31 Jan 2012
2 min 33 sec
Video Overview
Creators:
Unknown
Buying tea in an alley of the Tromzikhang
- Lhasa
- Tromzikkhang
- ཇ་བཅད་ཤིང་འདི་ག་ཚོད་རེད།How much is for the loose tea?
- འདའ་ཡ་༢དང་མོའོ་རྩེ་༥2.5 Yuan.
- ༢དང་མོའི་རྩེ་༥2.5 Yuan?
- འོ།Yes.
- བག་ཆུང་ལ་ག་ཚོད་བྱེད་ཀྱི་ཡོག་རེད།What does this bagchung (brick tea) sell for?
- བང་ཆུང་ལ་ཡ་༢དང་མོའོ་རྩེ་༥གཅིག་པ་རེད། བཅད་ཤིང་དང་གཅིག་པ་རེད།The price for one bagchung is same as that of the loose tea. It's also 2.5 Yuan.
- ཨ་ལས། ཇ་རིལ་ལ།I see. How much is the rolled tea?
- ཇ་རིལ་ལ་༣རེད། ཏིག་ཙམ་བཅད་ཤིང་དང་ཏིག་ཙམ་ཡག་གི་རེད།Rolled tea is 3 Yuan. It is better than the other tea leaves.
- ཨ་ལས། འདི་ཁུ་བ་ཏིག་ཙམ་མང་པ་མེད་འགྲོ།I see. Is it because you get more juice from this one?
- རེད། ཁུ་བ་དང་དེ་ཚོ་གང་ག་དེ་ལས་ཡག་གི་རེད།Correct. And the tea prepared from this one is better than the rest.
- ཨ་ལས། ཨཱ་ནི་ཇ་མཁྲེགས་ཇ་ལ་ག་ཚོད་རེད།I see. What does the dried hard tea sell for?
- མཁྲེགས་ཇ་སྒོར་མོ་༢རེད།The price for the hard tea is two Yuan.
- སྒོར་མོ་༢ལགས།Two Yuan?
- འོ།Yes.
- ཨ་ལས།I see.
- ཁྱེད་རང་ག་གི་གཟིགས་གནང་ག འདི་ཡང་ཡག་པོ་ཡོག་རེད་ད། ཇ་སྐམ་པོ་རེད། ཇ་ཁུ་སྐམ་པོ།Which one do you want to buy? That one is also good. It's instant tea powder.
- ཇ་ཁུ་སྐམ་པོ་དེ་ལགས།Instant tea powder?
- ཕྱི་ལོགས་དང་ག་པར་ཕེབས་ཀྱང་འདི་འཁྱེར་དུས་ཙམ་ལ་འཁྱེར་བདེ་པོ་ཡོག་རེད། ཁོ་འདི་འདྲས་རེད་པ། ཆུ་ནང་ལ་བན་གནང་དང་ད་ག་ལམ་སང་རེད། ཡང་ཨེ་འདྲས་སེ་བསྐོལ་དང་རྙོག་ཁྲ་ཨེ་འདྲས་ཡོག་མ་རེད་པ།If you go out or travel, it is very convenient. You can get tea instantly by adding hot water to the tea powder. It's easy to prepare.
- ཨ་ལས། རེད་པས།I see. Really?
- འོ། འདི་ཡང་སྒམ་ཆུང་གང་ལ་སྒོར་མོ་༣༠རེད།Yes. A box of instant tea is 30 Yuan.
- སྒོར་མོ་༣༠ལགས།30 Yuan?
- འོ།Yes.
- ཨཱ་ནི་འོ་ཇ་བག་ཆུང་བསིལ་ར་གཅིག་ཉོས་ན་ག་ཚོད་བྱེད་ཀྱི་ཡོག་རེད།How much is for the bamboo pack of tea?
- བསིལ་ར་གཅིག་ལ་སྒོར་མོ་༤༥རེད་འདའ།It sells for 45 Yuan.
- ༤༥45?
- འོ།Yes.
- ཏིག་ཙམ་བཅག་ཡག་ཡོག་མ་རེད་པས།Can't you give me some discount?
- ཨཱ་ནི་ཁྱེད་རང་གཟིགས་ན་སྒོར་མོ་༤༠བྱས་གནང་དང་། ༤༠ནས་བཅག་ཡག་མི་འདུགI can make it 40 Yuan. That's final price.
- ལྟ་ང་ཚོ་ཚོང་ཤག་རེད། ཨེ་འདྲས་མ་གསུངས།We are regular customers.
- ༤༠ནས་བཅག་ཡག་མི་འདུག དེ་ནས་བཅག་ན་ཨཱ་ནི་ང་ཚོ་ཚོང་ཁེ་བཟང་གཅིག་རྐྱང་མི་འདུགI can't go below that.
- ལྟ་ཡག་པོ་བྱས་གསུངས་གནང་དང་།Please give some discount.
- ༤༠ནས་བཅག་ཡག་མི་འདུག40 Yuan is the final price.
- ༣༥བྱེད།Can you sell it for 35 Yuan?
- ༤༠ནས་བཅག་ཡག་མི་འདུག བཅག་ཡག་ཁྱོན་ནས་མི་འདུག དེང་སང་ཕ་ནས་ཇ་མིན་གོང་འཕར་འདུག་གI can't sell below 40 Yuan. These days, the price of tea went up.
- ཨཱ་ནི་ང་ཨེ་འདྲས་གཅིག་ཀྱང་ཉོ་དགོས་ཀྱི་ཡོད།I will also buy this one.
- ཨེ་འདྲས་གཟིགས་ནའི་ལས་བཅག་ཡག་མི་འདུག ང་ཚོ་ཁེ་བཟང་གཅིག་ཀྱང་མི་འདུགEven so, I can't give you a further discount because we don't have any profit.
- རེད་པས།Really?
- འོ།Yes.
- ཨཱ་ནི་ཁྱེད་རང་གི་གཟིགས་གནང་གWhich one do you want to buy?
- ཨཱ་ནི་ང་ཕ་ནས་བསིལ་ར་གཅིག་དང་། དེ་ནས་ཤོག་སྒམ་གཅིག་བཙོངས་གནང་དང་།From there, I need one long pack of tea and one box of instant tea.
- ལགས་སེ།Okay.
- ཁྱོན་བསྡོམས་ག་ཚོད་རེད།What is the total cost?
- ཨམ་འདའི་ཡ་༣༠བྱས། ཕ་གིར་༤༥རེད། ༧༥རེད།This one is 30 Yuan, and that one is 45 Yuan. Your total is 75 Yuan.
- ༧༥ལགས།75 Yuan?
- འོ།Yes.
- ལགས་སེ།Okay.
- ཏིག་ཙམ་བཞུགས་གནང་ཨ།One moment, please.
- འོ།Okay.
- ལྟ་ཇ་ཡག་པོ་ཡོག་རེད་པ།Are you sure these tea are good?
- ཇ་སྣང་དག་མེད། ཡག་པོ་མི་འདུག་ན་ཁྱེད་རང་ཚུར་བརྗེ་ཀ་ཕེབས་དང་།Yes. If they are not good, you can return them.
- ལྟ་ཡག་པོ་མི་འདུག་ན་ཡོང་གི་རེད་ད།If they are not good, I will come back for sure.
- ལགས་སེ། ལགས་སེ། སྣང་དག་མི་དགོས།Okay. Okay. Don't worry.
- ཁྱེད་རང་ཁས་མི་ལེན་པ་མ་བྱེད་ལགས།You have to keep your promise.
- ལགས་སེ། ལགས་སེ། སྣང་དག་མི་དགོས། ཨཱ་ལས་ཇ་སྒམ་ཆུང་འདའི་བཞག་གི་ཡིན།Sure, no problem. I will leave the box here for a moment.
- འོ།Okay.
- ཁྱེད་རང་ཡེ་ནས་བསིལ་ར་ཡག་ག་ཞིག་བཏོན་གནང་ཨཱ།Please, give me a good pack from there.
- བསིལ་ར་འདི་སྣང་དག་མེད། འདི་སྣང་དག་མི་འདུག་གThis is very good. Isn't so?
- འོ་རེད་ཤག ལྟ་འདི་ཞིགYes, it's good. I will take this one.
- ལྟ་འདི་བསྣམས་གས།Do you want to take this one?
- འོ།Yes.
- ལཱ་སེ། ༧༥ཏག་ཏག་ཡིན།Here you are, exactly 75 Yuan.
- ལོའོ།Okay.
- ལྗགས་རྩིས་ཞིག་བསྐྱོན་གནང་དང་། ཏག་ཏག་ཡིན་ད།Please, count the money.
- འོ།Okay.
- ཨཱ་ནི་འདི་ཞིགAnd this one.
- ཁྱེད་རང་བསྣམས་ཐུབ་པ་འདུག་གས།Are you able to carry it?
- ལྟ་ཡོང་ང་།I think it will be fine.
- ངས་འདི་ནས་ཡར་མོ་ཊ་ཞིག་སྐད་བཏང་རོགས་བྱེད་ཀDo you want me to call a taxi for you?
- འོ་ཐུགས་རྗེ་གནང་། སྐུ་ཅི།Yes, please. Thank you very much.
- ལགས་སེ།Okay.
- མཉམ་དུ་བཀྱག་ནས་འཁྱེར་ན།We can carry it together.
- ཨཱ་འོ་ཐུགས་རྗེ།Oh, thank you.
- ལྟ་རྐུབ་སྟེགས་སྒང་ལ་གཅིག་བཞག་ན།We can leave it on the chair for a moment.
- ལགས་འོང་། ལགས་སེ། ཁྱེད་རང་མོ་ཊ་ཞིག་སྐད་གཏོང་བར་ཐད། ངས་འདའི་ཉར་བསྡད་ཀོOkay. You can go and call a cab; I will hold it here for you.
- ལགས་སེ།Okay.