Skip to main content Skip to search
03 Feb 2016
16 min 14 sec
Rating
0
No votes yet
Video Overview
Creators: 
Rinzin Dema, Tshering Bidha

སྤར་རོ་ཁ་ཐུག་ལུ་ལྕང་ལཱ་རྐྱབ་ད་ གཞན་དང་མ་འདྲ་བའི་ལུགས་སྲོལ་ཅིག་འདུག དེ་ཡང་ སྤ་རོ་སྐྱང་སི་མ་ལུ་ བསོད་ནམས་དབང་མོ་དང་ཆ་རོགས་ཚུ་གིས་ ལྕང་ལཱ་རྐྱབ་ས་བལྟཝ་ད་ ལྕངམ་ཆག་པ་འབད་དེ་ ཆག་པ་ལྔ་དེ་ཅིག་བཙུགས་ཏེ་ དེའི་ཐོག་ཁར་པ་ནེ་དང་རྡོག་མ་ཕུད་རྡོག་ལྔ་དེ་ཅིག་བཞག་ནི་འདུག དེ་སྦེ་བཞག་དགོ་མི་དེ་ཡང་ ལོ་ན་ཧིང་ཡང་ལོ་ཐོག་ལེགས་པའི་ཁ་ལུ་ དུས་ཅི་ཡང་ལེགས་ཅི། ད་རུང་ སང་ཕོད་ཡང་ལེགས་ནི་གི་དོན་ལུ་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་སྟེ་ བཙུགས་དགོཔ་ཨིན་པས། དེ་སྦེ་ ལྕངམ་བཙུགས་ཅི་བཙུགས་ཅི་ གླུ་གཞས་འཐེན་མི་དེ་ གཡང་འབོ་བའི་ཚུལ་ཨིན་མས། དེ་སྦེ་གླུ་གཞས་འཐེན་ཡི་འཐེན་ཡི་འབད་བ་ཅིན་ ལཱ་གིས་འུ་སྡུགཔ་ཡང་མ་ཚོར་བར་ལཱ་འབད་ཚརཝ་ཨིན་པས།

Show More

  • བསོད་ནམས་ཨོམ
    སྡོད་མས་ང་གིས་རྡོག་མ་བཙུགས་གེ་ཉ་(མས)།
  • རིག་འཛིན
    འུ་་་་་(འེ་འེ་་་་་་)།
  • བསོད་ནམས་ཨོམ
    ལགས་སོ། །ལུས་ལུ་ན་ཚ་མེད་ སེམས་ལུ་སྡུག་བསྔལ་མེད་ ཁྲུས་ཆུ་འབབ་ བདུད་རྩི་ས་ལུ་འབབ་ ལོ་ཐོག་དུས་ལུ་སྨིན་ ལོ་ཕྱུགས་རྟག་ཏུ་ལེགས ཆར་ཆུ་དུས་ལུ་འབབ།
  • བསོད་ནམས་ཨོམ
    འ་ནི་ཨིན། ཝང་(གཡང་)སྐྱེད་གསེས་མི་འདི།
  • རིག་འཛིན
    ཨ་མ་ནི་ནང་ རྡོག་མ་གམ་སྦེ་བཙུགསཔ་སྨོ་ཏེ་བྱཱ་ནང་?
  • བསོད་ནམས་ཨོམ
    རྡོག་མ་བཏགས་རྡོག་ལྔ་ཨིན། ཨ་ནི་ཏེ་ ལོ་ལེགས་ནི་གི་དོན་ལུ་སྦེ་བཙུགས་བཙུགསཔ་མས་རོགས་ན་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ནི་དོན་ལུ་བཙུགསཔ་ཨིན་མས།
  • བསོད་ནམས་ཨོམ
    སྨོན་ལམ་བཏབ་ ལོ་ལེགས་བཅུག་གསེས་ ཕུགས་གང་བཅུག་གསེས་ གནམ་མེད་ས་མེད་སྨོན་ལམ་རྒྱ་ཆེན་པོ་སྦེ་བཏབ་བཙུགས་དགོཔ་ཨིན་ཨ་ནི་དང་ཕུགས་ལས་འབད་བ་ཅིན་རོགས་ ཧ་ཧ་ཧ་་་་་་་་༼ཟེར་བགའ་བ་༽ འ་ནེ་ སླབ་དགོ་པས་ཏེ་ ཧ་ཧ་ཧ་་་་་་་༼ཟེར་བགའ་བ།༽
  • བསོད་ནམས་ཨོམ
    ཏེ་རོགས་ཨ་ནི་གཡང་ཞིང་གསེས་ཏེ་ རོགས་དང་ཕུག་ལས་རང་ཏེ་རོགས་ཨ་ནི་ཝང་(གཡང་འབོ་) ཝང་(གཡང་)སྐྱེདམ་བཙུགས་སྦེ་ ཏེ་འ་ནེ་སྦེ་འབདཝ་ཨིན་མས།
  • བསོད་ནམས་ཨོམ
    ཨམ་ཀྱི་(གི་)ཝང་(གཡང་)སྐྱེད་རྒྱལ་མོ་ཡ་དབའེ། །ཝང་(གཡང་)སྐྱེད་གཅིག་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ཝང་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཨམ་འདི་ཕུད་སྐལ་རྒྱལ་མོ་ཡ་དབའེ། །ཕུད་སྐལ་གཅིག་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    གནམ་འདི་འཁོར་ལོ་རྩུབས་(རྩིབས་)བརྒྱད་ཡ་དབའེ། །སྤུང་(སྤུབས་)པའི་འོག་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ས་འདི་པད་མ་འདབ་བརྒྱད་ཡ་དབའེ། །བཏིང་པའི་གདན་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    བར་འདི་བཀྲ་ཤིས་ཁ་དར་ཡ་དབའེ། །བཙུགས་པའི་འོག་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    བར་འདི་བཀྲ་ཤིས་ཁ་དར་ཡ་དབའེ། །མཚུངས་པའི་གཡང་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཚངམ་འདི་གསུམ་གྱི་སྒོ་ལས་ཡ་དབའེ། །ཝང་(གཡང་)ཞུ་གེ་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    བོད་འདི་ཁ་བོ་(བ་)ཅན་ལུ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ནུབ་འདི་དྷ་ལི་ཁ་ལུ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཤར་འདི་བཀྲ་ཤིས་བསྒང་ལུ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཨམ་འདི་སི་སི་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    མ་ལ་དམ་ཆོས་ཆོ་བརྒྱུད་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཨམ་ལ་རི་པ་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཨམ་ལ་བོང་དུས་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    མར་ལ་རྫོང་བྲག་ཆོས་བརྒྱུད་ཡ་ལ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཨམ་ལ་རྟ་རྒྱུགས་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཨམ་ལ་གོང་མཁར་ཆོས་བརྒྱུད་ཡ་ལ་དབའེ། །ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ེངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
  • བསོད་ནམས་ཨོམ
    ཧཱུཾ་ལོ་ཨམ་ལ་ཤར་རི་ཕྱུག་མོའི་སྨོ་ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
  • བསོད་ནམས་ཨོམ
    ཧཱུཾ་ལོ་ཡར་ལ་དུད་གཞི་ཕྱུག་མོའི་སྨོ་ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
  • བསོད་ནམས་ཨོམ
    ཧཱུཾ་ལོ་ཡར་ལ་བྲག་གུ་ཆོས་བརྒྱུད་སྨོ་ལོ་ལེགས་པའི་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
  • བསོད་ནམས་ཨོམ
    ཧཱུཾ་ལོ་གསུང་ལ་ལེགས་པའི་ཁྲ་ལས་སྨོ་ནེ་ཅིག་མས་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
  • བསོད་ནམས་ཨོམ
    ཧཱུཾ་ལོ་ནི་ཡང་ལེགས་པའི་ཕྱོགས་སུ་སྨོ་འགོར་བཞག་གེ་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
  • བསོད་ནམས་ཨོམ
    ཧཱུཾ་ལོ་གསུང་ལ་ལེགས་རིགས་ལེགས་ཚད་དབའེ་རྟེན་འབྲེལ་བཟང་དབའེ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    བཞག་ལོ་བཞག་ལོ་ག་ཡོད་སྦོ། །མ་བཞག་འཕྲལ་ལས་ལ་འཐུ་དགོ་པས། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཧན་བློ་ཧན་བློ་ཧན་ལོ་ཡ། །ཧན་བློ་གཞན་དང་ལ་ནི་མི་འདྲ། །
  • བསོད་ནམས་ཨོམ་དང་ཆ་རོགས་ཚུ
    ཤོག་ཞིང་ཁྲ་མོའི་འཕྲོ་ལས་ས། །ཡུམ་ཆེན་ཨ་མའི་ལ་ཧན་བློ་ཨིན། །ཟེར་འ་ནེམ་ཅིག་ཨིན་མས་ལགས།