15 Dec 2011
5 min 9 sec
Video Overview
Creators:
Unknown
This is a conversation between Dadrön and a Khampa (khams pa) woman on a Barkor street about buying some jewelry. It is a really hard bargain. This conversation also mentions the issue about false or true jewelry, the place of production, and the price of jewelry.
该剧发生在拉萨八角街的一角。达珍和普珍在逛街的过程中,达珍与一个康区来的女珠宝商贩间为了珠宝买卖而引出的。自始至终,的确是段精彩的讨价还价的对话。对话中还涉及到珠宝的真伪、产地以及价格等等。 在八角街购买首饰。
- Lhasa
- Ü
- Barkor
- འདའི་ག་ཚོད་རེད།How much for this one?
- འདའི་སྒོར་མོ་༡༠It costs 10 yuan.
- སྒོར་མོ་བཅུ་ལགས།10 yuan?
- འོ་འོ།Yes.
- ཨ་ལས།I see.
- འདི་ག་རེས་བཟོས་རྒྱོག་རེད།What material is it made from?
- འདི་འཆང་གི་བཟོས་རྒྱོག་རེད་པ།Is this made from chang?
- རེད།Yes.
- འཆང་གི་བཟོ་རྒྱོག་རེད། རྡོ་ཙོབ།Made from chang. It is a kind of stone.
- རྡོ་ཙོབ།Stone?
- འོ།Yes.
- ཨ་ལས། ཨཱ་ནི་དཀྱིལ་འདི།I see. How about this middle one?
- འདི་རྡོ་ཙོབ་རེད།That is stone too.
- མཉམ་པོ་ཆ་རེད་པས།Are they made from the same material?
- འོ། ཆ་རེད།Yes, they are.
- ཨའང་།Okay.
- འདི་རྡོ་ཙོབ་ཚོབ་བརྒྱབ་བཞག་འདུག་ག ནང་འདིར་འདུག་གIt is a colored stone.
- ཕྱི་མིག་དང་ཕྱི་མིག་བཟོས་ཡོག་རེད། ཁོ་རང་ཚོས་བཟོས་འདུག་གThey have circular designs on it.
- ཨ་ལས། འོ་གཟི་རྫུན་བཟོ་ལྟ་བྱས་ཨེས།Oh, I see. You mean like the patterns of Zi beads?
- འོ་འོ། གཟི་བཟོ་ལྟ།Yes. Yes. Like Zi beads.
- ཨ་ལས།I see.
- གཟི་རྫུན་མ་རེད་པ།This is fake Zi.
- ཨ་ལས།I see.
- གཟི་བཟོ་ལྟ་བྱས། འདའི།Look, they are made to look like Zi.
- ཨ་ལས།I see.
- སྐོར་ར་རྒྱག་དང་།You can turn around and see.
- འོང་འོང་།I got you.
- འདིའི་སྒང་གི་འདི་གས་ག་རེའི་ཡི་གེ་རེད།What are these letters?
- འདི་མ་ཎི།This is a mantra.
- མ་ཎི།Mantra?
- འོ་འོ།Yes, mantra.
- ཨོའོ།Okay.
- འདི་དངོས་གནས་བྱས་ན་ཁོ་རང་ཚོས་ཧ་གོ་གི་རེད། ཁོང་རང་ཚོའི་ཕིན་དབྱིན་(Ch. 拼音)བརྒྱབ་ཡོག་རེད་པ།Actually, the foreigners know these letters. It's English lettering.
- ཨོའོ།I see.
- ཕྱི་རྒྱལ་གྱི།It is a foreign language.
- ཨོའོ།I see.
- ལྟ་འདིའི་ནང་གི་འདི་གས་གཡུ་དངོས་གནས་རེད་པས།Are these real turquoises?
- གཡུ་དངོས་གནས་རེད།They are real turquoise.
- གཡུ་དངོས་གནས་རེད་ཨས།You said they are real?
- འོ་འོ།Yes.
- ཨཱ་ནི་ག་ཚོད་བྱེད་ཀྱི་ཡོག་རེད།Then how much for this one?
- འདི་༢༥This one is 25 yuan.
- ༢༥གཡུ་དངོས་གནས་ཨེས།25 yuan for a real turquoise?
- འོ་འོ།Yes.
- རེད། གཡུ་དངོས་གནས་རེད། རང་གཟིགས་དང་།Yes, it is real turquoise. You can have a look.
- རེད་པ།Right?
- ཟླ་སྒྲོན་འདིར་གཅིག་ཤོག་དང་།Dadrön, can you please come here?
- འདི་གཡུ་དངོས་གནས་རེད་འདུག་གས།Is it real turquoise?
- ཨཱ་ནི་འདའི་ག་ཚོད་རེད།And how much for this one?
- འདི་༧༥75 yuan.
- ༧༥75?
- འོ་འོ།Yes.
- ཨོའོ།Okay.
- འདི་སྐེ་ལ་བཏགས་ཡག་རེད་པས།Is it for the neck?
- སྐེ་ལ་བཏགས་ཡག་རེད།Yes, it is.
- ཨི་ཁུང་གཉིས་འདུག་ཨཱ་ནི་གང་འདྲ་སེ་རྒྱུད་དགོས་ཀྱི་རེད།There are two holes. How you put the string?
- ཨེ་འདྲས་རེད།Like this.
- ཨེ་འདྲས་སེ་ཨས།You mean like this?
- འོ།Yes.
- ཨོའོ།Okay.
- འདི་བཀྲ་ཤིས་རྟགས་བརྒྱད་རེད། རེད་པ།These are the eight auspicious signs. Right?
- རེད།Right.
- ཨ་ལས།I see.
- དུང་དཀར། གདུགས། པ་ཏྲ། ལྟ་འདི་གནོད་པ་བཀག་ཡག་བཟོ་ལྟ་གཅིག་རེད་པས།The conch, the parasol, and the endless knots. And this is a sort of protection for you from any harm.
- འོ།Yes.
- ཨོའོ།Okay.
- ལྟ་ཚོང་གཅིག་རྒྱོབ་ཨང་།You should buy something.
- ཡག་ཡགOkay.
- ཨ་ལས་སྒུགས་རོགས།Just one moment.
- འོ་ཛི་འདི་གས་གཟི་འདྲ་བ་ལགས།Oh my, they look like Zi.
- གཟི་དངོས་འབྲེལ་རེད་པས།Are they real Zi?
- རེད།Yes.
- རེད་ཨས། གཟི་དངོས་འབྲེལ།You said they are real Zi.
- ཐེཡེ་ཡང་ (Ch.太阳)གཟི།It is called sun Zi.
- ཐེཡེ་ཡང་གཟི་ཟེར་ན།What that mean?
- གཟི་ཐེཡེ་ཡང་གཟི་ལྟ་ག་རེད་ཟེར་དགོས་ཀྱི་རེད། ཐེཡེ་ཡང་གིས་ཚོས་འབུད་རྒྱོག་རེད།How should I explain. These colors are created by sunlight.
- ཚོས་འབུད་པ།Colored one.
- འོ།Yes.
- གཟི་གསར་པ་གཅིག་ཐོན་སོང་ང་།This is a new type of Zi.
- འོ་འོ།Yes.
- འོ་འདི་རེད།This is the one.
- གཟི་རྙིང་པ་དེ་མ་རེད།Not like the old Zi.
- ཨོའོ།Okay.
- ཨཱ་ནི་བྱུ་རུ་བཙོངས་ཡག་ཡོག་རེད་པས། ཨ་ཅག་རང་འདའི་Sister, do you sell coral here?
- བྱུ་རུ་མི་འདུགI don't have any.
- ཨཱ་ནི་འདི་གས་བྱུ་རུ་མ་རེད་པས།Are these not coral?
- དངོས་གནས་བཟོ་ལྟ་བྱུ་རུ་མ་རེད།They are look like real coral. But they are not.
- བྱུ་རུ་ཆུང་ཆུང་འདི་གས་བྱུ་རུ་དངོས་འབྲེལ་མ་རེད་པས།These small beads are not real coral?
- འོ།Yes.
- ཨཱ་མོ་ལོ། གཡུ་དེ་ཆེ་བ་ལགས།Oh, this turquoise is really big.
- འདི་ཟི་ལིང་གའི་གཡུ་འདི་རེད་པས།Is this turquoise from Kansu?
- རེད།Yes.
- འདི་ཚོ་གཡུ་དངོས་གནས་རེད།These are real turquoise.
- གཡུ་དངོས་གནས་དང་འདི་ཚོ་བཅས་འདྲ་གི་མིན་འདུགThey look different compared to a real turquoise.
- འདྲ་གི་མ་རེད། རང་འདིར་གྲི་བསྣུན་ཡག་ཡོག་མ་རེད། དཀར་པོ་ཆགས་ཀྱི་རེད། འདིར་གྲི་བསྣུན་ཡག་ཡོག་མ་རེད།You cannot compare. If you cut with a knife, the fake one will show you white interior.
- ག་རེ་ཡོག་མ་རེད།What did you say?
- འདའི་གྲི་གྲི་ཨེ་འདྲས་འབུད་པ་རེད་པ་བག་ཐུབ་ཀྱི་མ་རེད། འདི་བག་དང་རང་ལམ་སེང་བག་ཐུབ་ཀྱི་རེད།This turquoise you cannot cut with a knife. But a fake one you can.
- འདི་གྲི་ཡིས་བག་ཐུབ་ཀྱི་མ་རེད་ཨས།You said you can't cut it?
- འོ་འོ།Yes.
- འདི་སྤུ་གུ་གཅིག་ལྟ་ག་བྱེད་དགོས་མིན་འགྲོI will get this one for a child.
- འདའི་ག་ཚོད་རེད་ཨ་ཅགSister, how much for this one?
- འདི་༢༥25 Yuan
- ༢༥ཨས།25?
- བཅག་ཡག་ཡོག་མ་རེད་པས།Can you please give me some discount?
- ད་བཅག་ཡག་ཞེ་དྲགས་མི་འདུགI can't.
- ཉོས་དང་། ང་སྒོ་ཚོང་ཡིན། ཚོང་སྒོ་ཚོང་མ་གཞི་འདི།Take it, this is my first sale.
- ལྟ་ཡག་པོ་བྱས་གཟུངས་ཨཱ་ཙི་ལྟ།Give me a good price.
- དངོས་གནས།Really, I can't give discount.
- ལྟ་༢༠བྱེད།I will sell it for 20 yuan.
- ལྟ་༢༠མ་བྱེད། ༡༥བྱེད།Not for 20 yuan. I will give you 15 yuan.
- ༡༥བྱས་ན་ཉོས་འགྲོ་གི་རེད།If you give it for me for 15 yuan. I will buy it.
- ལྟ་༢༠བྱེད།20 yuan.
- ལྟ་༡༥བྱེད། ཨཱ་ཙི།15 yuan.
- ༡༥བྱས་བཙོངས་གས།Do you want to sell it for 15 yuan?
- ༢༠བྱེད་། སྒོར་མོ་༥རང་རེད།Take it for 20 yuan. It is just additional 5 yuan.
- ཨཱ་ཙི་ལྟ་༡༥བྱེད། སྒོར་མོ་ལྔ་རེད།Oh, sell it for 15 yuan. It is only 5 yuan difference.
- 15ཡོང་བ་འདུག་གས། ཨ་ཅགSister, can you sell it for 15 yuan?
- ཨཱ་རོ།Oh!
- ཨཱ་ཛི་༡༥བྱས་ན་ངས་ལམ་སེང་ཉོ་གི་ཡིན།If you sell it for 15 yuan, I will pay for it immediately.
- ༡༥བྱེད་ཨཱ།15 yuan, okay?
- ལྟ་༢༥བྱེད།25 yuan.
- ༡༥བྱེད་བྱེད།15 yuan, okay?
- ཡ་༢༠བྱེད་ཀོ་ཟེར་ནས་༢༥ཟེར།I agreed to sell it for 20 yuan but misquoted it as 25 yuan.
- ༢༠བྱེད། ང་སྒོ་ཚོང་རེད། ལྟ་དེ་འདྲ་རྩ་བ་ནས་མ་བྱེད།This is my first sell of the day, so take it for 20 yuan. Please don't ask for further discount.
- ལྟ་༢༠བྱེད། ཨ་ཅག་རང་།Okay I will give you 20 yuan.
- འདའི་༢༠ཏག་ཏག་ཡིན་དཱ།Here, I have exact change.
- འོ་འོ།Okay.