Skip to main content Skip to search
18 Jun 2018
5 min 5 sec
Video Overview
Creators: 
Sonam Tobgye

Tshering Dema from Khoma village sings "Balithang Zhungley," an old boedra song. This is a song about the difference between the rich and the poor. While the rich man has wealth, horses, enough crops in the autumn, milk in the summer, and warm cover during the winter, the poor man has to endure hunger and thirst, and ultimately death due to bad living conditions. In both cases, it is believed that karma—good or bad merit accumulated from one's own actions in this life or in past lives—is what determines their destinies.  

༉  བ་ལི་ཐང་གཞུང་ལས་ཟེར་བའི་འབོད་སྒྲ་རྙིང་ཤོས་ཅིག་ ལྷུན་རྩེ་རྗོང་ཁག་ཁོ་མ་གསུས་ཚན་ནང་ ཚེ་རིང་སྒྲོལ་མ་གིས་འཐེན་ཏེ་ཡོདཔ་ཨིན། འབོད་སྒྲ་འདི་གི་བརྗོད་དོན་ཡང་ ཕྱུགཔ་དང་སྤྱང་ཀ་གཉིས་ཀྱི་བར་ནའི་ཁྱད་པར་སྟོན་དོ་ཡོདཔ་དང་ ཕྱོགས་གཅིག་ལས་གླུ་གཞས་འདི་གིས་ག་ཅི་སྟོནམ་སྨོ་ཟེར་བ་ཅིན་ འབྱོར་པ་དང་ལྡན་པའི་ཕྱུགཔ་ཚུ་ལུ་ རྒྱུ་དང་རྟ་ དེ་ལས་སེར་ཁའི་དུས་ལུ་ལོ་ཐོག་དང་བྱཱར་གྱི་ཚེ་ཨོམ་ དེ་མ་ཚད་དགུན་ལུ་དཔའ་རྔམ་ཆེ་བའི་ཚེམ་དྲུབ་ཚུ་ལངམ་སྦེ་ཡོད་པའི་སྐོར་ལས་སྟོན་དོ་ཡོདཔ་ཨིན། ཨིན་རུང་ཕྱོགས་གཅིག་ནང་ སྤྱང་ཀ་འདི་ཚུ་རང་སོའི་ལས་དང་རྒྱུ་འབྲས་ལས་བརྟེན་ འཆི་བའི་སྲོག་ལུ་ཐུག་པའི་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་ཡོད་མི་ཚུ་ཡང་སྟོན་དོ་ཡོདཔ་ཨིན། མདོར་བསྡུ་བ་ཅིན་གླུ་གཞས་འདི་གིས་ མི་སྤྱང་ཀ་དང་ཕྱུགཔ་གི་བར་ནའི་མི་ཚེ་གནས་སྟངས་ཀྱི་ཁྱད་པར་ཚུ་སྟོནམ་ཨིན་མས། གླུ་གཞས་འདི་ཡོངས་གྲགས་ཅན་ཅིག་མེན་རུང་ གཡུས་འདི་གི་སྔར་སྲོལ་སྦེ་ དང་ཕུའི་མི་རབས་ཚུ་ལས་བརྒྱུད་དེ་འོང་ནི་དེ་གིས་ ཕམ་རྒན་ཤོས་ཚུ་གིས་དུས་སྟོན་དང་ལོ་མཆོད་ དེ་ལས་ལཱ་འབད་ས་ལས་ཕར་འཐེན་སྲོལ་འདུག།

Transcript search
No results found for this search
0 of 0
  • Tshering Dema: སྭོ་ བ་ལི་ཐང་གཞུང་ནས་ཡ་རྟ་གཅིག་ཉོ། །རྟ་ལ་གསེར་སྒ་མ་རྒྱབ་ཡ་ལོ་གསུམ་སོང་། །རྟ་ལ་གསེར་སྒ་མ་རྒྱབ་ཡ་ལོ་གསུམ་སོང་། །
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ དུས་ད་ལ་གསེར་སྒ་ཡ་བཀལ་ལུགས་རེད། །རྟ་ཕོ་རྟ་རི་ལུ་ཡ་ཐལ་སོ་འདུག །རྟ་ཕོ་རྟ་རི་ལུ་ཡ་ཐལ་སོ་འདུག །
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ [དུས་སྟོན་དང་རྭ་བ་ཡ་ཚེ་ཉིན་མ། །?]ཕར་ཕྱུག་པོའི་བང་མཛོད་འབྲུ་ཡིས་གང་། །ཕར་ཕྱུག་པོའི་བང་མཛོད་འབྲུ་ཡིས་གང་།
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ [ལྟོ་སྟོང་སྟེ་ཤི་བར་ཡ་སྔོན་གྱི་ལས། །ཤིང་བྱི་བ་ང་ནས་ཡ་མགོན་མ་མཐོང་། །ཤིང་བྱི་བ་ང་ནས་ཡ་མགོན་མ་མཐོང་། །?]
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ [དུས་དབྱར་དང་ར་བ་ཡ་ཚེ་ཉིན་མ། །?]ཕར་ཕྱུག་པོའི་འོ་ཟོམ་ཡ་འོ་མས་གང་། །ཕར་ཕྱུག་པོའི་འོ་ཟོམ་ཡ་འོ་མས་གང་། །
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ [ཁ་སྐོམ་ལུགས་ཤེས་པར་?]ཡ་སྔོན་གྱི་ལས། །བྱ་ཁུ་བྱུག་ང་ནི་ཡ་རྣམ་ཅོ་ཐུང་། །བྱ་ཁུ་བྱུག་ང་ནི་ཡ་རྣམ་ཅོ་ཐུང་། །
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ [དུས་དགུན་དང་ར་བོ་ཡ་ཚེ་ཉིན་མ། །?]ཕར་ཕྱུག་པོའི་དཔའ་རྩལ་ཡ་དུག་རྩིམ་སྦྱར། །ཕར་ཕྱུག་པོའི་དཔའ་རྩལ་ཡ་དུག་རྩིམ་སྦྱར། །
    ཚེ་རིང་སྒྲོལ་མ
  • Tshering Dema: སྭོ་ [ཆ་ཆ་ལུགས་ཤེས་པར་?]ཡ་སྔོན་གྱི་ལས། །བགོ་ཐང་དཀར་ང་ནི་ཡ་རས་གོ་གྱོན། །བགོ་ཐང་དཀར་ང་ནི་ཡ་རས་བགོ་གྱོན། །
    ཚེ་རིང་སྒྲོལ་མ
  • Tshering Dema: ལགས་སོ་ལགས།། །།
    ཚེ་རིང་སྒྲོལ་མ