15 Dec 2011
2 min 20 sec
Video Overview
Creators:
Unknown
Dadrön and Purdrön are in the Barkor and Purdrön is thinking about buying a wrap for Winter. After they check the quality and the place where it was made, Purdrön wants to buy one and Dadrön also intends to buy one.
达珍和普珍到八角街去买藏毯子,并在那里问毯子的质量和制造地。谈好了价钱之后,朋友(达珍)也有意图买一个。 购买冬装
- Lhasa
- Ü
- Barkor
- ང་ཉིད་གཉིས་ཇ་ཁང་ནང་ལ་ཇ་ཞིག་འཐུང་ག་འགྲོ་གས།Let's go to a tea shop and drink some tea.
- ཨ་ལ་མ་འགྲོ་དང་། ལྟོས་དང་ང་ཕྱུ་པ་ཞིག་ཉོ་དགོས་ཀྱི་ཡོད། ཕྱུ་པ་ཉོ་རོགས་བྱེད་ཨ།Not now, please. I need to buy a chupa dress first. You can help me.
- འོ་ཨཱ་ནི་ཡག་པོ་བྱུང་། ང་ཡང་བཙུགས་ཕྲུག་གཅིག་ཉོ་དགོས་ཡོད།Great! I also need to purchase a woolen winter blanket.
- བཙུགས་ཕྲུག་ཨས།Winter blanket?
- འོ་འོ།Yes.
- བཙུགས་ཕྲུག་ཉོ་ས་ལྟོས་ཨང་དེ་བ་གཅིག་ལ་ཡོག་རེད།I know there is a place somewhere around here that sells winter blankets.
- ག་འདའི་འདུགWhere is it?
- འདི་པ་ནས་ཅ་ལག་ཉོ་དགོས་ཀྱི་ཡོད་པས།Do you need to buy anything from here?
- ཨ་ལའི་ང་ཉོ་དགོས་ཀྱི་མེད། ཨ་ལའི་རང་བཙུགས་ཕྲུག་ལྟོས། རང་བཙུགས་ཕྲུག་བལྟས་ཚར་སོང་ན་ཨ་ནི་ང་ཕྱུ་པ་ཞིག་ཉོ་བར་འགྲོ་གི་ཡིན། རེད་པ།Right now I don't need anything.
- ཕྱུ་པ་ཨས།You need a Chupa?
- ཉོ་ག་རོགས་པ་བྱེད་ཨཱ།Yes, help me buy one.
- འོ་རེད།Alright.
- བཙུགས་ཕྲུག་ཕ་གིར།The winter blankets are over there.
- ཨ་ལས་འོ་རེད་ཤག ལྟ་སྔས་ལ་གཡུགས་ཞོགYes. But leave it for a while.
- འོ།Okay.
- སྔས་ལ་སྐོར་ར་གཅིག་བརྒྱབ། ཨཱ་ནི་ད་ལྟ་འདའ་ཉོ་ག་ཡོང་ན།First let us circumambulate one time. And then we will come back.
- སྐོར་ར་བརྒྱབ། འོ་རེད།Right, let's circumambulate first then.
- འགྲོLet's go.
- ལྟ་ཨཱ་ཙི་ང་བཙུགས་ཕྲུག་གཅིག་ཉོ་དགོས་ཀྱི་ཡོད་པ།Oh, I need to buy one winter blanket.
- བཙུགས་ཕྲུག་ཨས། བཙུགས་ཕྲུག་ཉོ་ས་འདི་པ་གཅིག་ཡོག་རེད། ཤོག་དང་ངས་རང་འཁྲིད་ཀོ།You need a blanket? It is somewhere around here. Come, I will show you.
- འདའ་ཡོག་རེད། ཤོག་དང་།It's here, come.
- མ་རེད་བྱས།It's not here.
- འགྲོ་དང་།།Let's go.
- ཨཱ་ཛི། ཨཱ་ནི་ང་བཙུགས་ཕྲུག་འཇམ་ལོས་ལྟ་ཨེ་འདྲས་ལྟ་དགོས་ཀྱི་ཡོད།Oh, I need a smooth woolen blanket.
- འདའི་འདའི་འདའི། བཙུགས་ཕྲུག་འདའི། འོ་ཛི། ཤོག་དང་།It's here, come here.
- ཨ་ལས།I see.
- རང་གང་རེད། བཙུགས་ཕྲུག་གྱོན་གྱི་ཡོད་པས།Do you sleep with a woolen blanket?
- འོ་འོ། བཙུགས་ཕྲུག་གྱོན་གྱི་ཡོད། བཙུགས་ཕྲུག་དྲོ་པོ་རྒྱོའོ་འདུག དགུན་ཁར།Yes. I like woolen blankets. It keeps you very warm during the winter.
- ཨཱ་ནི་ལྟ་ང་ནི་གྱོན་ཐུབ་ཀྱི་མི་འདུག འདི་གཟུགས་པོ་སྒང་ལ་ཨི་ཙི་གུ་ལུ་ཟ་བ་འདྲ་པོ། ཟ་འཕྲུག་ལངས་པ་འདྲ་པོ། གཅིག་བྱེད་ཀྱི་འདུགI can't use it. I feel like it is tickling and itching me.
- འོ་ཛི་རྒྱབ་ལོགས་ལ།Watch out, please.
- ཨཱ་ཛི།Oh.
- བཙུགས་ཕྲུག་'འདི་ཡག་པོ་ཞིག་འདུག་གThis winter blanket is nice.
- ཟུག་པ། ལྟོས་དང་། ཨེ་འདྲས་རེད་ཤགIt doesn't look comfortable. Look at here; it is like that.
- བྱས་ཙང་། གོམས་པ་ཡིན་ན་ཡག་པོ་ཡོག་རེད་ད། གོམས་ན་དྲོ་པོ་ཞེ་པོ་ཡོག་རེད།Right. But if you get used to it, then it is good and keeps you warm.
- ཪེད་པས།Really?
- འོ།Yes.
- ཨཱ་ལས།I see.
- རང་ཉོ་མཁན་ཡིན་པས།Are you going to buy this one?
- ལྟ་ཉོ་དགོས་མིན་འགྲོ་བསམས་བྱུང་གང་འདྲ་བྱེད་དགོས་ཀྱི་ཡོད་ན།I am still thinking.
- བཙོངས་མཁན་ག་པར་ཕྱིན་པ་རེད། བཙོངས་མཁན།Where is the seller?
- ལོའོ།Yes.
- པ་ལགས་ཡིན་པས།It is yours.
- བཙུགས་ཕྲུག་དེ་ཡག་པོ་ཞིག་འདུག་གThis winter blanket is good.
- འོ། བཙུགས་ཕྲུག་ཡག་པོ་ཡོད།Yes, it is good quality.
- བཙུགས་ཕྲུག་འདའི་ག་ཚོད་རེད།How much is it?
- བཙུགས་ཕྲུག་250.It's 250 Yuan.
- ༢༥༠250?
- ལགས་འོང་།Yes.
- ཨ་ལས། བལ་འདི་བྱང་བལ་རེད། ཡུལ་བལ་རེད།I see. Is it woven from Jang (North of Tibet) wool or local wool?
- བལ་བྱང་བལ་རེད།It's made from Jang wool.
- ཨཱ་ནི་རྩུབ་པོ་ཞེ་པོ་ཞིག་འདུག ག་རེད།Why it is so coarse?
- བྱས་ཙང་། འདའི།Indeed, it is.
- འོང་། བྱང་བལ་སོང་ཙང་།Yes, that is because it is Jang wool.
- བྱང་བལ་རེད་ལགས།Jang wool?
- རེད།Yes.
- ཨ་ལས། ཨཱ་ནི་༢༥༠ནས་བཅག་ཡག་ཡོག་མ་རེད་པས། བྱས་ཙང་།I see. Can you please me some discount?
- བཅག་ཡག་༢༥༠ནས། ཏིག་ཙམ་བཅག་ཡག་འདུགI can reduce the price a little from 250 Yuan.
- ག་ཚོད་ཙམ། ག་ཚོད་ཙམ་བཅག་ཡག་ཡོག་རེད་པས།At what price are you going to sell it?
- ཨམ། ༢༣༠བྱེད།Um, 230 Yuan.
- ༢༣༠230?
- ལགས་འོང་།Yes.
- འདི་ག་ནས་འཐག་རྒྱོག་རེད།Where was it woven?
- འདི་ལྷོ་ཁ་ནས།In Lokha.
- ལྷོ་ཁ་ནས་ཨས།Lokha?
- ལྷོ་ཁ་ག་ནས་རེད།Which part of Lokha?
- ལགས་འོང་།Yes.
- གྲ་ནང་།Dranang.
- གྲ་ནང་ནས།Dranang?
- ལགས་འོང་།Yes.
- ཨ་ལས། ༢༣༠ ནས་བཅག་ཡག་ཡོག་མ་རེད་པས། ལྟ་ཡག་པོ་བྱས་གསུང་གནང་། ཨཱ་ཛི།I see. Can't you reduce the price a little bit more?
- ༢༣༠ནས་བཅག་ཡག་ཡོག་མ་རེད།From 230, I can't give a further discount.
- ལྟ་ཡག་པོ་བྱས་གསུང་གནང་། ཏིག་ཙམ་བཅག་གནང་དང་། ལྟ་ང་ཉོས་འདིང་མ་ཡིན།Please give me some more discount, then I will buy one.
- ༢༣༠ནས་བཅག་ཡག་ཡོག་མ་རེད།I can't reduce the price.
- འ་ཨང་ལྟ་ཏིག་ཙམ་བཅག་གནང་དང་།Please, give some more discount.
- བཅག་ཡག་མི་འདུགI can't.
- ལྟ་༢༠༠བྱེད།Sell it for 200 Yuan.
- ༢༠༠ལ་ཡོག་མ་རེད།I can't sell it for 200 Yuan.
- ལྟ་༢༠༠ལ་གནང་། ༢༠༠གནང་དང་རྗེས་མ་ཁོང་ཚོ་ལའང་ཉོ་དགོས་ཀྱི་ཡོག་རེད། བྱས་ཙང་།If you sell it for 200 Yuan, next time my friend will buy one from you. Right.
- འོ་རེད་རེད། ལཱ་སེ། ལཱ་སེ།Alright, take it.
- འོ་ཐུགས་རྗེ་གནང་།Thank you very much.