15 Dec 2011
2 min 27 sec
Video Overview
Creators:
Unknown
Dadrön goes to the Tromzikhang and buys vegetables there. She buys some tomaotoes and green peppers. Meanwhile, an argument brakes out between Dadrön and the seller because of the price of the vegetables.
在该剧中,达珍到冲赛康菜市场里买西红柿与青辣椒的经过。因菜主对于菜价的误报差一点引起了口角之争。 在冲赛康购买蔬菜。
- Tromzikkhang
- ཟླ་སྒྲོན་ Dadrönའདའི་ཀྲུ་མ་ཀྲུ་ལ་ག་ཚོད་རེད།How much are the tomatoes?
- ཚོང་པ་ Sellerསྒོར་མོ་གཅིག་རེད།They are one Renminbi (per a gyama or half a kilogram).
- ཟླ་སྒྲོན་ Dadrönསྒོར་མོ་གཅིག་ནས་ཡང་ཏིག་ཡོད་མ་རེད་པས།Can you give me some discount, please?
- ཚོང་པ་ Sellerཡང་ཏིག་མི་འདུག་ལགས།I can't.
- ཟླ་སྒྲོན་ Dadrönཏིག་ཙམ་ཞིག་གཅག་གནང་དང་། ང་མང་པོ་ཉོ་གི་ཡིན།Please, reduce the price a little. I will buy a lot.
- ཚོང་པ་ Sellerམོའོ་ཙེ་༨གནང་།Then take it for eight motsé (80 cents).
- ཟླ་སྒྲོན་ Dadrönམོའོ་ཙེ་༨ནས་ཡང་ཏིག་ཡོད་མ་རེད་པས།Can't you reduce a little more?
- ཚོང་པ་ Sellerམོའོ་ཙེ་༨ནས་ཡང་ཏིག་མི་འདུགI can't reduce the price from eight motsé.
- ཟླ་སྒྲོན་ Dadrönལཱ་སེ། ང་ལ་འགྱིག་ཤོག་ཅིག་གནང་དང་།Okay. Please give me one plastic bag.
- ཨ་ལགས་འོ་འདི་རྒྱ་མར་བཀྱག་རོགས།Sister, can you please weight it.
- རྒྱ་མ་ཡག་པོ་ཞིག་བཀྱག་གནང་འ།Please scale it properly.
- ཚོང་པ་ Sellerལཱ་སེ།Okay.
- རྒྱ་མ་གང་།One gyama, please.
- གཟིགས་སོང་ངས། རྒྱ་མ་དོ།Can you see it? It is two gyamas.
- ཟླ་སྒྲོན་ Dadrönལཱ་སེ། སོ་ལོ་སྔོན་པོར་ག་ཚོད་རེད།Okay. How much for the capsicum?
- ཚོང་པ་ Sellerསོ་ལོ་སྔོན་པོར་སྒོར་མོ་གཅིག་རེད།One Renminbi per gyama.
- ཟླ་སྒྲོན་ Dadrönསྒོར་མོ་གཅིག་ནས་ཡང་ཏིག་ཡོད་མ་རེད་པས།Can you please reduce the price a little?
- ཚོང་པ་ Sellerཡང་ཏིག་མི་འདུག་སོ་ལོ་སྔོན་པོར།It is a fixed rate.
- ཟླ་སྒྲོན་ Dadrönསོ་ལོ་སྔོན་པོར་རྒྱ་ཕྱེད་ཅིག་བཀྱག་གནང་དང་།I would like half gyama, please.
- ཚོང་པ་ Sellerལཱ་སེ།Sure.
- ཟླ་སྒྲོན་ Dadrönརྒྱ་ཕྱེད་མིན་འགྲོ།Must be half gyama now.
- ཚོང་པ་ Sellerལཱ་སེ།Here you are.
- སྲང་བདུན་འདུག དགོས་རེད་པས།It is 0.7 gyama. Do you want it?
- ཟླ་སྒྲོན་ Dadrönསྲང་བདུན་ལཱ་སེ། སྲང་བདུན་ལ་ག་ཚོད་རེད།0.7 gyama. How much for that?
- ཚོང་པ་ Sellerསྒོར་མོ་གཅིག་རེད།It is one Renminbi.
- ཟླ་སྒྲོན་ Dadrönསྒོར་མོ་གཅིགOne Reminbi?
- ཚོང་པ་ Sellerའོ།Yes.
- ཟླ་སྒྲོན་ Dadrönསྲང་བདུན་ལ་སྒོར་མོ་གཅིག་ལགས།One Renminbi even for 0.7 gyama?
- ཚོང་པ་ Sellerའོ།Yes.
- ཟླ་སྒྲོན་ Dadrönརྒྱ་མ་གང་ལ་ཡང་སྒོར་མོ་གཅིག་རེད། རེད་པཱ།For one gyama, the price is also one Renminbi. Correct?
- ཚོང་པ་ Sellerཨཱ་ལས་འ་རེད།I made a mistake.
- ཟླ་སྒྲོན་ Dadrönཨཱ་ནི་རྒྱ་མ་གང་བཀྱག་གནང་ན་འགྲིག་པ།Give me one gyama, please.
- རྩིས་ནོར་སོང་ང་།The calculation is wrong.
- ཚོང་པ་ Sellerཧེ་ཧེ།Hehe.
- ཟླ་སྒྲོན་ Dadrönརྒྱ་མ་གང་།One gyama.
- ཚོང་པ་ Sellerརྒྱ་མ་གང་།Here, one gyama.
- ཟླ་སྒྲོན་ Dadrönལཱ་སེ།Okay.
- ལྟ་ག་ཚོད་རེད།What is my total?
- ཚོང་པ་ Sellerསྒོར་མོ་༢་༦༠2.60 Reminbi.
- ཟླ་སྒྲོན་ Dadrönརེད་པཱ།Is that the total?
- ཚོང་པ་ Sellerརེད།Yes.
- ཟླ་སྒྲོན་ Dadrönསྒོར་མོ་༢་༦༠2.60 Reminbi.
- ལཱ་སེ།Here you are.
- ཚོང་པ་ Sellerསློག་དགོས་རེད་པས་ལྟ།Do I need to give the change?
- ཟླ་སྒྲོན་ Dadrönརྫུན་མ་ཞིག་གནང་དང་།You can pretend to give me.
- ཚོང་པ་ Sellerརྫུན་མ་ཞིག་སློག་ན་ད་ག་རེད་པཱ།So I have to give you some change.
- ཟླ་སྒྲོན་ Dadrönའོ།Yes.
- ཞུགས་འོ།Goodbye.