Video Overview
འདི་ནི་ལྷ་བཟོ་ཀུན་དགས་ཤིང་བཟོ་ཀུན་དགའ་ལ་བསམ་གནག་ནས་གསོད་རྩིས་བྱས་ཀྱང་མཐར་ལྷ་བཟོ་ཀུན་དགའ་ཤི་བའི་གཏམ་རྒྱུད་ཅིག་གོ
- སྐལ་བཟང་འབུམ།གནའ་ཞིག་ལ།
- རྒྱལ་ཁབ་ཞིག་ན་རྒྱལ་བོ་ཞིག་ལ།
- ལག་ཤེས་པ་ཤིང་བཟོ་ཀུན་དགའ་ཟེར་བ་ཞིག་དང་།
- ལྷ་བཟོ་ཀུན་དགའ་ཟེར་བ་གཉིས་ཡོད།
- དེ་ནས་རྒྱལ་བོ་དེའི་ཕོ་བྲང་བཞེངས་པ་དེ།
- གཙོ་བོ་མི་དེ་གཉིས་ཀྱི་ཡན་ན་ཡོད་པ་མ་རེད།
- རྒྱལ་བོའི་ཐུགས་ན་ཡོད་པ་མི་གཉིས་ཡིན་པ་རེད།
- ཡིན་ན་རྒྱལ་བོ་དེ་དགོང་ལོ་བགྲེས་པའི་ཚད་དུ།
- རྗེས་ནས་སྐུ་གཤེགས་པ་རེད།
- ཕེབས་སོང་ཤུལ་ནས་རྒྱལ་སྲིད་དེ་ཁོའི་བུ་ཡིས་བཟུང་།
- བུ་ཡིས་བཟུང་ནས་ལོ་འགའ་འགོར་བའི་རྗེས་དེ་ནས།
- ཤིང་བཟོ་ཀུན་དགའ་ཡིས།
- ཁོ་འདི་ནས་རྒྱལ་ས་འདི་ནས་བསྡད་ན།
- ཁོ་ལས་ཆེ་བ་ཞིག་མེད་ན་བཟང་གི་འདོད་ནས།
- ཕྲག་དོག་གི་དབང་གིས།
- ཁོའི་རྒྱལ་བོ་དེའི་དེང་མ་ཕྱག་ཡིག་དེ་ཁོས་ཤེས་པ་རེད།
- ཁོའི་ཡིག་གཟུགས་ཐམས་ཅད་ཚང་མ།
- ཇི་མ་ཇི་བཞིན་རྒྱལ་བོ་ཡི་འབྲི་ཚུལ་ཁོས་སྦྱངས་ཡོད།
- དེའི་རྐྱེན་གྱིས་དེ་འདྲའི་ཡི་གེ་ཇི་མ་ཇི་བཞིན་ཞིག་བྲིས་ནས།
- ཁོའི་བུ་ཡིས་རྒྱལ་སྲིད་བཟུང་དུས།
- རྒྱལ་བོ་དེ་ཡར་སྤྲོ་གསེང་འགྲོ་བའི་ལམ་དེ་ནས།
- ཡི་གེ་དེ་འཕངས་ནས།
- ཨ་ཕ་ལྷ་ཡུལ་ནས་སྐྱིད་པོ་བདེ་མོ་རེད།
- རེད་ཀྱང་ལྷ་ཡུལ་ནས་འཇིག་རྟེན་མི་ཡུལ་གྱི་མཁར་འདི་འདྲ།
- ཁང་པ་འདི་འདྲའི་ཡག་པོ་ཞིག་བཞེངས་ཡོད་ཀྱང་།
- འདི་ལས་མི་བཟང་བ་རེད།
- ཁོ་ཤིང་བཟོ་ཀུན་དགའ་ཡོང་ནས།
- ཁོར་དེ་དགོང་ཞིག་ལ་འདི་འདྲའི་འདུག་ས་ཞིག
- ཕོ་བྲང་འདྲ་བའི་ཁང་བ་བཟང་པོ་ཞིག་བཞེངས་དགོས་ཞེས་བཤད་ནས།
- ཡི་གེ་དེ་རྒྱལ་བོ་སྤྲོ་གསེང་ལ་འགྲོ་ས་དེར་བཞག་སྟེ།
- བཞག་ནས་ནངས་མོར་རྒྱལ་བོ་སྤྲོ་གསེང་ལ་སོང་ནས་རྙེད་པ་རེད།
- རྒྱལ་བོ་ཡིས་བལྟས་ནས་ཁོང་ཚང་གི་ཨ་ཕའི་ཕྱག་བྲིས་དེ་ཡིན་པ།
- ཁོང་ཚང་འཕྱུག་པ་མ་རེད།
- ཨ་ཡ་མཚར་ཁོའི་ཨ་ཕའི་ཕྱག་བྲིས་འདི།
- གཞན་པ་ཞིག་གིས་འདི་འདྲ་ཞིག་འབྲི་ཐུབ་པ་མ་རེད།
- དེ་ཡོང་ཐུབ་པ་མ་རེད་ཅེས་བཤད་དེ།
- ཕྱིར་ཡོང་ནས་ཁོང་ཚང་གིས་ཡོངས་རྫོགས་ལ་བརྡ་བརྒྱབ་ནས་འཚོགས་ཏེ།
- ཁོའི་ཨ་ཕ་ཡར་ལྷ་ཡུལ་ནས་སྐྱིད་པོ་བདེ་མོ་རེད།
- དེ་རིང་ཕྱག་ཡིག་འཕྲོད་ཡོད་པ་རེད།
- ཡོད་ཀྱང་གནད་དོན་ཞིག་ཡོད་པ་ནི།
- ཤིང་བཟོ་ཀུན་དགའ་ལྷ་ཡུལ་ལ་ཡོང་ནས།
- ཁོར་ཕོ་བྲང་སྟེ་ཁང་བ་ཞིག་ལས་དགོས་ཞེས།
- ཕྱག་ཡིག་གི་ཐོག་ན་བྲིས་ཡོད།
- འདིར་ཡོང་ཚུལ་ལ་སོགས་པ་བྲིས་ཡོད་པ་རེད།
- འདི་ནས་ཡར་འགྲོ་སྲོལ་ལ་སོགས་པ་བཤད་ཡོད་པ་རེད།
- དེ་ནས་ངེས་པར་དུ་འགྲོ་དགོས་ཞེས་བཀའ་བབས་པ་རེད།
- བཀའ་བབས་ན་ཤིང་བཟོ་ཀུན་དགའ་ཡིས།
- ལྷ་བཟོ་ཀུན་དགའ་ཡི་འཕྲུལ་ཡིན་པ་ཉུང་ཙམ་ཞིག་ཤེས་ཀྱང་།
- ཤེས་ཀྱང་བཤད་ནས་བཀོད་པ་མེད་པ་རེད།
- ཡ་ཁོ་འགྲོ་དགོས་པ་རེད།
- འགྲོ་ཡ་རྒྱལ་བོའི་བཀའ་རེད།
- དེ་ཡིན་ན་ཁོར་ཟླ་གཅིག་གི་གནང་བ་དགོས།
- དེའི་ཕན་ཆད་ནས་ཁོ་འགྲོ་སའི་ས་གནས་འདི་གཏན་ལ་ཕབ་དགོས།
- འདིར་ངེས་པར་དུ་ཤིང་རིལ་ཞིག་ལས་དགོས།
- མི་འདུག་ས་དེ་འདྲའི་ཤིང་རིལ་ཞིག་ལས་དགོས།
- དེ་ས་ཆ་གང་ཡིན་ན་དེ་ངེས་པར་དུ་གཏན་ན་ཕབ་ནས།
- དེ་ཚད་ནས་བསྡད་དེ་ཤིང་རིལ་དེ་ལས་དགོས།
- དེ་ལྟར་ཁོས་བཤད་པ་རེད།
- དེ་ནས་གཏན་ན་ཕབ་ཏུ་བཅུག་ནས།
- གཏན་ན་ཕབ་ཏུ་བཅུག་རྗེས།
- ས་དེ་ཇི་མ་ཇི་བཞིན་ཁོང་ཚང་གི
- ཁོང་ཚང་གི་ཡུལ་ནས།
- ཁོང་ཚང་གི་གཡུལ་ཁ་ནས་ཡར་ཕུད་རྩིས་བྱས་ནས།
- དེ་ལྟར་ལས་ནས་ས་དེར་ཐིག་བརྒྱབ་ནས།
- ཁོ་ཟླ་གཅིག་གི་རིང་ལ་སྒོར་མ་བུད་པར་བསྡད།
- ཟླ་གཅིག་གི་རིང་ལ་ཁོ་སྒོར་འབུད་མི་ཐུབ།
- ཡར་མར་ལ་ཁོ་ལྷ་ཡུལ་ལ་འགྲོ་དགོས།
- ཁོས་གོན་པ་ཡག་པོ་ཞིག་བརྗེ་དགོས།
- མི་གཅིག་པར་ཁོ་ལྷ་ཡུལ་ལ་འགྲོ་དགོས་ཞེས་བཤད་དེ།
- ཁོས་དེ་ལྟར་བཤད་ནས་བསྡད་དེ།
- ཤིང་གི་ར་དེ་ལས་པ།
- ཤིང་ཁང་དེ་ལས་པ་ཁོའི་ལག་གཡོག་གི་མི་དང་།
- ཤིང་བཟོ་ཀུན་དགའ་ཡི་མི་ཡང་ཡོང་ནས།
- ཐོང་བརྒྱབ་པ་རེད།
- བརྒྱབ་ནས་དེ་ལས་ནས།
- དེ་ཚོས་གནས་དེ་ནས་ལས་པ་རེད།
- ཁོ་ཡིས་ཁྱིམ་ནས་བློ་རིག་སྒྲིམ་ནས།
- ཕར་སྐོར་ནས་ས་བརྐོ་རུ་བཅུག་ནས།
- ཇི་མ་ཇི་བཞིན་དེའི་འོག་ཏུ་ཡག་པོ་བྱས་ནས་ས་དེ་བརྐོས་ནས།
- དེ་ནས་བསྡད་དེ་ཟླ་གཅིག་འགོར་དུས།
- ཚང་མས་གྲྭ་སྒྲིག་བྱས་ཡོད།
- བྱས་ཚར་ན་འགྲོ་རན་ལ་ཐོན་པ་རེད།
- ཁོའི་གོན་པ་ཡག་པོ་མི་གཅིག་པ་ཞིག་གོན་ནས།
- དེ་ལྟར་ཡོང་ནས་ཤིང་ཁང་ནང་ནས་བསྡད་དེ།
- ལྷ་བཟོ་ཀུན་དགའ་ཡིས་ཅི་ཞིག་བཤད་པ་རེད་ཟེར་ན།
- ད་ལྟ་ལྷ་ཡུལ་ལ་འགྲོ་དགོས་ནི་རེད།
- ལྷ་ཡུལ་ལ་འགྲོ་དགོས་ན།
- ང་ཚོ་མི་ཡུལ་གྱི་མིས་སྐྱེལ་མ་བྱེད་དགོས་པ་རེད།
- རོལ་མོ་དང་ཞབས་བྲོ།
- གླུ་དབྱངས་དང་།
- ལྷ་ཡུལ་ལ་འགྲོ་དགོས་ཞེས་སྐྱེལ་མ་བྱས་ནས་དེ་ལྟར་འུར་བརྒྱབ།
- དོན་དུ་ཅི་ཞིག་རེད་ཟེར་ན།
- ཕ་རོལ་གྱི་ནང་ནས་འཕག་ར་ཨེ་བྱེད་དམ།
- ཀུ་ཞིག་བཏབ་ཨེ་འཇོག
- དེ་དག་ལ་སྐྲག་པ་ཡིན་མོད།
- དེ་ནས་བསྡད་དེ་ཡར་འགྲོ་དུས།
- ཁོས་གནམ་གྱེན་ན་བལྟས་ནས།
- ཁྱོད་ཚོས་ཨེ་མཐོང་གི་དང་།
- སྔོན་ན་བསུ་རུ་ཐོན་ཐལ་ཞེས།
- སྐད་ཆ་དེ་འདྲ་བཤད་པ་རེད།
- དེ་ང་ཚོའི་མགོ་གཡོག་སྤྱད་རེད།
- དེ་འདྲ་བཤད་ནས་བསྡད་དེ།
- དེ་ནས་གོར་གོར་བྱས་ནས་བརྩིགས་ཏེ་ནང་དུ་མར་ཁུ་བླུགས་ནས།
- ཡར་མེ་བརྒྱབ་པ་རེད།
- ཁོས་ཅི་ཞིག་བྱས་པ་རེད།
- མེ་བརྒྱབ་མ་ཐག་ཏུ་ཁོ་ཕ་རོལ་ནས་ཕྱིར་ཡུལ་ལ་ཡོང་ནས།
- ས་དོང་མར་ཁོང་ཚང་གི་ཁྱིམ་ནས་བརྐོས་ཡོད་པ་རེད།
- དེའི་སྒོ་བཅད་ནས་ཡུལ་ལ་ཡོང་ནས་ཁ་རོག་ལ་བསྡད་པ་རེད།
- དེ་ནས་མི་དམངས་གྲོལ་སོང་།
- ལྷ་ཡུལ་ལ་ཤིང་བཟོ་ཀུན་དགའ་བུད་སོང་།
- ལྷ་བཟོ་ཀུན་དགའ་ཡིས།
- ཁོའི་ཡན་ན་མི་ཞིག་ཡོད་པ་མ་རེད་འདོད་ནས་སེམས་བདེ་ནས་བསྡད་ཡོད།
- མཚམས་དེར་ལོ་གཅིག་གི་ནང་དུ་ཁོ་ཡུལ་ནས་ཉལ་ནས་བསྡད།
- ལོ་གཅིག་གི་ནང་ནས་ཤིང་བཟོ་ཀུན་དགའ་སྒོར་བུད་པ་རེད།
- བུད་ནས་སེམས་ཅན་གཉིས་ཀྱིས་ཁྱོད་ཐོན་པ་རེད་ཟེར་ནས།
- ཡར་གྱིས་དྲིས་པ་དང་མར་གྱིས་དྲིས་དུས།
- ཁོ་ཐོན་པ་ཡིན།
- ལྷ་ཡུལ་ལ་སོང་ཚུལ།
- ཁོས་ཤིང་ལས་ཚུལ།
- རྒྱལ་བོ་སྐྱིད་ཚུལ་འདི་བཤད་ནས།
- ལྷ་ཡུལ་ལ་ཁོ་འགྲོ་འགྲོ་བྱས་ནས།
- ལྷ་བཟོ་ཀུན་དགའ་གཅིག་ཡོང་དགོས་ཟེར།
- ལྷ་བཟོ་ཀུན་དགའ་ཡོང་ནས་བསྡད་དེ།
- ཐོང་བརྒྱབ་ནས་ཡང་དེ་འདྲ་ཞིག་ལས་དགོས་ཟེར།
- དེ་ཡིན་ན་ཁོས་ཅི་བཤད་ཀྱང་ཤེས་སོང་།
- ཕ་རོལ་བས་ཤེས་སོང་།
- ཤེས་སོང་ན་ཡང་འགྲོ་དགོས།
- དེ་ཡིན་ན་གོང་གི་དེ་ལྟར་ཇི་མ་ཇི་བཞིན་ས་ཐིག་བརྒྱབ་ནས།
- དེ་ལྟར་བསྡད་དེ་གོར་གོར་བྱས་ནས་ཤིང་བརྩིགས་ནས།
- དེ་ནས་མར་ཁུ་བླུགས་ནས་བསྡད་དེ།
- མེ་ཞིག་བརྒྱབ་ན་ཁོར་གོང་གི་བློ་འདྲ་བ་མེད་དེ།
- ཡར་འགྲོ་མ་ཐུབ་པར་འཚིག་སོང་།
- མི་ཡི་བསམ་པ་ཡི་བཟང་ངན་འདི་འདྲ་ཞིག་རེད།