅིག་པུ་མ་རེད་
  • བཅའ་འདྲི་ཞུ་ཡུལ་
    ཤིང་བཟོ་བ་ཞེ་དྲག་ཡོད་རེད་མི་ཚང་བཅུ་སུམ་བཅུ་བཞི་ཙམ་རྫོང་རང་གི་མི་ཁུངས།
  • བཅའ་འདྲི་བ་
    ད་ལྟ་ཤིང་བཟོ་བཅུ་སུམ་བཅུ་བཞི་དེ་རྫོང་རང་གི་མི་ཁུངས་བྱས་
  • བཅའ་འདྲི་བ་
    རྫོང་ཟེར་ནའི་འདྲ་ཕོ་བྲང་ཟེར་ནའི་འདྲ་གཅིག་པ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    གཅིག་པ་རེད་གཅིག་པ་རེད།
  • བཅའ་འདྲི་བ་
    པཱ་ལགས་ཁྱེད་རང་གིས་ཕྱག་ལས་གནང་བཞག་པ་འདི་དེང་སང་ཕོ་བྲང་གི་ནང་ལོག་ལ་ཡ་བསྐོས་བརྒྱབ་བཞག་པ་འདི་འདྲས།
  • བཅའ་འདྲི་ཞུ་ཡུལ་
    བསྡད་མ་སོང་བཤིག་སོང་ཆ་ཚང་།
  • བཅའ་འདྲི་བ་
    གཞན་ཡོད་རྒྱུ་ཡོད་རེད་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    ཡོད་རྒྱུ་ཡོད་རེད་དའི་་་་་
  • བཅའ་འདྲི་ཞུ་ཡུལ་
    བསྐོས་ཞེ་པོ་ཡོད་པ་འདི་འདྲས་ཁང་པ་ཡ་གིའི་རྩེ་ཡ་ལ་ད་བསྡད་མ་སོང་འགང་ག་བཤིག་སོང་།
  • བཅའ་འདྲི་བ་
    ཨ་ནི་པཱ་ལགས་ལ་འདི་འདྲས་བཀའ་འདྲི་ཅིག་ཞུ་གི་ཡིན་ད་ཨེ་ལྷ་རྒྱ་རི་དུས་གཅིག་
  • བཅའ་འདྲི་བ་
    བོད་ཀྱི་གཅིག་ས་ཆ་འདིའི་ཁུལ་གྱི་གཅིག་རྒྱལ་པོ་འདྲ་པོ་ཆགས་པ་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    འོ་རྒྱལ་པོ་རེད།
  • བཅའ་འདྲི་བ་
    ཁྱེད་རྣམས་ཚོས་སྐབས་འདི་དུས་ས་ཆ་འདི་ལ་ཡ་གཅིག་རྒྱལ་པོའི་ཕོ་བྲང་ཟེར་གི་ཡོད་ཀྱི་རེད།
  • བཅའ་འདྲི་ཞུ་ཡུལ་
    འོ་འོ་རྒྱལ་པོའི་ཕོ་བྲང་ཟེར་གྱི་རེད།
  • བཅའ་འདྲི་བ་
    ཨ་ནི་དགུང་ལོ་ཆུང་དུས་སྐབས་ལ་ཡ་འདི་རྒྱལ་པོའི་ཕོ་བྲང་བྱས་ཨ་ནི་
  • བཅའ་འདྲི་བ་
    ཕ་གིར་བོད་ལ་ཡ་རྒྱལ་ས་འདྲ་པོ་གཅིག་ཡོད་རེད་པ་
  • བཅའ་འདྲི་བ་
    ལྷ་ས་རེད་པས་འདི་གས་གཉིས་ཀྱི་འབྲེལ་བ་འདི་འདྲས་གང་མཁྱེན་གྱི་ཡོད་ཀྱི་མ་རེད་དེ་དུས།
  • བཅའ་འདྲི་ཞུ་ཡུལ་
    ལྷ་སའི་འདི་འདྲས་འབྲེལ་བ་གང་མེད།
  • བཅའ་འདྲི་བ་
    ལགས་སོ་ལ།
  • བཅའ་འདྲི་བ་
    ཨ་ནི་ཨེ་ལྷ་རྒྱ་རིའི་གཤམ་ལ་ཡ་གཡོག་ཟེར་ནའི་འདྲ་བྲན་གཡོག་འདྲ་པོ་ཡོད་རེད་པ་
  • བཅའ་འདྲི་བ་
    འདི་འདྲས་རིགས་བརྗེས་པ་ཡིན་ན་སྣ་མིན་སྣ་ཚོགས་ཡོད་རེད་པ་ལ་ཨ་ནི་པཱ་ལགས་གིས་རིགས་ཁ་ཤས་ཀྱིས་ངོ་སྤྲོད་གནང་རོགས་གནང་།
  • བཅའ་འདྲི་ཞུ་ཡུལ་
    རིགས་གང་འདྲས་ལས་ཀ་བྱེད་མཁན་ལ།
  • བཅའ་འདྲི་བ་
    འོ་ལས་ཀ་བྱེད་མཁན་ད་ཡབ་ཡུམ་གཉིས་སྲས་སྐུ་ཞབས་སྲས་མོ་སྐུ་ཞབས་གཤམ་ལ་ཡ་
  • བཅའ་འདྲི་བ་
    གཡོགས་རྒྱུགས་མཁན་སྣ་ཚོགས་ཡོང་གི་རེད་པ་ལ་འོ་འདི་འདྲས་ཀྱི་སྐོར་ངོ་སྤྲོད་གཅིག་གནང་རོགས་གནང་ལགས།
  • བཅའ་འདྲི་ཞུ་ཡུལ་
    གཤམ་ལ་ཡ་གས་པ་སྔོན་མ་ར་གཅིག་བྱས་ན་གས་པ་ཡོད་རེད་སྟེང་གི་གས་པ་ཡོད་རེད་འོག་གི་གས་པ་ཡོད་རེད།
  • བཅའ་འདྲི་བ་
    རྒྱལ་པོ་བྱས་རྒྱལ་པོའི་གཤམ་ལ་ག་རེ་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    གས་པ་གས་ཕྱག་མཁན་གས་པ།
  • བཅའ་འདྲི་བ་
    གས་བརྒྱབ་མཁན་གས་པ།
  • བཅའ་འདྲི་ཞུ་ཡུལ་
    ཨོལ་པ་ཞིག་ཕྱག་བྱེད་མཁན་དང་གས་ཕྱག་མཁན་དང་ཁག་ཅིག་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་ད་གིན་དེ་གསུངས་ཀྱི་འདུག་ག་ལ་གཡོག་ནང་ལོག་ཕོ་གཡོག་མོ་གཡོག་ཟེར་ཡས་འདི་འདྲས།
  • བཅའ་འདྲི་ཞུ་ཡུལ་
    འོ་ཡོད་རེད་ཕོ་གཡོག་མོ་གཡོག
  • བཅའ་འདྲི་བ་
    འོ་འདི་ཚོ་ག་རེ་ཡིན་ནམ།
  • བཅའ་འདྲི་ཞུ་ཡུལ་
    འདི་ཚོ་ཕོ་གཡོག་ཕོ་གཡོག་ཁོ་ར་བུའི་ལས་ཀ་བྱེད་མཁན་ཞེ་དྲག་ཡོད་རེད་
  • བཅའ་འདྲི་ཞུ་ཡུལ་
    བོུ་བོུ་བལ་ལས་བྱེད་མཁན་ཞེ་དྲག་ཡོད་རེད་རུམ་འཐག་མཁན་ཡོད་རེད་འཐག་འཐག་མཁན་ཡོད་རེད་
  • བཅའ་འདྲི་ཞུ་ཡུལ་
    བུ་འཐག་འཐག་མཁན་ཡོད་རེད་རུམ་འཐག་མཁན་ཡོད་རེད་
  • བཅའ་འདྲི་ཞུ་ཡུལ་
    ཨ་ནི་འབྲོག་པ་ལུག་རྫི་ཕོག་ནི་འབྲོག་པ་རྒྱག་རྒྱག་ལོ་རེ་རེར་འབོ་ཉི་ཤུ་ཐམ་པ་ཐམ་པ་
  • བཅའ་འདྲི་ཞུ་ཡུལ་
    ཟླ་བ་རེ་རེར་བཅུ་བཅུ་ལོ་ཕྱེད་ཀར་བཅུ་བཅུ་དགུན་ཁར་བཅུ་བཅུ་དབྱར་ཀར་བཅུ་བཅུ་
  • བཅའ་འདྲི་ཞུ་ཡུལ་
    འོ་འདི་འབྲུ་སློང་འདི་ནི་སོ་སོ་རྩམ་པ་སོ་སོའི་འདི་སོ་སོས་བཟས་འོ་འདུག་སེ་རེད་ལགས།
  • བཅའ་འདྲི་བ་
    ཆུ་འཁོར་ས་ཆ་འདི་ཁར་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་ལ་ཆུ་འཁོར་ས་ཆ་འདི་ཁར་ཡོད་རེད་ལ་སོ་སོ་ལུང་པ་སོ་སོར་ཡང་ཁ་ཤས་
  • བཅའ་འདྲི་ཞུ་ཡུལ་
    རྫོང་འདི་ལས་བྱས་པས་མ་ཞོག་ནང་ཕར་ཕྱོགས་ཕ་པར་བྱས་པ་འདི་འདྲས་ཞེ་དྲག་ཡོད་རེད་འགང་ག་འདིར་རུབ་རུབ་ཡོད་མ་རེད།
  • བཅའ་འདྲི་བ་
    ཨ་ནི་ཨེ་ལྷ་རྒྱ་རི་ཟེར་ནའི་འདྲ་ད་ཁྲི་ཆེན་རིན་པོ་ཆེ་ཟེར་གྱི་ཡོད་རེད་པ་ལ་
  • བཅའ་འདྲི་བ་
    ཁྲི་ཆེན་ཁོང་རང་ཉིན་རེའི་གཙོ་བོ་ཕྱག་ལས་གནང་ཡས་འདི་ག་རེ་གནང་གི་རས།
  • བཅའ་འདྲི་ཞུ་ཡུལ་
    དཔེ་ཆ།
  • བཅའ་འདྲི་བ་
    དཔེ་ཆ་གཟིགས་བཞུགས་ཀྱི་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དཔེ་ཆ་ཁོ་རང་ཀློག་བཞུགས་ཀྱི་རེད།
  • བཅའ་འདྲི་བ་
    ཨ་ནི་ད་ལྟ་ཁྲི་ཆེན་གཅིག་བྱས་
  • བཅའ་འདྲི་ཞུ་ཡུལ་
    ཁྲི་ཆེན་གྱི་པོ་པོ་འདི་རོང་ལྷ་གཤོང་ཟེར་ཡས་འདི་རེད་
  • བཅའ་འདྲི་ཞུ་ཡུལ་
    འདི་གི་ཡང་ཅོ་ཅོག་འདི་ཆུང་ལྷ་ཁྲི་ཟུར་ཟེར་ཡས་འདི་རེད།
  • བཅའ་འདྲི་བ་
    ཁྲི་ཆེན་ད་ལྟ་པཱ་ལགས་ཁྱེད་རང་གི་དྲན་ཐོག་ལ་ཡོད་པ་འདི་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    ངའི་དྲན་ཐོག་ལ་ཆུང་བ་འདི་ཐེབས་པས་གསུམ།
  • བཅའ་འདྲི་བ་
    ཨ་ནི་ད་ལྟ་པཱ་ལགས་ཀྱིས་འདི་གསུངས་སོང་ང་ཁྲི་ཆེན་སྐོར་འདི་
  • བཅའ་འདྲི་བ་
    ཨ་ནི་ཁྲི་ཆེན་གྱི་གཤམ་ལ་ཁྲི་ཟུར་གཉིས་བྱུང་འདུག་ག་ལ་ཁྲི་ཟུར་རོང་ཁྲི་ཟུར་ཟེར་བ་གཅིག་དང་།
  • བཅའ་འདྲི་ཞུ་ཡུལ་
    གཅིག་ཁོ་རའི་པ་ཕ་དང་གཅིག་ཁོ་རའི་སྤུན་ཀྱག་རྒན་པ་རེད།
  • བཅའ་འདྲི་བ་
    ཁྲི་ཆེན་ཁོ་རང་གི་པཱ་ལགས།
  • བཅའ་འདྲི་ཞུ་ཡུལ་
    འོ་ཁྲི་ཆེན་ཁོ་རང་གི་པཱ་ལགས་ས་ཆ་མཐོ་སྒང་ལ་བཟུང་རོང་ལ་གཤགས་པ་རེད་ཟེར།
  • བཅའ་འདྲི་བ་
    ད་ལྟ་ཆེ་དཀར།
  • བཅའ་འདྲི་ཞུ་ཡུལ་
    འོ་རོང་ཆེ་དཀར་ཤང་ཆེ་དཀར་རྫོང་ཟེར་ཡང་རྫོང་ཟེར་གནས་ཆུང་ཆུང་ཞིག་རྫོང་ཟེར་གྱི་ཡོད་རེད་ཁྲི་ཆེན་པ་ཕ་བཞུགས་ས།
  • བཅའ་འདྲི་བ་
    ད་ཁྲི་ཆེན་པ་ཕ་འདི་མ་གིར་བཞུགས་བྱས་ཁྲི་ཟུར་བཟོ་འདྲ་ཆགས་པ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་འདུག་སེ་ཆགས་པ་རེད།
  • བཅའ་འདྲི་བ་
    ཨ་ནི་ཆེད་དཀར་རྫོང་ཟེར་ཡས་འདི་ནམ་རྒྱུན་ཁྲི་ཆེན་གསར་པ་བཀོད་པའི་སྐབས་ལ་ཡ་ཁྲི་ཟུར་བྱེད་ས་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འདི་ཁོ་རའི་རྫོང་ཁོ་རར་རྫོང་ཁ་ཤས་དང་ནེ་ཚོས་དང་་་་་
  • བཅའ་འདྲི་ཞུ་ཡུལ་
    ཡིན་རྒྱ་ནི་གིའི་ཁུངས་རེད།
  • བཅའ་འདྲི་བ་
    ཁྲི་སྟོན་གནང་དུས་མར་ཐད་དགོད་ཀྱི་ཡོད་མ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ལགས།
  • བཅའ་འདྲི་བ་
    ཆེ་དཀར་ད་ལྟ་ཆེ་དཀར་རྫོང་ཟེར་བ་འདིར་ཐད་དགོས་ཀྱི་ཡོད་མ་རེད་པས་ཁྲི་ཆེན་གསར་པ་བཀོད་པའི་སྐབས་ལ་ཡ།
  • བཅའ་འདྲི་ཞུ་ཡུལ་
    གསར་པ་བཀོད་པའི་སྐབས་ལ་ཡ་མར་ལྷ་གསོལ་བར་བཟོ་འདྲ་འདི་འདྲས་ཐད་ཀྱི་རེད།
  • བཅའ་འདྲི་བ་
    ལྷ་གསོལ་གག
  • བཅའ་འདྲི་ཞུ་ཡུལ་
    འོ་འདི་བར་གཅིག་ལ་ཡོད་རེད་རྫོང་ལྷ་གསོལ་ས།
  • བཅའ་འདྲི་བ་
    ད་ལྟ་འདིའི་གཤམ་ལ་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དགོན་པའི་ཁྲིད་འདི་གར་ཡོད་རེད།
  • བཅའ་འདྲི་བ་
    འོ།
  • བཅའ་འདྲི་ཞུ་ཡུལ་
    ད་བཤིག་ཚར་པ་རེད།
  • བཅའ་འདྲི་བ་
    ཨེ་ལྷ་རྒྱ་རིའི་དགོན་པའི་གཤམ་འདིར་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་ཚུར་ཕྱོགས་འདིར་རྫོང་རྙིང་པ་འདིར།
  • བཅའ་འདྲི་བ་
    ལགས་སོ་རྫོང་རྙིང་པ་གསུངས་ཡས་འདི་ཕོ་བྲང་རྙིང་པ་འདི་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་རེད་འདི་མིན་པའི་འོག་མ་འདིར་གཅིག་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་ཕོ་བྲང་རྙིང་པ་ནས་ཕོ་བྲང་གསར་པ་ལ་ཆ་ཚང་སྤོས་པ་རེད་པས་ཕོ་བྲང་རྙིང་པ་ཡོད་པ་བྱས།
  • བཅའ་འདྲི་ཞུ་ཡུལ་
    ཕོ་བྲང་རྙིང་པ་ཡོད་པ་ལ་འདི་བརྒྱབ་པ་ཟེར་བ་རེད་
  • བཅའ་འདྲི་ཞུ་ཡུལ་
    འདི་བརྒྱབ་པ་ཟེར་བ་མ་གཏོགས་ང་རྒན་པ་འདི་ཚོར་ལ་ཡང་ཤོད་ཡས་མིན་འདུག་
  • བཅའ་འདྲི་ཞུ་ཡུལ་
    བརྒྱབ་པ་རེད་ཟེར་ཡས་མིན་འདུག།
  • བཅའ་འདྲི་བ་
    པཱ་ལགས་ཁྱེད་གི་དྲན་ཐོག་ལ་ཕོ་བྲང་གསར་པ་བརྒྱབ་པའི་རྗེས་ལ་ཕོ་བྲང་རྙིང་པའི་ནང་བཞུགས་མཁན་འདུས་གས།
  • བཅའ་འདྲི་ཞུ་ཡུལ་
    ཕོ་བྲང་ནང་སྔར་རྒྱུན་བཟུང་ཀྱི་ཡོད་རེད།
  • བཅའ་འདྲི་བ་
    ཕོ་བྲང་ནང་སྐུ་མཆེད་རེད་པས་ཨེ་ལྷ་རྒྱ་རིའི།
  • བཅའ་འདྲི་ཞུ་ཡུལ་
    སྐུ་མཆེད་ཟེར་ཁོ་ཚོས་བཟུང་ནས་ཡོད་མ་རེད་
  • བཅའ་འདྲི་ཞུ་ཡུལ་
    ལྷ་གསོལ་གག་མང་པོ་འགྲོ་དགོས་རེད་དང་པོ་རྫོང་ལ་ཡར་ཡང་ཕ་གིར་བསྡད།
  • བཅའ་འདྲི་བ་
    ད་ལྟ་ཕོ་བྲང་གསར་པ་འདིར་འདི་གཅིག་འདུག་ག་ཕོ་བྲང་དཀར་པོ་ཟེར་ཡས་གཅིག་དང་དམར་པོ་ཟེར་ཡས་གཅིག
  • བཅའ་འདྲི་ཞུ་ཡུལ་
    ཕོ་བྲང་གསར་པ་འདི་ལ་ལགས།
  • བཅའ་འདྲི་བ་
    འོ་ལགས་འདི་ག་རེ་རས་དཀར་པོ་དང་དམར་པོ་བཏགས་དགོས་ཡས་ཀྱི་རྒྱུ་མཚན་ར་གཅིག
  • བཅའ་འདྲི་ཞུ་ཡུལ་
    དཀར་པོ་དང་དམར་པོ་བཏགས་དགོས་ཡས་ར་གཅིག་རྫོང་ནས་འདི་ར་གཅིག་ཆ་ཆའི་མིང་དང་འདི་མར་འགང་ག་
  • བཅའ་འདྲི་ཞུ་ཡུལ་
    རྩེ་པོ་ཏ་ལ་དང་འདྲ་པོ་ཡོད་ཟེར་གྱི་ཡོད་རེད་ས་ཆེའི་མིང་འདྲ་པོ་འདི་འདྲས་ཡོད་རེད།
  • བཅའ་འདྲི་བ་
    ཨ་ལས།
  • བཅའ་འདྲི་ཞུ་ཡུལ་
    འོག་འདི་མར་ཀླུ་ཁང་ཟེར་ཡས་འདི་ཡང་ལྷ་སར་ཀླུ་ཁང་འདུག་ག་
  • བཅའ་འདྲི་ཞུ་ཡུལ་
    རྫོང་རྒྱབ་ཀླུ་ཁང་འདིའི་འོག་འདིར་ཀླུ་ཁང་ཟེར་ཐོད་ཡ་གིར་ཤན་ཡ་གིར་
  • བཅའ་འདྲི་ཞུ་ཡུལ་
    ཟམ་པ་ཆུང་ཆུང་གཅིག་ཡོད་འབག་གཡུ་ཐོག་ཟམ་པ་ཟེར་ཡང་ལྷ་ས་
  • བཅའ་འདྲི་ཞུ་ཡུལ་
    ནང་བཞིན་ནོར་བུ་གླིང་ཁ་ཟེར་ཡང་ས་ཆའི་མིང་ཡོད་རེད།
  • བཅའ་འདྲི་བ་
    ལྷ་ས་འདྲ་པོའི་ས་ཆའི་མིང་འདིར་བཏགས་བཞག་པ་བཟོ་ལྟ་འདྲ་པོ་བརྒྱབ།
  • བཅའ་འདྲི་ཞུ་ཡུལ་
    བཟོ་ལྟ་འདྲ་པོ་ཁང་པ་ཡ་ཚོའི་གྲལ་མིན་འདུག་དའི་ས་ཆའི་མིང་འདི་ཚོ་འདྲ་པོ་འདུག་ག།
  • བཅའ་འདྲི་བ་
    ཨེ་ལྷ་རྒྱ་རིའི་ཕོ་བྲང་གསར་པ་འདི་དམར་པོ་དང་དཀར་པོ་གཉིས་ཡོད་རེད་པ་ལགས།
  • བཅའ་འདྲི་ཞུ་ཡུལ་
    ཡོད་རེད་ཟེར་གྱིས་ང་ཚོས་འདིར་མདོག་སྣེ་མ་ཞེན་འདིར་དམར་པོ་འདི་ཞེ་དྲག་ཞེ་དྲག་མཐོང་གི་མིན་འདུག
  • བཅའ་འདྲི་བ་
    ཨ་ནི་པཱ་ལགས་ཁྱེད་རང་ཐུགས་དྲན་གསོས་ཀྱི་འདུག་གས་དམར་པོ་འདིའི་གཙོ་བོ་ག་རེ་བྱེད་ཀྱི་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དམར་པོ་འདིའི་ཙ་ལ་ལགས།
  • བཅའ་འདྲི་བ་
    དམར་པོའི་ནང་ལ་གཙོ་བོ་ག་རེ་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    སྲུང་མ་ལྷ།
  • བཅའ་འདྲི་བ་
    སྲུང་མའི་མཚན་ལ་ག་རེ་ཞུ་གི་ཡོད་ན།
  • བཅའ་འདྲི་ཞུ་ཡུལ་
    ཉི་མ་གཞོན་ནུ་ཀློག་རྒྱལ་པོ།
  • བཅའ་འདྲི་བ་
    གཅིག་པ་རེད་པས་ཉི་མ་གཞོན་ནུ་དང་ཀློག་རྒྱལ་པོ་ཟེར།
  • བཅའ་འདྲི་ཞུ་ཡུལ་
    ལྷ་ཁང་སྟེང་སྟེང་རེད་གཅིག་སྟེང་ལ་དང་གཅིག་འོག་ལ།
  • བཅའ་འདྲི་བ་
    ཕོ་བྲང་དཀར་པོའི་ནང་ག་རེ་གནང་གི་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    དཀར་པོའི་ནང་ལ་ད་རྫོང་རང་གི་འོག་འདི་་ནས་མར་མི་སྡོད་ས་དང་འདི་འདྲས།
  • བཅའ་འདྲི་བ་
    སྲིད་ཀྱི་ཕྱག་ལས་གནང་ས།
  • བཅའ་འདྲི་ཞུ་ཡུལ་
    འོ།
  • བཅའ་འདྲི་བ་
    ཨ་ནི་བོད་ཀྱི་ས་ཆ་དང་འཛུགས་སྐྲུན་གཞན་དག་དང་མ་འདྲ་ར་གཅིག་བྱས་ད་དུང་ཕོ་བྲང་གསར་པ་འདིའི་
  • བཅའ་འདྲི་བ་
    མདུན་ལ་ཡར་དཀར་ཀོང་ཞེ་པོ་བསྒྲིགས་བཞག་འདུག་ག་དཀར་ཀོང་འདི་ཚོའི་ནང་ལ་ཡར་
  • བཅའ་འདྲི་བ་
    རི་མོ་མ་འདྲ་འདི་འདྲས་རི་མོ་བཀྲ་ཤིས་པའི་རི་མོ་འདི་འདྲས་མང་པོ་འདུག་ག་
  • བཅའ་འདྲི་བ་
    འདི་ཚོ་སྔོན་མའི་རི་མོ་ག་རེ་ཡིན་མས་པཱ་ལགས་ཀྱི་ཐུགས་དྲན་གསོས་ཀྱི་འདུག་གས།
  • བཅའ་འདྲི་ཞུ་ཡུལ་
    སྔོན་མ་གསར་རྗེ་མ་ཚུགས་གོང་ལ་ཡ་དེ་ཚོ་གཙང་མ་ཞེ་དྲག་ཡོད་རེད་དེ་ནས་ཧ་གོ་བ་དེ་ར་རེད།
  • བཅའ་འདྲི་བ་
    ག་རེ་ག་རེ་ཡོག་རེད།
  • བཅའ་འདྲི་ཞུ་ཡུལ་
    གཡུ་འགྲུམ་ལག་ཡིག་ཐ་འདི་བྱས་རྒྱ་ནག་ལྕག་རི་་་་དེ་ནས་པད་མ་དངོས་འགྲུབ།པད་མ་ངོ་བརྒྱད་
  • བཅའ་འདྲི་ཞུ་ཡུལ་
    རྡོ་རྗེ་
    {***}
  • བཅའ་འདྲི་བ་
    འདི་བཞེངས་གནང་ཡས་འདི་པཱ་ལགས་ཐུགས་རྒྱུད་ཡོད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་ད་ང་ཚོས་ཞེ་དྲག་སེ་ང་ཚོ་རྒན་འཁོགས་འདི་ཚོ་ལ་ཡང་ཤོད་ཡས་མེད་པ་ལ།
  • བཅའ་འདྲི་བ་
    ཨ་ནི་ད་ལྟ་ཕོ་བྲང་གསར་པ་དང་རྙིང་པ་ཟེར་སྔོན་མ་རྒྱ་ཆེ་ཆུང་བྱས་པ་ཡིན་ན་གང་འདྲས་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འདི་རྒྱ་ཆེ་གི་རེད།
  • བཅའ་འདྲི་བ་
    གསར་པ་འདི་རྒྱ་ཆེ་གི་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་རྡོ་བཅལ་ཁོ་ར་ཞེ་དྲག་ཧེ་བག་ཤོར་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་ད་ལྟ་ཨེ་ལྷ་རྒྱ་རིའི་དབང་བསྒྱུར་བྱེད་སའི་ཚོད་ཨེ་ཁུལ་བྱས་འདི་ནས་མར་བྱས་པ་ཡིན་ན་
  • བཅའ་འདྲི་བ་
    རྩེད་ཐང་ངོ་ཕྱོགས་ལ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    མངའ་ཁུངས་ཨེ།
  • བཅའ་འདྲི་བ་
    འོ་ལགས།
  • བཅའ་འདྲི་ཞུ་ཡུལ་
    མངའ་ཁུངས་རྩེད་ཐང་ཟེར་ཡས་ལ་མེད་པ་ལ་ཡོད་མ་རེད།
  • བཅའ་འདྲི་བ་
    ཟངས་རི་ཚུད་ཀྱི་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཟངས་རི་ཟངས་རི་ཁོ་ར་རྫོང་གཅིག་རེད་ཟངས་རི་རྫོང་ཡིན་ཡས་རྫོང་གཅིག་རེད་དའི་རྫོང་གཅིག་འདི་འདི་རེད་
  • བཅའ་འདྲི་ཞུ་ཡུལ་
    གྲབ་ཆི་ལ་ཡ་དཱ་་་་ཤུས་འཛིན་པ་མ་རེད་པས་ཤན་ཕར་རྒྱ་ཚྭ་ལ་ཡོག་རེད།
    {***}
  • བཅའ་འདྲི་བ་
    ཡང་བསྐྱར་བཀའ་དྲི་ཞུ་ཡས་གཅིག་ལ་ཡར་པཱ་ལགས་ཀྱིས་ད་ཕྱིན་འདིར་
  • བཅའ་འདྲི་བ་
    ལྷ་ས་ནང་བཞིན་བྱས་བརྒྱབ་ལ་ཀླུ་ཁང་བྱས་ནོར་བུ་གླིང་ཁ་བྱས་གཡུ་ཐོག་ཟམ་པ་བྱས་འདི་ཚོ་དེང་སང་བསྟེན་ཡས་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ད་སང་ས་ཆའི་མིང་བསྡད་པ་མ་གཏོགས་བསྟེན་ཡས་སེ་ཞེ་དྲག་ཡོད་མ་རེད་ད་ལགས།
  • བཅའ་འདྲི་བ་
    པཱ་ལགས་ཁྱེད་རང་ཐུགས་དྲན་གསོས་དོག་ལ་ཡ་ནོར་བུ་གླིང་ཁ་ཟེར་བྱས་གླིང་ཁ་བཏང་ཡས་འདུག་གས་ལགས།
  • བཅའ་འདྲི་ཞུ་ཡུལ་
    ནོར་བུ་གླིང་ཁ་ཟེར་གླིང་ཁ་བཏང་ས་མིན་འདུག་
    {***}
  • བཅའ་འདྲི་བ་
    ཨ་ནི་ཀླུ་ཁང་ཟེར་ཡས།
  • བཅའ་འདྲི་ཞུ་ཡུལ་
    ཀླུ་ཁང་ཟེར་ལྷ་ཁང་ཆགས་ས་འདིར་རེད།
  • བཅའ་འདྲི་བ་
    ལྷ་ཁང་འདུས་གས་འདི་དུས།
  • བཅའ་འདྲི་ཞུ་ཡུལ་
    ལྷ་ཁང་མིན་འདུག
  • བཅའ་འདྲི་བ་
    གཡུ་ཐོག་ཟམ་པ་ཟམ་པ།
  • བཅའ་འདྲི་ཞུ་ཡུལ་
    ཡ་གིར་ཟམ་པ་ཡོད་རེད་ད་བཤིག་ནས་ལོ་ཁ་ཤས་སོང་ཞེན་སྔོན་ལ་ཆུ་ཆུང་ཆུང་བྱས་ཟམ་པ་བྱས།
  • བཅའ་འདྲི་བ་
    ཨ་ནི་པཱ་ལགས་ཁྱེད་རྣམས་ཚོ་སྔོན་མ་ཕོ་བྲང་ཁྲིད་ལ་བཞུགས་ཡོད་རེད་གསུངས་ཀྱིས་
  • བཅའ་འདྲི་བ་
    སྤྱི་ཚོགས་རྙིང་པའི་སྐབས་ནས་བཞུགས་ས་འདི་ཁར་རེད་པས་ཕོ་བྲང་ཁྲིད་ལ་རེད་པས་
  • བཅའ་འདྲི་བ་
    ཨ་ནི་འདི་ནས་འདིར་སྤོ་དགོས་ཡས་ག་རེ་བྱས་པ་རེད།
  • བཅའ་འདྲི་ཞུ་ཡུལ་
    ག་པར།
  • བཅའ་འདྲི་བ་
    འདི་ནས་ཡར་སྤོ་དགོས་ཡས།
  • བཅའ་འདྲི་ཞུ་ཡུལ་
    ཡར་ཨེ།
  • བཅའ་འདྲི་བ་
    འོ་ལ་ན་ནིང་སྤོས་པ་རེད་གསུངས་ཀྱི་འདུག་ཀ་ལ།
  • བཅའ་འདྲི་ཞུ་ཡུལ་
    ཨ་ལས་ན་ནིང་ད་ཁང་པ་ཤན་འཛུགས་བསྐྲུན་རྒྱ་ཆེ་རུ་བཏང་ཡས་ཡིན་ན་འདྲ་ང་ཚོ་འགང་ག་གནས་སྤོས་བྱེད་ཡས་
  • བཅའ་འདྲི་ཞུ་ཡུལ་
    ང་ཚོའི་ཁང་པ་ལ་ཀུང་ཁྲི་ཚད་ཞེ་པོ་བྱས་སོང་ལ།
  • བཅའ་འདྲི་བ་
    ཨ་ནི་འདིར་སྤོས་བྱས་སྤྲོ་བྱུང་ངས་སྔོན་མ་མ་གིར་བཞུགས་དུས་སྤྲོ་བ་འདུག་གས།
  • བཅའ་འདྲི་ཞུ་ཡུལ་
    ད་ལྟ་ཁྱད་སེ་ཞེ་དྲག་མིན་འདུག
  • བཅའ་འདྲི་བ་
    ཐག་ཉེ་པོ་རེ་པ་ལ།
  • བཅའ་འདྲི་བ་
    པཱ་ལགས་པཱ་ལགས་ཁྱེད་རང་ད་ཨེ་ལྷ་རྒྱ་རིའི་ཞོལ་འདིར་འཁྲུངས་པ་རེད་པ་ལགས་
  • བཅའ་འདྲི་བ་
    འཁྲུངས་གནང་དུས་ཁྱེད་རང་འདི་ཁར་འཚར་ལོངས་བྱུང་གནང་པ་རེད་འདིའི་རྒྱུད་ལ་བག་ཆགས་གང་འདྲས་ར་གཅིག་འདུག་
  • བཅའ་འདྲི་བ་
    སྔོན་མ་ཡུལ་གྱི་བཀོད་པ་གཅིག་ཡོད་རེད་པ་ལགས་ད་ཁྱེད་རང་གི་ཐུགས་ལ་ཡ་ཐུགས་སྣང་ལ་ཡ་
  • བཅའ་འདྲི་བ་
    ཡུལ་འདི་ད་ཨེ་ལྷ་རྒྱ་རིའི་ཕོ་བྲང་ཡིན་ནའི་རེད་ཁྱེད་རང་གི་གཟིམས་ཁང་ཡིན་ནའི་རེད་
  • བཅའ་འདྲི་བ་
    ཕར་ཚུར་འབྲེལ་བ་ཉེ་པོ་རེད་པ་ཐག་ཉེ་པོ་སོང་ཙ་ཨ་ནི་སྐབས་འདི་དུས་ཀྱི་ད་
  • བཅའ་འདྲི་བ་
    ཡུལ་འདིའི་ཁུལ་ལ་ཡ་ཨ་ནི་ལོ་གཅིག་ནང་ལ་ཡར་ཨ་ནི་ལོ་གསར་ཡིན་ནའི་རེད་
  • བཅའ་འདྲི་བ་
    ཡང་དབྱར་སྲོལ་ཡིན་ནའི་རེད་དུས་ཆེན་དེ་འདྲས་ཡོད་རེད་པ་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ཡོད་རེད་པ་ལ་
  • བཅའ་འདྲི་བ་
    སྐབས་འདི་དུས་ཁྱེད་རང་གི་གཅིག་ཐུགས་དྲན་པ་གཅིག་གང་འདྲས་ར་གཅིག་འདུག་གཅིག་གསུངས་གནང་ན་ཡོང་གི་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ད་དྲན་པ་གང་གང་བཞུ་དགོས་པ་ཞུ་ཡས་སེ་མིན་འདུག་ག་ལ།
  • བཅའ་འདྲི་བ་
    པཱ་ལགས་ཁྱེད་རང་ད་འདུག་སེ་ཡར་ད་ལྟ་བར་དུ་གོང་ལོ་འདི་བར་དུ་ས་ཆ་འདིར་བཞུགས་པ་རེད་པ་ལ་
  • བཅའ་འདྲི་བ་
    ལྷག་པར་དུ་སྐབས་འདི་དུས་ད་ཨེ་ལྷ་རྒྱ་རིའི་ད་དེ་བར་མཛད་སྒོ་ཆེན་པོ་དང་གཅིག
  • བཅའ་འདྲི་ཞུ་ཡུལ་
    མཛད་སྒོ་ད་ཞེ་དྲག་ཚོགས་ཀྱི་རེད་དེ་བར།
  • བཅའ་འདྲི་བ་
    མཛད་སྒོ་ལོ་གཅིག་ལ་མཛད་སྒོ་ག་རེ་ག་རེ་ཡོད་རེད་དེ་འདྲས་ཀྱི་ཐུགས་དྲན་པ་
  • བཅའ་འདྲི་བ་
    ཁག་གཅིག་གསུངས་ན་ཡོང་གི་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    མཛད་སྒོ་ཨ་ལས་བོད་ཟླ་དང་པོའི་ཚེ་པ་བཅོ་ལྔ་བཅུ་དྲུག་ལ་འཆམ་ཉི་མ་གསུམ་ཡོད་རེད་དགོན་པ་ཁ་ཤས་ཕྱོགས་ནས་ཡོང་།
  • བཅའ་འདྲི་བ་
    ཨེ་ལྷ་རྒྱ་རིའི་ཁུངས་གཏོགས་ཀྱི་དགོན་པ་དགུ་ནས་རེད་པཱ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ།
  • བཅའ་འདྲི་བ་
    འོ་ལགས་སོ་ཨ་ནི་དེ་དུས་གྲ་རྒྱས་པོ་ཞེ་པོ་མེད་འགྲོ
  • བཅའ་འདྲི་ཞུ་ཡུལ་
    གྲ་རྒྱས་པོ་ཡོད་རེད་ལ།
  • བཅའ་འདྲི་བ་
    གཅིག་རྒྱས་ལོས་ར་གཅིག་གང་འདྲས་ར་གཅིག་ཡོད་ན་གཅིག་གསུངས་གནང་དང
  • བཅའ་འདྲི་ཞུ་ཡུལ་
    འཆམ་འདི་ཚོ་ཞེ་དྲག་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་མི་སེར་འདི་ཚོ།
  • བཅའ་འདྲི་ཞུ་ཡུལ་
    མི་སེར་བལྟས་མོ་ལྟ་མཁན་ཡང་གྲོང་མི་ཞེ་དྲག་སླེབས་ཀྱི་རེད་འདིའི་ནང་ལ་བདག་བདག་ཁེངས་ཀྱི་རེད།
  • བཅའ་འདྲི་བ་
    ཨེ་ཁུལ་གྱི་རེད་པས་ལ་འགང་ག
  • བཅའ་འདྲི་ཞུ་ཡུལ་
    ཨེ་ཁུལ་རེད།
  • བཅའ་འདྲི་བ་
    ཨ་ནི་འདི་འཆམ་འཁྲབ་དུས་ཕོ་བྲང་ནང་ལོག་ལ་འཁྲབ་ཀྱི་རེད་པས་ག་གི་ཙ་འདིར་འཁྲབ་ཀྱི་རས།
  • བཅའ་འདྲི་ཞུ་ཡུལ་
    རྡོ་བཅལ་འདིའི་སྒང་འཁྲབ་ཀྱི་རེད།
  • བཅའ་འདྲི་བ་
    ཨ་ལས་ཕོ་བྲང་གི་རྡོ་བཅལ་འདི་སྒང་།
  • བཅའ་འདྲི་ཞུ་ཡུལ་
    རི་མོ་ཡོད་ས་འདིའི་སྒང་ད་ལྟ་ད་བཙོག་པ་ཆགས་པ་མ་ཞེན་རི་མོ་གསར་པ་དེ་འདྲས་ཡོད་མ་རེད་གཙང་མ་ཞེ་དྲག་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་མི་སེར་ཚང་མ་ཨེ་ལྷ་རྒྱ་རིའི་མི་སེར་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ཨེ་ལྷ་རྒྱ་རིའི་གཅིག་པོ་མ་རེད་ད་ད་ཕྱིན་སྔོན་ལ་བཀའ་མོལ་བྱུང་སོང་ང་
  • བཅའ་འདྲི་ཞུ་ཡུལ་
    ཤར་ལྷོ་ཤར་བྱང་དེ་ཚོ་གསུམ་བགོ་ཤ་རྒྱབ་བྱས་ཆེན་པོ་ཟེར་སོ་སོ་རྫོང་བཟོ་འདྲ་ཟིན་བསྡད།
  • བཅའ་འདྲི་བ་
    འདིའི་ཁུལ་གྱི་མི་སེར།
  • བཅའ་འདྲི་ཞུ་ཡུལ་
    འོ་འདིའི་ཁུལ་གྱི་མི་སེར་དེ་ཕྱིན་ཁུངས་སོ་སོའི་མི་སེར་ཡོད་རེད་སོ་སོའི་མི་སེར་མི་སེར་ཆོག་ཏོ་རེད།
  • བཅའ་འདྲི་བ་
    ཨ་ནི་སྐབས་དེ་དུས་ཕོ་བྲང་ནང་ལོག་གི་ད་ཁྲི་ཆེན་དང་ད་ག་ཁོ་རང་གི་ལྕམ་དང་
  • བཅའ་འདྲི་བ་
    གཅིག་གཟིགས་མོར་ཕེབས་ཀྱི་རེད་པ་ཕེབས་དུས་ཨ་ནི་གང་འདྲས་བཟོ་འདྲ་གཅིག་
  • བཅའ་འདྲི་བ་
    མཛད་སྒོ་འདི་སྔོན་ལ་གང་འདྲས་སེ་ཚོགས་ཀྱི་རས།
  • བཅའ་འདྲི་བ་
    ལྕང་ཀའི་རྩེ་ཡ་ནས་མར།
  • བཅའ་འདྲི་བ་
    ལའོ།
  • བཅའ་འདྲི་ཞུ་ཡུལ་
    ལྕང་ཀའི་རྩེ་ཡ་ནས་མར་གཟིགས་ཀྱི་རེད།
  • བཅའ་འདྲི་བ་
    ཐོག་མར་ཚོགས་དུས་ཁོང་ཚོ་ཕེབས་ནི་ཚོགས་གི་རའི་ཡང་གང་འདྲས་སེ་བྱེད་ཀྱི་རེད།
  • བཅའ་འདྲི་ཞུ་ཡུལ་
    ཨ་ལའི་ཁོ་རའི་དུས་ཚོད་སླེབས་ན་འགོ་ཚུགས་ཀྱི་རེད།
  • བཅའ་འདྲི་བ་
    དུས་ཚོད་ག་འདྲས་སེ་བྱས་རྩི་གི་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    དུས་ཚོད་དེ་ཞོགས་པས་མི་ཁ་ཤས་ཐག་རིང་པོ་ནས་ལ་བརྒྱབ་སླེབས་ཡོང་དགོས་འབའ།
  • བཅའ་འདྲི་བ་
    ལགས་སོ།
  • བཅའ་འདྲི་ཞུ་ཡུལ་
    ཁ་ཤས་ནི་ནང་ཐག་ཉེ་པོ་ར་དེ་འདྲས་ནས།
  • བཅའ་འདྲི་བ་
    ཨ་ནི་སྐབས་དེ་དུས་མི་སེར་སྒང་ཀ་འཛོམ་དུས་མི་འབོར་ག་ཚོད་ཙམ་ཡོད་འགྲོའོ།
  • བཅའ་འདྲི་ཞུ་ཡུལ་
    ཨ་མོ་མི་འབོར་ལ་ཏ་གང་རྡོ་བཅལ་དེ་གང་གང་ཡོད་རེད།
  • བཅའ་འདྲི་བ་
    རྡོ་བཅལ་དེ་ཆ་ཚང་ཁང་གི་རེད་རེ་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    ཨ་ནི་ཨོའི་མཛད་སྒོ་དེ་མིན་པའི་གཞན་དག་ག་རེ་ཡོད་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    མཛད་སྒོ་ད་ད་དེ་ནས་གཞན་དག་གི་ཅ་ཨ་ཡོད།
  • བཅའ་འདྲི་བ་
    དཔེ་ཆ་བཞག་ན་ཁྲི་སྲོལ་གྱི་མཛད་སྒོ་དེ་ག་དུས་ཚོགས་ཀྱི་རེད།
  • བཅའ་འདྲི་ཞུ་ཡུལ་
    ཁྲི་སྲོལ་མཛད་སྒོ་ཁྲི་སྲོལ་ཁྲི་གཅིག་ཡར་བཞེངས་ན་དེ་ནི་ཁྲི་སྲོལ་མཛད་སྒོ་ཚོགས་པ་མ་ཏོག་
  • བཅའ་འདྲི་ཞུ་ཡུལ་
    རྒྱུན་གཏན་ཁྲི་སྲོལ་མཛད་སྒོ་ད་ཀ་ད་ཀའ་མི་འདུགས་ཀ་ལ།
  • བཅའ་འདྲི་བ་
    འོ་རེད་པ་ལ། རེད་རེད།
  • བཅའ་འདྲི་ཞུ་ཡུལ་
    ད་གསར་པ་དེ་ཡར་ཚུགས་བཙུགས་ནི་ཁྲི་སྲོལ་བྱས།
  • བཅའ་འདྲི་བ་
    ཨ་ནི་དེའི་ཁྲི་སྲོལ་བྱེད་དུས་ཕར་ཚུར་དེ་བྱེ་ཡོད་རེད་པ་ལ་བརྗེ་ལན་བྱེ་ཡོད་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    དེ་གང་འདྲས་སེ་ར་བྱེ་བྱེད་ཀྱི་རེད་ཁྱེད་རང་གཟིགས་མྱོང་ཡོད་པས།
  • བཅའ་འདྲི་ཞུ་ཡུལ་
    མེད་ལ།
  • བཅའ་འདྲི་ཞུ་ཡུལ་
    རྟེ་འདྲེན་བྱས་པ་དེ་མ་ཏོག་གཞན་གཞན་རྗེས་ཞག་ལ་མི་གཞས་ཀྲོ་པོ་གཞས་པ་གཞས་མ་དེ་འདྲས་ཀོང་རྟེ་འབྲེལ་བྱས་བྱས་འོང་།
  • བཅའ་འདྲི་བ་
    རྟེ་འབྲེལ་བྱེད་དུས། གཞས་པ་གཞས་མ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཡོད་རེད་ལ།
  • བཅའ་འདྲི་བ་
    དེ་ཀྱས་ག་ནས་སླེབས་ཀྱི་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ཁ་ཤས་འདི་ཀ་ཕར་ཡོད་རེད་ཁ་ཤས་ཐག་རིང་པོ་ནས་ཡོང་ཡོང་ལ།
  • བཅའ་འདྲི་ཞུ་ཡུལ་
    བྲོ་བསླབ་ཉན་དེ་འདྲས་ཡོད་རེད་ལ་གཞས་སླབས་ཉན་དེ་འདྲས་ཡོད་རེད།
  • བཅའ་འདྲི་བ་
    ང་ཚོའི་བརྒྱུད་ལ་ཡ་ས་ཁུལ་འདིའི་བརྒྱུད་ལ་ཡ་གཞས་ཆེན་དེ་དར་གསོ་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དར་གསོ་ཡོད་རེ་ད། ལོ་གསར་ལ་གཞས་ཆེན་སྦྱངས་དགོས་རེད་འདིའི།
  • བཅའ་འདྲི་བ་
    སྐབས་དེ་དུས།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    དེང་སང་།
  • བཅའ་འདྲི་ཞུ་ཡུལ་
    དེང་སང་ད་གཞས་ཆེན་སྦྱངས་ཉན་མི་འདུགས་ད།
  • བཅའ་འདྲི་བ་
    དེང་སང་དཔེ་ཆ་བཞག་ན་རྟེ་འབྲེལ་མི་ཚང་གཅིག་གི་ནང་ལོགས་ལ་ཡ་སྣ་མ་བསུས་པ་ཡིན་ནའི་རེད་
  • བཅའ་འདྲི་བ་
    ཡང་མིན་ན་མག་པ་བསུས་པ་ཡིན་ནའི་རེད་དེ་འདྲས་སྐབས་ལ་ཡ་ཨ་ནི་རྟེན་འབྲེལ་བྱེད་དུས་
  • བཅའ་འདྲི་བ་
    སྔོན་མའི་ལུགས་སྲོལ་འདྲ་པོ་བྱེད་ཀྱི་རའི་ཡང་མིན་ན་གང་འདྲས་སེ་བྱེད་ཀྱི་ཡོད་ན།
  • བཅའ་འདྲི་ཞུ་ཡུལ་
    སྔ་མའི་ལུགས་སྲོལ་ད་ཀ་བྱས་ཡང་།
  • བཅའ་འདྲི་བ་
    སྔ་མའི་ལུགས་སྲོལ་གང་འདྲས་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ཨ་ནི་གཞས་རྒྱག་ཡས་དང་གཞས་སྒོར་གཞས་རྒྱག་ར་པོ། དེ་འདྲས་རྒྱག་ན་ལ།
  • བཅའ་འདྲི་བ་
    ཨ་ནིའི་་་་ང་ཚོ་འདིའི་ཁུལ་ལ་ཡ་དཔེ་ཆ་བཞག་ན་ད་ཨོང་་་་ཡུལ་སྲོལ་དེ་འདྲས་ཡོད་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    ཡུལ་སྲོལ་ར་པོ་ག་རེ་ག་རེ་ཡོད་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ཡུལ་སྲོལ་གཞས་ནི་མང་ཆེ་བ་སྒོར་གཞས་རེད་ཆེ་ཆུང་སྣ་ཚོགས།
  • བཅའ་འདྲི་ཞུ་ཡུལ་
    ཆེ་བ་དེ་སྒོར་གཞས་བྱས་ཆུང་བ་དེ་ཡང་གླུ་ཆུང་ཟེར་ཉན་དེ་འདྲས་གླུ་ག་ས་གང་ནས་གཏོང་ཡས་ཀྱི་བཟོ་འདྲ་གཞས་རྒྱག་དགོས་པ།
  • བཅའ་འདྲི་བ་
    ཨ་ནི་ཡུལ་གྱི་ལྷ་གསོལ་ཡས་ཅིག་ཡོད་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    དེ་ལྷ་གསོལ་ཡས་དེ་མི་སེར་གྱིས་གསོལ་ཀ་འགྲོ་དུས་གང་འདྲས་བྱེད་ཀྱི་ཡོད་ན།
  • བཅའ་འདྲི་བ་
    ལོ་རེའི་དུས་ཚོད་ར་པོ་ག་གིའི་གསོལ་གྱི་ཡོད་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ལྷ་གསོལ་ཡས་ལ་ཚད་སེ་ཅ་ཡོད་པ་མ་རེད། ཟླ་བ་རེ་རེ་ལ་གསོལ་མཁན་ཁ་ཤས།
  • བཅའ་འདྲི་བ་
    ཚེས་བཟང་དུས་བཟང་ལ་གསོལ་ཀ་འགྲོ་གི་ཡོད་པ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་། འགྲོ་གི་ཡོད་རེད།
  • བཅའ་འདྲི་བ་
    ང་ཚོའི་འདིའི་བརྒྱུད་ཀྱི་ཨ་ནི་སྲུང་མ་ག་རེ་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ག་པར།
  • བཅའ་འདྲི་བ་
    ཨེའི་བརྒྱུད་ཀྱི།
  • བཅའ་འདྲི་ཞུ་ཡུལ་
    རོང་ལོ་རྒྱལ་མཚན་ཟེ་ཨེ་རང་གི་བསྡོམས་ནི་བྱས་ན་རོང་ལ་རྒྱལ་མཚན་ཟེར་ཉན་དེ་རེད།
  • བཅའ་འདྲི་བ་
    རོང་ལྷ་རྒྱལ་མཚན།
  • བཅའ་འདྲི་ཞུ་ཡུལ་
    འོང་། སྔོན་མ་ནའི་ཕོ་བྲང་གི་རྩེ་དེར་ཡོད་རེད་ལྷ་ཁང་དེ།
  • བཅའ་འདྲི་བ་
    ཕོ་བྲང་གི་རྩེ་དེར་ལྷ་ཁང་དེ་ཡོད་རེད་པས། ཡུལ་ལྷའི།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    ཨ་ནི་ནམ་རྒྱུན་མི་སེར་གྱི་ལྷ་དེ་གསོལ་དུས་ག་པར་གསོལ་ཀ་འགྲོ་དགོས་རེད།
  • བཅའ་འདྲི་ཞུ་ཡུལ་
    ཡང་འོ་ལུང་པ་སོ་སོའི་ད་བག་ལྷ་གསོལ་ཆུང་ཆུང་དེ་འདྲས་ཡོད་རེད།
  • བཅའ་འདྲི་བ་
    བསྡོམས་ར་དེར་རོང་ལྷ་རྒྱལ་མཚན་ཟེར་གྱི་རེད་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་རོང་ལྷ་རྒྱལ་མཚན་ཟེར་གྱི་རེད།
  • བཅའ་འདྲི་བ་
    ཨ་ནི་སྔོན་མ་ཨོང་ཕོ་བྲང་གསར་རྙིང་གཉིས་ཀྱི་གཡས་གཡོན་ལ་ཡ་ཕོ་དགོན་ཅིག་དང་མོ་དགོན་ཅིག་འདུག་ཀ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    མོ་དགོན་དེ་ཤར་ལ་རེད་པ། ཨ་ནི་ག་ཚོད་ཙམ་ཞིག་ཡོད་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ཨ་ནི་ཉི་ཤུ་ལྷག་ཙམ་ཞིག་ལས་ཡོད་པ་ཨ་ཡིན། ཞི་ཀྲ་ཡོད་པ་མ་རེད།
  • བཅའ་འདྲི་བ་
    གྲུབ་མཐའ་གང་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    གྲུབ་མཐའ་ད་གང་ཡིན་ན།
  • བཅའ་འདྲི་བ་
    དགེ་ལུགས་རའི།
  • བཅའ་འདྲི་ཞུ་ཡུལ་
    དགེ་ལུགས་རེད་དགེ་ལུགས།
  • བཅའ་འདྲི་བ་
    དགེ་ལུགས་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དགེ་ལུགས་རེད་ལ།
  • བཅའ་འདྲི་བ་
    ཕ་སྣང་ངོས་ཀྱི་ཡང་ཕོ་དགོན་ཞིག་འདུག་ཀ།
  • བཅའ་འདྲི་ཞུ་ཡུལ་
    འོ་དེ་ད་ཀི་གི་ཁོང་ཚོ།
  • བཅའ་འདྲི་བ་
    ནུབ་ངོས་ཕྱོགས་དེར་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    ཁོང་ཚོ་རེད་ཁོང་ཕེབས་ཡས་དེ།
  • བཅའ་འདྲི་བ་
    འོ་ཏག་ཏག
  • བཅའ་འདྲི་བ་
    ཕོ་དགོན་དེ་ལ་ཡ།
  • བཅའ་འདྲི་ཞུ་ཡུལ་
    དགེ་ལུགས་དགེ་ལུགས་རེད་འོ་དའི།
  • བཅའ་འདྲི་བ་
    སྐུ་ཤོག་ག་ཚོད་ཙམ་ཞིག་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    དེང་སང་ཨས།
  • བཅའ་འདྲི་བ་
    མ་རེད་སྐབས་དེ་དུས།
  • བཅའ་འདྲི་ཞུ་ཡུལ་
    སྔོན་མ་དྲུག་ཅུ་བདུན་ཅུ་བྱེ་ཡོད་ན།
  • བཅའ་འདྲི་བ་
    དྲུག་ཅུ་བདུན་ཅུ་བྱེ་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་ཞི་ཀྲ་ཞི་ཀྲ་ཡོད་པ་མ་རེད།
  • བཅའ་འདྲི་བ་
    ཕོ་དགོན་མོ་དགོན་གཉིས་ཀ་གི་ད་དགོན་པ་དེ་གཉིས་ཀྱི་དེ་ཕོག་ཐོབ་བྱེ་ཡོད་རེད་པ་
  • བཅའ་འདྲི་བ་
    དེ་ཕོ་བྲང་གི་རྒྱག་གི་རེད་པའི་ཡང་མིན་ན་གང་འདྲས་སེ་གཞུང་དགོན་ཁོངས་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དེ་དགོན་པ་སོ་སོས་སོ་སོས་སོ་སོའི་དེ་སོ་སོས་བྱེད་ཀྱས།
  • བཅའ་འདྲི་ཞུ་ཡུལ་
    ཡོང་འབབ་ཡོད་ནའི་སོ་སོས་བྱས་འགྲོ་སོང་གཏོང་དགོས་ནའི་སོ་སོ་དགོན་པས་བཏང་།
  • བཅའ་འདྲི་ཞུ་ཡུལ་
    དཔོན་པོ་འདི་ཚོ་ཡང་མར་ཕྱིན་ནི་མཇལ་ཀ་ཕྱིན་ལྷ་གསོལ་ཀ་ཕྱིན་ན་ག་ཚོད་གཏེར་ཡས་ཡོད་ནའི་གཏེར་གྱི་རེད།
  • བཅའ་འདྲི་ཞུ་ཡུལ་
    དེང་སང་དང་གཅིག་པ་རེད་ད།
  • བཅའ་འདྲི་བ་
    ཨ་ནི་ང་ཚོའི་ཨེ་ཁུལ་ལ་ཡ་སྔོན་མ་ནས་ཨ་ནི་ཨོང་་་་རྩེ་ལ་ཡ་ཆ་བཞག་པ་ཡིན་ན་དབུ་ཅན་ཡི་གེ་འབྲི་ཉན་ཡོང་གི་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་འོང་།
  • བཅའ་འདྲི་བ་
    ཨེ་ཕྲུག་སེ་བྱས་ཡོང་གི་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    དེ་ཨེ་ཞོལ་ནས་ཡོང་གི་ཡོད་རེད་ག་ནས་ཡོང་གི་ཡོད་རེད་ཨེ་ཁུལ་གྱི།
  • བཅའ་འདྲི་ཞུ་ཡུལ་
    ཨེ་བྱས་ན་ཕ་བས་ཀླུང་ཟེར་ས་ངོགས་ཕ་བག་ཅིག་ལ་ནུ་ཀ་ཨེ་ཕྲུག་གཅིག
  • བཅའ་འདྲི་བ་
    དགེ་རྒན།
  • བཅའ་འདྲི་ཞུ་ཡུལ་
    དགེ་རྒན་ཟེར་དགོས་རའི་སྔོན་མ་བྱས་ན་དེ་འབྲི་ཉན་ཟེར་དགོས་རེད།
  • བཅའ་འདྲི་བ་
    ལུང་པ་ཅིག་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཀླུང་ཟེར་ས་ངོགས་ཕ་བག་རེད།
  • བཅའ་འདྲི་བ་
    ཀླུང་ཟེར་ས་དེར།
  • བཅའ་འདྲི་ཞུ་ཡུལ་
    འོང་ཀླུང་ཟེར་ཡས་ལུང་པ་དེ་ལ་ཨེ་ཕྲུག་ཨེ་ཕྲུག་ཟེར་ཡས་བྱེ།
  • བཅའ་འདྲི་བ་
    འོ་དེ་ནས་དོན་གྱི་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་དེ་ནས་མི་ཡོང་གི་ཡོད་རེད། ལྷ་ས་ཞོལ་ལ་ཨེ་ཕྲུག་ཡོང་ནི་ཟེ་།
  • བཅའ་འདྲི་བ་
    འོ་རེད་རེད།
  • བཅའ་འདྲི་ཞུ་ཡུལ་
    ཞོལ་སློབ་གྲྭར།
  • བཅའ་འདྲི་བ་
    འོ་རེད། དེ་ཀླུང་ཟེར་ཡས་དེ་ནས་དོན་གྱི་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་ཀླུང་ཟེར་ཡས་དེ་ནས་ང་ཚོའི་ད་ལྟ་བྱས་ན།
  • བཅའ་འདྲི་བ་
    ཨ་ནི་ང་ཚོ་འདིའི་ཁུལ་ལ་ཡ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཕ་གིར་ཡི་གེ་ད་ཡོད་འབའ།
  • བཅའ་འདྲི་བ་
    ཨ་ནི་ང་ཚོ་ཨེ་ཁུལ་ལ་ཡ་ཤིང་བཟོ་མིན་པའི་གསེར་བཟོ་དངུལ་བཟོ་ལྕགས་བཟོ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཡོད་རེད་ཡོད་རེད།
  • བཅའ་འདྲི་བ་
    དེང་སང་།
  • བཅའ་འདྲི་ཞུ་ཡུལ་
    དེང་སང་ལྕགས་བཟོ་ཡོད་པས་མ་ཏོག་གསེར་བཟོ་བྱེད་ཉན་དངུལ་བཟོ་བྱེད་ཉན་མི་འདུག
  • བཅའ་འདྲི་བ་
    བྱེད་ཉན་མི་འདུག་ཀས་ལ།
  • བཅའ་འདྲི་ཞུ་ཡུལ་
    མི་འདུག འབས་སྟོང་ཞག་ད།
  • བཅའ་འདྲི་བ་
    གསེར་བཟོ་དངུལ་བཟོ་བྱེད་ཉན་སྒང་ཀ་འབས་སྟོང་ཚར་པ་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    འབས་སྟོང་ཚར་བ་རེད།
  • བཅའ་འདྲི་བ་
    དེའི་སྔོན་ལ་ཡ་སྐད་གྲགས་ཆེན་པོ་དེ་འདྲས་ཡོད་འགྲོ།
  • བཅའ་འདྲི་ཞུ་ཡུལ་
    སྐད་གྲགས་ཆེན་པོའི་ཡོད་རེད།
  • བཅའ་འདྲི་བ་
    ཨ་ནི་རི་མོ་འབྲི་ཡས་དེའི་ཡང་།
  • བཅའ་འདྲི་ཞུ་ཡུལ་
    རི་མོ་འབྲི་ཉན་ཡག་འོ་ཡོད་རེད་ད་ལུང་པ་འདིའི་ནང་ལ།
  • བཅའ་འདྲི་ཞུ་ཡུལ་
    ཨེ་རིས་སེ་བྱས་ནི།
  • བཅའ་འདྲི་བ་
    ཨེ་རིས་སེ།
  • བཅའ་འདྲི་ཞུ་ཡུལ་
    འོང་གཞན་དག་གིས་ཀྱང་མཐོང་ཆེན་པོ་བརྩི་གིས་ཨེ་རིས་རག་རིས་ཟེར་ཡས་ཁོང་ཚོ།
  • བཅའ་འདྲི་བ་
    ང་ཚོ་ལུང་པ་འདིའི་བརྒྱུད་ནས་སྐད་གྲགས་ཆེན་པོ་དེ་འདྲས་མཁྱེན་གྱི་ཡོད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་ཡོད་རེད་འདི་ནས་འདི་བག་ཆུ་འགག་ཟེར་ས་འདི་བག་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    འདི་བག་ཡོད་རེད་དིས་ད་དྲན་ཅག་མི་ནུ་མི།
  • བཅའ་འདྲི་བ་
    ད་ལྟ་ལག་རྒྱུན་ཡོད་པའི་དགོངས་ལོ་བགྲེས་པོ་དེ་འདྲས་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    དགོངས་ལོ་བགྲེས་པོ་ཅ་མི་འདུག་ཀ་ད།
  • བཅའ་འདྲི་བ་
    ཨ་ནི་ཨེ་ལ་ཡ་ཨེ་ལྷ་རྒྱ་རི་དེ་ལ་ཡ་འབྲོག་ལས་ཤུགས་ཆེ་གི་རའི་ཞིང་ལས་ཤུགས་ཆེ་གི་རའི་ལ།
  • བཅའ་འདྲི་ཞུ་ཡུལ་
    ཞིང་ལས་ཤུགས་ཆེ་གི་རེད།
  • བཅའ་འདྲི་བ་
    ཞིང་ལས་ཤུགས་ཆེ་གི་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    ཞིང་ལས་དེ་གཙོ་བོ་གྲོང་ཚོ་ག་གི་ག་གི་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    གང་ས་གང་ལ་རེད་ཏ།
  • བཅའ་འདྲི་བ་
    རྒྱ་ཆེན་པོ་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    གོང་དཀར་ཆུས་དེ་ཀྱས་སྒང་ཀའི་མངའ་འོག་དེ་རེད་མང་ཆེའི།
  • བཅའ་འདྲི་བ་
    ད་ལྟ་ཆུ་གསུམ་རྫོང་ཟེར་ཡས་དི་ཀིའི་ནང་ལོག་གོ་ཞིང་ལས་བྱེད་ཉན་མང་ཆེའི་
  • བཅའ་འདྲི་བ་
    ཨེ་ལྷ་རྒྱ་རིའི་ཁོངས་ཏོགས་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    འབྲོག་པ་མང་པོ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    འབྲོག་པའི་ཨོ་ཙམ་ར་བྱེ་ཡོད་རེད་ད།
  • བཅའ་འདྲི་བ་
    དེ་ནས་ཡར་བྱས་པ་ཡིན་ན་སྤོ་ཐང་ལ་ཟེར་ཡས་བྱེ་འདུག་དེ་
  • བཅའ་འདྲི་བ་
    སྤོ་ཐང་ལ་ཟེར་ཡས་དེ་གང་འདྲས་སེ་གཅིག་ངོས་འཛིན་དགོས་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    སྤོ་ཐང་ལ་ཟེར་ཡས་དེ་ཨེ་དག་ལ་གམ་པོ་ཟེར་ས་དེ་ན་དགོན་པ་གཅིག་ཡོད་རེད་
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་འདིའི་འདི་ཀིའི་ཐང་ལའི་ལྷ་ཁང་གཅིག་བྱས་ཡིན་ན་ཟེར་ད་ཆོས་ཀྱི་
  • བཅའ་འདྲི་ཞུ་ཡུལ་
    སྤུ་ཏི་དེ་སྤོ་ཐང་ལ་ལ་སྤུ་ཐང་ལ་ཟེར་ཡས་སྤུ་ཏྲི་ལ་ཟེར་གྱི་ཡོད་འབའ་ཟེར།
  • བཅའ་འདྲི་ཞུ་ཡུལ་
    ཆོས་པོ་ཏི་ཡར་དྲངས་ནི།
  • བཅའ་འདྲི་བ་
    ཆོས་པོ་ཏི་ཡར་དྲངས་ནི།
  • བཅའ་འདྲི་ཞུ་ཡུལ་
    འོང་འོང་དྲངས་ནི་གམ་པོ་ལ་གདན་འདྲེན་ཞུས།
  • བཅའ་འདྲི་བ་
    བྱས་ཙང་།
  • བཅའ་འདྲི་ཞུ་ཡུལ་
    སྤུ་ཏྲི་ལ།
  • བཅའ་འདྲི་བ་
    སྤུ་ཏྲི་ལ་ཟེ།
  • བཅའ་འདྲི་ཞུ་ཡུལ་
    ལ་ཡ་གིའི་རྩེ་ཡ་ན་ཁྱིའི་རྐང་རྗེས་བྱེ་ཡོད་རེད།
  • བཅའ་འདྲི་བ་
    སྤོ་ཐང་ལའི་སྒང་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་འོང་། བྲག་དཀར་པོ་ཞིག་གི་སྒང་དེར་ཁྱིས་ཆོས་མཉམ་དུ་ཡར་མཆོངས་དེ་ནི་འགྲོ་མ་ཐུབ་པ་བྱས་དེ་རྐང་རྗེས་ནུག་སེ་བྱས་ཀྱོག
  • བཅའ་འདྲི་བ་
    དག་ལ་སྒམ་པོ་ལ་ཡ་ཆོས་ཀྱི་པོ་ཏི་དེ་ཀྱས་དེ་ནས་མར་གདན་འདྲེན་ཞུས་པ་རེད་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    འོང་འདི་ནས་ཡར།
  • བཅའ་འདྲི་བ་
    ཨེ་ནས།
  • བཅའ་འདྲི་ཞུ་ཡུལ་
    ཨེ་ནས་གདན་འདྲེན་ཞུས་པ་རེད།
  • བཅའ་འདྲི་བ་
    བྱས་ཙང་ཨ་ནི་སྤོ་ཐང་ལ་ཟེ།
  • བཅའ་འདྲི་ཞུ་ཡུལ་
    འོང་སྤུ་ཏྲི་སྤུ་འདྲེན་ལ་ཟེར་གྱི་འབའ་ཟེར། སྤུ་འདྲེན་ལ།
  • བཅའ་འདྲི་བ་
    སྤུ་འདྲེན་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    སྤུ་འདྲེན་ལ།
  • བཅའ་འདྲི་ཞུ་ཡུལ་
    ཨ་ནི་ང་ཚོ་ཁོ་ར་ཁ་སྐད་སྤུ་ཐང་ལ་སྤུ་ཐང་ལ་བྱས་པས་མ་ཏོག
  • བཅའ་འདྲི་བ་
    ཁ་སྐད་ལ་ཡ་སྤོ་ཐང་སྤོ་ཐང་ལ་ཟེ་ཆག་པ་རེད་ཟེ།
  • བཅའ་འདྲི་ཞུ་ཡུལ་
    འོང་ཟེ།
  • བཅའ་འདྲི་བ་
    ངོ་མ་དེ་བྱས་ན་སྤུ་འདྲེན་ལ་ཟེ།
  • བཅའ་འདྲི་ཞུ་ཡུལ་
    སྤུ་འོང་ཆོས་སྤུ་ཏི།
  • བཅའ་འདྲི་བ་
    ཡར་འདྲེན་གདན་འདྲེན་ཞུས་པ་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་དེ་འདྲས་རེད།
  • བཅའ་འདྲི་བ་
    ཨོའོ་་་་་།
  • བཅའ་འདྲི་བ་
    ཨ་ནི་ང་ཚོ་འདི་ནས་འོ་དེ་གུང་རྒྱལ་ཟེ་ལྷ་རི་དེ་མཇལ་གྱི་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    འདི་ནས་མཐོང་གི་མ་རེད་ཡར་ཙམ་ཡ་ནས་ལྷ་རི་དེ།
  • བཅའ་འདྲི་བ་
    གང་འདྲ་ར་བྱེ་ཡོད་རེད། ཁྱེད་རང་ཕེབས་མྱོང་ཡོད་པས།
  • བཅའ་འདྲི་བ་
    ང་འགྲོ་མྱོང་མེད་རི་ཁོ་ར་མཐོང་བ་མ་ཏོག
  • བཅའ་འདྲི་བ་
    གཟིགས་སྣང་དུས་གང་འདྲ་ཞིག་འདུག་ལ།
  • བཅའ་འདྲི་ཞུ་ཡུལ་
    བདེན་དྲང་ནས་བྱས་ཐད་དགོས་འབའ།
  • བཅའ་འདྲི་བ་
    ལའོ།
  • བཅའ་འདྲི་ཞུ་ཡུལ་
    བདེན་དྲང་ལ་འོལ་ཁ་བདེན་དྲང་ནས་བྱས།
  • བཅའ་འདྲི་བ་
    འོལ་ཁ་བདེན་དྲང་ནས།
  • བཅའ་འདྲི་ཞུ་ཡུལ་
    བདེན་དྲང་བྱས་དུས་ལ་དེ་ནི་རི་སྐོར་བ་འདུག་སེ་བརྒྱབ།
  • བཅའ་འདྲི་བ་
    ཨ་ནི་འོལ་དེ་གུང་རྒྱལ་གྱི་དེའི་སྐོར་སྲུང་སྲོལ་དེ་འདྲས་པ་ལགས་ཀྱིས་གསན་མྱོང་ཡོད་པས་ལ།
  • བཅའ་འདྲི་བ་
    གསན་མྱོང་མེད་ལ་དེ་འདྲས།
  • བཅའ་འདྲི་བ་
    གསན་མྱོང་མེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    དྲན་ཐོགས་ལ་ཡ་གའི་མི་འདུག་ཀས་ལ།
  • བཅའ་འདྲི་ཞུ་ཡུལ་
    གལ་མི་འདུག་ལ།
  • བཅའ་འདྲི་བ་
    ཨ་ནི་ང་ཚོ་ཨེ་ལྷ་རྒྱ་རིའི་ལྷ་ཁང་ད་ཕོ་བྲང་དང་དེ་ཀྱས་གལ་པའི་སྒང་ལ་ཡར་བཞེངས་བཞག་
  • བཅའ་འདྲི་བ་
    ཨ་ནི་འོག་དེར་ས་ཆ་རྒྱ་ཆེན་པོ་འདུག་ཀ་འོག་ལ་མ་བཞེངས་པ་བྱས་སྒང་ལ་བཞེངས་དགོས་ཡས་ག་རེ་ཡིན་ན།
  • བཅའ་འདྲི་ཞུ་ཡུལ་
    ད་སྔོན་མ་དམག་གི་ཉེ་ན་ཁ་བྱས་གཡང་ཁའི་རྩེ་ལ་བཞེངས་པ་ཡིན་ཟེར་གྱི་འདུག་ཀ་བཤད་སྲོལ་ལ་མིའི།
  • བཅའ་འདྲི་བ་
    གཡང་ཁའི་རྩེ་ལ་བཞེངས་པ་རེད་ཟེ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    དགོན་པའི་མང་ཆེ་བ་འདི་བག་གཡང་ཁའི་སྒང་ལ།
  • བཅའ་འདྲི་ཞུ་ཡུལ་
    ཤོས་ལ་དགོན་པ་ཞི་ཀྲ་ཡོད་པ་མ་རེད་ཡ་པ་ཐང་ལ་ཁ་ཤས་བྱེ་མ་ཏོག
  • བཅའ་འདྲི་ཞུ་ཡུལ་
    དེའི་དགོན་པ་གཡང་ཁའི་ལོག་ལ་བྱས་བྱས་ཨ་ནི་ཡོད་རེད་བཀག་བསྡད།
  • བཅའ་འདྲི་ཞུ་ཡུལ་
    འོ་དུག་ཟེ་བཤོད་ཡས་ཁ་ཤས་འོ་དུག་སེ་རེད།
  • བཅའ་འདྲི་བ་
    ད་གཙོ་བོ་དམག་འགོག་ཡས་ཆེད་དུ་རེད་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་དུག་སེ།
  • བཅའ་འདྲི་བ་
    ལོ་རྒྱུས་སྒང་ལ་ཡ་པ་ལགས་ཐུག་ལ་ཡ་ད་གཅིག་བྱས་ན་དྲན་སྣང་སྣང་ཏོག་ཁ་པོ་རེད།
  • བཅའ་འདྲི་བ་
    ཨ་ནི་ང་ཚོ་ཨེ་དེ་ཨེ་ལྷ་རྒྱ་རིའི་དེ་གིའི་དམག་ནང་ལོག་ལ་ཞུགས་པའི་ལོ་རྒྱུས་དེ་འདྲས་གསན་གནང་མྱོང་ཡོད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    མེད་ལ།
  • བཅའ་འདྲི་བ་
    ད་ལྟ་དེའི།
  • བཅའ་འདྲི་ཞུ་ཡུལ་
    སྔོན་མ་རྒྱ་རི་སྲས་ཆུང་ཟེར་ཡས་བྱེ་དམག་ལངས་འབའ་ཟེར་ཡས་བྱེ་མ་ཏོག་གཞན་གོ་མྱོང་མེད།
  • བཅའ་འདྲི་བ་
    རྒྱ་རི་སྲས་ཆུང་ཟེར་ཡས་གཅིག་གི་སྐབས་ལ་ཡ།
  • བཅའ་འདྲི་ཞུ་ཡུལ་
    འོང་། འོ་དུག་སེ།
  • བཅའ་འདྲི་བ་
    དེ་དུས་ག་དུས་ཙམ་ཞིག་ཡིན་འགྲོ།
  • བཅའ་འདྲི་ཞུ་ཡུལ་
    ད་མི་ཏོག་གསུམ་ཙམ་ཅིག་གི་གོང་ལ་མིན་འགྲོ།
  • བཅའ་འདྲི་བ་
    མི་ཏོག་གསུམ་ཙམ་གྱི་གོང་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་། ཡ་གིའི་སྲས་ཆུང་དེ་ཐོན་ཁུངས་འདུ་ནས་འདྲ་ཡིན་ས་རེད། མི་ཚང་ནི་ཀའི་ཕྲུ་གུ།
  • བཅའ་འདྲི་བ་
    ཨེ་ལྷ་རྒྱ་རི་རང་གི
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    སྲས།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    ཨ་ནི་དམག་དེའི་སྐབས་དེའི་ཡར་ང་ཚོའི་ལྷ་རྒྱ་རིའི་མི་སེར་མང་པོ་མཉམ་དུ་ཕྱིན་པ་རེད་ཟེར་གྱིས་ཕྱིན་པ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    འོ་ཕྱིན་པ་རེད་ཟེར་འོང་།
  • བཅའ་འདྲི་བ་
    རྗེས་ལ་ལོག་ཡོང་མཁན་བྱུང་པ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ལོག་སེ་ཡོངས་ལེ་མ་དེ་ནི་དའི་གླིང་ཁར་ཕྲུ་གུ་ཨ་མི་ཟེར་ཡས་བྱེ་ཡོད་རེད་འོ་དེའི་སྲས་ཆུང་བྱེ་ཨབ་ཕྲུག་ལ་ཕྱིན་འབའ་ཟེར་ཡས་བྱེ་འདུག་ཀ
  • བཅའ་འདྲི་བ་
    ཚུར་ལོག་སླེབས་པ་རེད་རེད་པ་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    དམག་ཀོང་པོར་རྒྱབ་པ་རེད་ཟེར། ཞི་ཀྲ།
  • བཅའ་འདྲི་བ་
    ཀོང་པོར་དམག་བརྒྱབ་པ་རེད་སེ།
  • བཅའ་འདྲི་ཞུ་ཡུལ་
    ཀོང་པོར་དམག་ཞི་ཀྲ་བརྒྱབ་པ་རེད་ཟེར་ཡང་དེ་བག་ལྷ་སར་ཡང་ཕྱིན་པ་མིན་འགྲོ།
  • བཅའ་འདྲི་བ་
    ད་ལྟ་ང་ཚོ་དེ་ནས་ཡར་ཡོང་དུས་སྔོན་མ་འདིའི་བརྒྱུད་ལ་ཡ་བཀྲ་ཤིས་ཐང་ཟེར་གྱི་ཡོད་རེད་ཟེ།
  • བཅའ་འདྲི་ཞུ་ཡུལ་
    རི་བོ་བཀྲ་ཤིས་ཟེར།
  • བཅའ་འདྲི་བ་
    ཐང་དེའི་མིང་།ལའོ།
  • བཅའ་འདྲི་ཞུ་ཡུལ་
    ཐང་ཕེ་ལ།
  • བཅའ་འདྲི་བ་
    ད་ལྟ་འདིའི་བརྒྱུད་ཀྱི་ཐང་འདིའི་གཤམ་དེ་ནས་མར་ཐང་དེའི་མིང་ལ་ཡ་བཀྲ་ཤིས་ཐང་ཟེར་གྱི་རེད་སེ་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    བཀྲ་ཤིས་ཐང་ཟེར་ན། དཀར་པོ་ཐང་ཟེར་གྱི་རེད་ང་ཚོ་ཡར་དེ་བྱས་ན།
  • བཅའ་འདྲི་བ་
    ཡར་བྱས་ན་དཀར་པོ་ཐང་།
  • བཅའ་འདྲི་ཞུ་ཡུལ་
    ཕ་རུ་སྐྱུང་དཀར་ཐང་།
  • བཅའ་འདྲི་བ་
    སྐྱུང་དཀར་ཐང་།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    དེའི་གཤམ་དེར་བཀྲ་ཤིས་ཐང་།
  • བཅའ་འདྲི་ཞུ་ཡུལ་
    བཀྲ་ཤིས་ཐང་བཀྲ་ཤིས་ཐང་ཀ་ཟེར་ཡས་དེ་ཕ་ལེ་ཕར་ཕར་ཡོང་ང་ཡོད།
  • བཅའ་འདྲི་བ་
    ཨོ་འོང་།
  • བཅའ་འདྲི་བ་
    དེའི་གཤམ་དེར་ཐང་གཡས་གཡོན་ལ་ཡ་ཐང་རྒྱ་ཆེན་པོའི་དཀྱིལ་དེའི་ཡར་ཡུར་བུའི་བཟོ་འདྲ་ཞིག་དྲུས་བཞག་དེ།
  • བཅའ་འདྲི་ཞུ་ཡུལ་
    ག་པར།
  • བཅའ་འདྲི་བ་
    དེའི་གཤམ་དེར།
  • བཅའ་འདྲི་བ་
    ཏིང་རིང་པོ་ཞི་པོ་དྲུས་བཞག་ག་རེ་རེད་ལ།
  • བཅའ་འདྲི་བ་
    ཁ་ཤས་གསུངས་ཡས་བྱས་ན་དེའི་ནང་ལ་སྔོན་མ་ཨ་ནི་
  • བཅའ་འདྲི་བ་
    ཕོ་བྲང་ལ་ཡ་དམག་རྒྱག་ཡས་འགོག་ཡས་ཀྱི་ད་དེའི་ནང་ལ་ཆུ་བླུགས་ཞག་གི་ཡོད་རེད་ཟེ།
  • བཅའ་འདྲི་ཞུ་ཡུལ་
    ཨ་ལས་དེ་ཐོས་དེར་རེད།
  • བཅའ་འདྲི་བ་
    ཨ་ཐོས་ལ་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཐོས་ལ་རེད།
  • བཅའ་འདྲི་བ་
    ལགས་སོ།
  • བཅའ་འདྲི་ཞུ་ཡུལ་
    ཤར་ངོས་དེར།
  • བཅའ་འདྲི་ཞུ་ཡུལ་
    གཡས་གཡོན་གཉིས་དྲུས་བྱས་མར་རྩིག་པ་མར་ཁར་ཏུག་ལ་མར་སྐས་པ་དྲུས་བཞག་ཡོད་རེད།
  • བཅའ་འདྲི་བ་
    དེ་ཨེ་ལྷ་རྒྱ་རིའི་མི་སེར་གྱིས་དྲུས་པ་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    མི་སེར་གྱིས་དྲུས་མན་འགྲོ། ཕལ་ཆེར་ཡིན་གྱི་རེད།
  • བཅའ་འདྲི་བ་
    ཁྱེད་རང་འདིའི་དྲུ་མྱོང་ངས་སྔོན་མ་ཆུང་ཆུང་སྐབས་ལ་ཡ།
  • བཅའ་འདྲི་ཞུ་ཡུལ་
    འོང་མེད་མེད། དེ་ཏ།
  • བཅའ་འདྲི་བ་
    དྲུས་དྲུས་པ་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དྲུས་དྲུས་པ་རེད་ལ།
  • བཅའ་འདྲི་བ་
    ཨ་ནི་དེ་ནས་གསན་གནང་མྱོང་པས་ལ་གཅིག་ཆུ་བླུགས་ཡས་དང་དེ་འདྲས་རེད་ཟེ།
  • བཅའ་འདྲི་ཞུ་ཡུལ་
    ཆུ་བླུགས་ཡས་ཁ་ཤས་ཀྱི་བཤད་པ་མ་ཏོག་མཐོང་མ་མྱོང་།
  • བཅའ་འདྲི་བ་
    ཁྱེད་རང་དགོས་དུས།སྐབས་
    ()
  • བཅའ་འདྲི་ཞུ་ཡུལ་
    ཆུ་བླུགས་ཡང་དམག་ཅིག་ཡ་ནས་མར་ཡོང་ཡས་ཀྱི་ཁོང་བྱས་དེ་ནི་ཆུ་བླུགས་དེ་ནི་
  • བཅའ་འདྲི་ཞུ་ཡུལ་
    དམག་དཔོན་དེ་འགྲོ་ས་ཟམ་པ་དའི་སྒང་ལ་ཟམ་པའི་ཁ་ལ་ས་མི་བརྒྱབ་དེ་ནི་
  • བཅའ་འདྲི་ཞུ་ཡུལ་
    ཟམ་པའི་སྒང་ལ་ཁྲིད་ཕྱིན་འབའ་ཟེར་གྱི་ཡོད་འབའ།
  • བཅའ་འདྲི་བ་
    ཨ་ནིའི།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་འོ་དེ་བརྟུལ་བའི་སྐད་ཆ་རེད།
  • བཅའ་འདྲི་ཞུ་ཡུལ་
    ཆུ་བླུགས་ཆུ་ལ་ལྕམ་གྱི་ཟམ་པ་བརྒྱབ་ཟམ་པ་ཤུས་དེ་ནི་ཡ་ནས་མར་དམག་དེའི་སྒང་ལ་
  • བཅའ་འདྲི་ཞུ་ཡུལ་
    རྟ་དམག་ཡིན་པའི་སྐད་ཆ་བྱས་དུས་དེ་ནི་སྒང་ཀ་ཆུ་ལ་མཆོངས་ཕྱིན་བྱས་བརྟུལ་འབའ་ཟེ།
  • བཅའ་འདྲི་བ་
    ཨ་ལས་སྒང་ཀ་ཆུའི་ནང་ལ་ཟག་པ་རེད་སེ།
  • བཅའ་འདྲི་ཞུ་ཡུལ་
    འོ་ཨོང་།
  • བཅའ་འདྲི་བ་
    དུག་སེ་བྱས་བརྟུལ་པ་རེད་སེ།
  • བཅའ་འདྲི་ཞུ་ཡུལ་
    འོ་དུག་སེ།
  • བཅའ་འདྲི་བ་
    ཨ་ལས་དེ་འདྲས་བཤད་སྲོལ་བྱེ་ཡོད་རེད་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    འོང་འོ་དུག་སེ་བཤད་འབའ།
  • བཅའ་འདྲི་བ་
    ཨ་ནི་ཆུ་དེ་ག་ནས་བླུགས་ཀྱི་ཡོད་ན།
  • བཅའ་འདྲི་ཞུ་ཡུལ་
    ཆུ་དེ་ག་ནས་བླུགས་ཀྱི་ཡོད་ན།
  • བཅའ་འདྲི་བ་
    བཤད་སྲོལ་མི་འདུག་ཀས་ལ།
  • བཅའ་འདྲི་ཞུ་ཡུལ་
    མི་འདུག
  • བཅའ་འདྲི་བ་
    ཆུ་བླུགས་པ་རེད་ཟེ་ད་ཆུ་བླུགས་ཡས་རེད་ཟེ་ལབ་པ་མ་ཏོག་རྟ་དམག་བརྟུལ་བ་རེད་ཟེ་ལབ་པ་
  • བཅའ་འདྲི་བ་
    རེད་མ་ཏོག་ཆུ་དེ་ག་ནས་དྲངས་པ་དང་དེ་འདྲས་བཤད་ཡས་ཡོད་མ་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    དེ་འདྲས་མེད་འབའ་ལ།
  • བཅའ་འདྲི་བ་
    ཨ་ནི་སྔ་མ་ཡིན་ན་དེའི་འོག་ལ་ཡཱ་ཨ་ནི་ད་ལྟ་རྫོང་ཆགས་སའི་ཤུལ་དེ་ནས་མར་ག་རེ་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    གླིང་ཁ།
  • བཅའ་འདྲི་བ་
    གླིང་ཁ་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    གླིང་ཁ་རེད་སྤྲོ་ཁང་ཟེ་འདིའི་རྫོང་ཡ་གིའི་དབྱར་ཁ་སྡོད་སའི་ཁང་པ།
  • བཅའ་འདྲི་བ་
    མ་གིའི་འོག་ལ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    འོང་འོང་ཤན་༼རྒྱ་སྐད་༽རྫོང་ཡོད་ས་ཤན་༼རྒྱ་སྐད་༽ཆགས་ས་དེའི་མར་རེད།
  • བཅའ་འདྲི་བ་
    ད་ལྟ་སྤྲོ་ཁང་དེ་བསྡད་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ད་ལྟ་སྤྲོ་ཁང་རྙིང་པ་ར་བྱེ་ཕྱིའི་བཟོ་ལྟ་བྱེ་མ་ཏོག་གཞན་བསྡད་ཡོད་མ་རེད།
  • བཅའ་འདྲི་ཞུ་ཡུལ་
    ཕྱི་དེ་པ་བརྐོས་ར་བྱེ་ཚགས་ཚགས་བརྒྱབ་བྱས་རྙིང་པའི་ཤུལ་ར་བྱེ།
  • བཅའ་འདྲི་ཞུ་ཡུལ་
    འདི་འདྲས་ཡོད་ཟེར་ཡས་བཟོ་འདྲ་ཕྱི་ཏོག་ཙམ། གཞན་ཤིག་ཚར་འབའ།
  • བཅའ་འདྲི་བ་
    དེའི་སར་ཡོད་ཟེར་ཡས་ར་བྱེ།
  • བཅའ་འདྲི་ཞུ་ཡུལ་
    འོང་དེ་འདྲས་ར་བྱེ།
  • བཅའ་འདྲི་བ་
    ཨ་ནི་སྔོན་མ་རྫོང་།
  • བཅའ་འདྲི་ཞུ་ཡུལ་
    སྔོན་མ་དེར་དེའི་ནང་དའི་ཆུ་བརྒལ་ས་དབྱར་ཁ།
  • བཅའ་འདྲི་བ་
    སྤྲོ་ཁང་ནང་ལ།
  • བཅའ་འདྲི་ཞུ་ཡུལ་
    རྩེད་མོ་རྩེ་ས་སྤྲོ་ཁང་ནང་ལ། རྩིག་པ་བརྒྱབ་སྟག་བྱ་རྒྱག་དུས་ཁ་ལ་སྟག་ཁྲ་སྒྲིག
  • བཅའ་འདྲི་ཞུ་ཡུལ་
    ཨོང་ཆུ་མར་རྫང་ཡས་བྱས་བློས་ཡས་བྱས།
  • བཅའ་འདྲི་ཞུ་ཡུལ་
    རྩེད་མོ་རྩེ་ས་རྡོ་བརྐྱག་བབས་ཀོ་བ་གཏོང་ས།
  • བཅའ་འདྲི་བ་
    ཨ་ལས།
  • བཅའ་འདྲི་ཞུ་ཡུལ་
    འོ་དེ་འདྲས་ཡོད་འབའ།
  • བཅའ་འདྲི་བ་
    ཀོ་བ་གཏོང་ས་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ཡོད་རེད་ཟེར་གྱིས་ངས་ཀོ་བ་གཏོང་བ་མཐོང་མ་མྱོང་དིས་ཀོ་བ་དང་ཁོ་རའི་ཆུ་རྫིང་ཁོ་ར།
  • བཅའ་འདྲི་བ་
    གཟིགས་མྱོང་ཡོད་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་ཡོད། ཞི་པོ་བཟོས་འདུག་ཁ་དེ་པ་སྟག་ཁྲ་བཟོ་འདྲ་ཞིག་བཟོས།
  • བཅའ་འདྲི་བ་
    དུས་རྒྱུན་དུ་ད་ཨེ་ལྷ་རྒྱ་རིའི་ཕོ་བྲང་ཡིན་ནའི་རེད་མི་སེར་གྱི་ཆུ་དེ་ག་ནས་ལེན་དགོས་རས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཕོ་བྲང་ཨས།
  • བཅའ་འདྲི་བ་
    མཐུང་ཆུ།
  • བཅའ་འདྲི་ཞུ་ཡུལ་
    མཐུང་ཆུ་འོ་ཤོས་ཀྱི་ཆུ་དི་ཀིའི་ནང་ན་ཡོད་འབའ།
  • བཅའ་འདྲི་བ་
    ཚང་མ་ཤོས་ལ་ལེན་ཀ་འགྲོ་དགོས་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ཤོས་ལ་ལེན་ཀ་འགྲོ་དགོས་རེད།
  • བཅའ་འདྲི་བ་
    ཤོས་དིའི་ཡཱ་ཨ་ནི་་ཆུ་དེ་ག་ནས་སླེབས་ཀྱི་ཡོད་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    ཕུ་དེ་གིའི་ཕུ་ཆུ་ཕུ་ཆུ།
  • བཅའ་འདྲི་བ་
    ཕུ་ཆུ།
  • བཅའ་འདྲི་ཞུ་ཡུལ་
    ཕུ་ཆུ་རེད།
  • བཅའ་འདྲི་བ་
    ཨ་ནི་དེང་སང་ཆུ་གསུམ་རྫོང་ཟེར་གྱི་འདུག་ཀ་ལ།
  • བཅའ་འདྲི་ཞུ་ཡུལ་
    ཆུ་གསུམ་རྫོང་ཟེ་ས་རྗེ་ཚུགས་ནི་བཏགས་སོང་མ་ཏོག་ཆུ་གསུམ་རྫོང་ཟེར་ཉན་མེད་འབའ།
  • བཅའ་འདྲི་བ་
    ཆུ་གསུམ་ཟེ་ག་འདྲས་ཟེ་གོ་བ་ལེན་དགོས་རེད་ལ།
  • བཅའ་འདྲི་ཞུ་ཡུལ་
    དེ་ས་རྗེ་ཚུགས་ནི་ཆུ་གསུམ་རྫོང་ཟེར་གྱི་ཡོད་འབའ་ལ།
  • བཅའ་འདྲི་བ་
    ཆུ་གསུམ་ཡོད་རེད་པས། ཆུ་ཁག་གསུམ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཆུ་ཡོད་ཡས་ཡོད་རེད།
  • བཅའ་འདྲི་བ་
    ཆུ་ཁག་གསུམ་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཕ་ནས་མར་ཆུ་ཕ་ནས་མར་ཆུ་ཞིག་ཡོང་། འདི་ནས་མརའི་ཆུ་བྱེ་ཡོང་ཆུ་བྱེ་ཡོང་འོ་འདྲས་ཟེ།
  • བཅའ་འདྲི་བ་
    ཕུ་ཆུ་གཅིག་བྱས། གཡས་གཡོན་ཆུ་རེ་རེ་ནས་ཆུ་རེ་རེ་བྱས།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    ཆུ་སྣ་ཁ་གསུམ་འཛོམ་འཛོམས་སའི་ཨ་ནི་ཆུ་གསུམ།
  • བཅའ་འདྲི་ཞུ་ཡུལ་
    མ་ཙེ་མེ་ལ་འཛོམས་པ་རེད་པ།
  • བཅའ་འདྲི་བ་
    ཨ་ནི་བྱས་ཙང་ཆུ་གསུམ་བཏགས་པ་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    འོ་དེ་བཏགས་མན་འགྲོ།
  • བཅའ་འདྲི་བ་
    སྔ་མ་ནས་འདིའི་བརྒྱུད་ལ་ཆུ་གསུམ་ཟེར་ཡས་ཀྱི་ལུང་པ་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ཡོད་མ་རེད།
  • བཅའ་འདྲི་བ་
    ཅིའི།
  • བཅའ་འདྲི་ཞུ་ཡུལ་
    ཆུ་གསུམ་ཟེར་ཡས་མི་ནུ།
  • བཅའ་འདྲི་བ་
    ཨེ་ལྷ་རྒྱ་རི་ཟེ་ལབ་པ་མ་ཏོགས།
  • བཅའ་འདྲི་ཞུ་ཡུལ་
    ལྷ་རྒྱ་རི།
  • བཅའ་འདྲི་བ་
    ལྷ་རྒྱ་རིའི་སྔ་འོག
  • བཅའ་འདྲི་ཞུ་ཡུལ་
    ཤོས་ནས་བླངས་ན་ཤོས་རི་སྒོ་ཤོས།
  • བཅའ་འདྲི་བ་
    ཨོའོ།
  • བཅའ་འདྲི་ཞུ་ཡུལ་
    སྔོན་མའི་རི་སྒོ་ཤོས་ཟེར་ཉན་དེ།
  • བཅའ་འདྲི་བ་
    ལགས་སོ། སྐབས་དེ་དུས་ཨ་ནི་པ་ལགས་ཁྱེད་རང་ཨེ་ལྷ་རྒྱ་རི་ནས་ཡར་ཀླུངས་དང་ཡར་ལྷ་སའི་ངོས་ཕྱོགས་ལ་ཐད་མྱོང་ཡོད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    ཡར་ཀླུངས་དང་རྩེད་ཐང་ཅི་ཏ་ལ་ཤིང་བཟོ་བྱེད་ཀ་འགྲོ་མྱོང་ཡོད།
  • བཅའ་འདྲི་བ་
    གང་འདྲས་སེ་ཐད་དགོས་རས་སྐབས་དེ་དུས།
  • བཅའ་འདྲི་ཞུ་ཡུལ་
    ཨ་ནི་གོམ་པ་བརྒྱབ་ནི་འགྲོ་དགོས་རེད།
  • བཅའ་འདྲི་བ་
    མ་རེད།
  • བཅའ་འདྲི་ཞུ་ཡུལ་
    འོང་།
  • བཅའ་འདྲི་བ་
    ཨ་ནི་འདི་ནས་ཡར་ལ་དེ་འདྲས་ཡོད་རེད་པའི། ལམ་ཁ་
  • བཅའ་འདྲི་ཞུ་ཡུལ་
    མེད་འབའ་མེད་འབའ།
  • བཅའ་འདྲི་བ་
    ལ་བརྒྱུད་དགོས་མ་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    འོང་འདི་ནས་མར་ཕྱིན་ན་ལ་བརྒྱུད་དགོས་མ་རེད།
  • བཅའ་འདྲི་བ་
    ཁར་ཏུག་དེ་ནས་མར་རོང་ལ་ཐད་རྒྱུ་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    འོང་ཆུ་ཕར་བརྒལ་གིན་བརྒལ་གིན་ཚུར་བརྒལ་གིན་བརྒལ་གིན་འགྲོ་རྒྱུ་རེད།
  • བཅའ་འདྲི་བ་
    ཨོང་་་་་དེ་ནས་མར་ཆུ་ཆེན་པོ་འདུག་ཀ།
  • བཅའ་འདྲི་ཞུ་ཡུལ་
    འོང་ལ། དབྱར་ཁ་ཅི་ཏ་ལས་སླ་པོར་ཐར་མི་ཡོང་།
  • བཅའ་འདྲི་བ་
    ཨ་ནིའི་དེའི་བརྒྱུད་དེ་ནས་མར་གཅིག་ཟམ་པ་དང་དེ་འདྲས་ཡོད་མ་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    ཟམ་པ་ཁ་ཤས་ཁ་ཤས་ཡོད་རེད་དིའི་ཡང་ལོ་རེ་ལོ་རེ་ལས་བསྡོད་ཀྱི་མི་འབའ་ཆུས་ཁྱེར་ཕྱིན།
  • བཅའ་འདྲི་བ་
    སྐབས་དེ་དུས་སྤྱི་ཚོགས་རྙིང་པའི་སྐབས་ལ་ཡར་ཨ་ནི་
  • བཅའ་འདྲི་བ་
    དེ་ནས་ཡར་མར་རོང་ལ་ཡར་འགྲོ་དུས་ཇག་པ་དང་དེ་འདྲས་ཡོད་པའི་སྐོར་དེ་འདྲས་ཡོད་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    ཇག་པ་ཁ་ཤས་ཡོད་པའི་སྐོར་ཡོད་འབའ་ལྟོས་ཕད་འཕྲོག་ནི
  • བཅའ་འདྲི་ཞུ་ཡུལ་
    ཟེར་ཡས་མི་བསད་ནི་ཟེར་ཡས་དེ་འདྲས་ཏོག་ཙམ་ཏོག་ཙམ་ཡོད་འབའ།
  • བཅའ་འདྲི་བ་
    ག་གིའི་ཙར་མཚམས་དེར་ཡོད་རེད་ལ།
    {}
  • བཅའ་འདྲི་བ་
    ས་ཆ། སྤྱིར་བཏང་ཇག་པ་སྡང་བ་བྱེ་ཡོད་རེད་པ།
  • བཅའ་འདྲི་ཞུ་ཡུལ་
    གཙོ་བོ་ད་མཚོ་སྟོད་ཟེར་ས་དེ་རུ་མ་པ་ཡོད་ན།
  • བཅའ་འདྲི་བ་
    མཚོ་སྟོད་ཁུལ་དེ་བག ཨང་ལས་མཚོ་སྟོད་ཁུལ་ཟེར་ཡས་དེར་བྱས་ཙང་ས་གུ་སུག་
  • བཅའ་འདྲི་བ་
    བུ་སུག་དོག་ཏོག་ཁ་པོ་བྱེ་འདུག་དེའི་ཙ་དེར་བསྡད་གི་ཡོད་རེད་ཇག་པས།
  • བཅའ་འདྲི་ཞུ་ཡུལ་
    འོང་འོ་དེ་བག་གཅིག་དེར་མི་གཙང་བཅོམ་འབའ།
  • བཅའ་འདྲི་བ་
    ང་ཚོའི་ཨ་ནི་ཨེ་ལྷ་རྒྱ་རིའི་དཔོན་པོ་དང་དེ་འདྲས་དཔོན་གཡོག་དེ་འདྲས་ཕྱིན་ན་བཅོམ་གི་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    དཔོན་གཡོག་བཅོམ་ནི་ཟེར་ཡས་ཅཱ་མི་འདུག་ཀ་ལ།
  • བཅའ་འདྲི་བ་
    ད་མང་ཆེའི་མི་སེར་བཅོམ་གི་ཡོད་རེད་པས་ལ།
  • བཅའ་འདྲི་ཞུ་ཡུལ་
    མི་སེར་ཡ་ཀ་རང་ཐུབ་ནི།