15 Dec 2011
3 min 27 sec
Video Overview
Creators:
Unknown
Purdrön pretends to be a cheese seller and sells different kinds of cheese to Dadrön.
- Lhasa
- Ü
- Tromzikkhang
- སྐྱུར་ཕྱུར་དེར་ག་ཚོད་རེད།How much for the cheese?
- རྒྱ་མ་སྒོར་མོ་༥རེད།It is 5 yuan per gyama (1/2 kilogram).
- ཏིག་ཙམ་གཟིགས་གནང་དང་།Please, buy some.
- སྒོར་མོ་༥ནས་བཅག་ཡག་ཡོག་མ་རེད་པས།Can't you give me some discount?
- ཨཱ། སྒོར་མ་༥ནས། ལྟ་སྒོར་མོ་༤དང་མོའོ་རྩེ་༥བྱེད། སྒོ་ཚོང་རྒྱག་རྒྱུ་ཡིན།Ah. I can make it 4.5 yuan per gyama. I haven't made my first sale yet.
- ལྟ་སྒོར་མོ་༤གནང་དང་།Please sell it for 4 yuan.
- ལྟ་སྒོར་མོ་༤དང་མོའོ་རྩེ་༥བྱེད། སྒོ་ཚོང་རྒྱག་རྒྱུ་ཡིན།Take it for 4.5 yuan. I am yet to make any sale.
- ལྟ་སྒོར་མོ་༤གནང་དང་། ང་ད་དུང་གཞན་པ་ལྷེབ་ཙམ་ཉོ་གི་ཡིན།Sell it for 4 yuan per gyama and I will also buy other stuff from you.
- ལཱ་སེ། ལཱ་སེ། ལཱ་སེ། བསྣམསདང་།Ok. Ok. Ok. Take it.
- འདི་བྱས། ཨ་ལས་ཏིག་ཙམ་བཞུགས་ཨང་། གྲོ་མ་དེར་ག་ཚོད་རེད།This one. One moment, please. How much for the droma (Tibetan wild sweet potato)?
- གྲོ་མ་རྒྱ་མ་སྒོར་མོ་༩རེད།It is 9 yuan per gyama.
- དགུ་ནས་ཡང་ཏིག་ཡོག་མ་རེད་པས།Can you reduce the price a little?
- ལྟ་༨དང་མོའོ་རྩེ་༥བྱེད།Take it for 8.5 yuan.
- ལྟ་མོའི་རྩེ་༥བཅག་ནས་༨ལ་གནང་དང་།By reducing the half yuan, sell it for 8 yuan.
- འོ་འོ། ལྟ་ཁྱེད་རང་་་།Alright, take it.
- ང་དེ་ནས་རྒྱ་ཕྱེད་དང་འདི་ནས་རྒྱ་མ་གང་ཞིག་བཀྱག་རོགས་གནང་།Please give me half gyama of that and one gyama of this.
- ལཱ་སེ། ཨ་ཅག་སྐུ་རྗེ་ང་ལ་འགྱིག་ཤོག་ཅིག་སྤྲོད་རོགས་གནང་དང་།Okay. Sister, can you please give me one plastic bag.
- ལཱ་སེ།Okay.
- གྲོ་མ་དེ་ག་དུས་ཀྱི་རེད། སོས་པ་ཡོག་རེད་པས།When you bought this droma? Is it fresh?
- འ་ཛི་སོས་པ་སོས་པ་ཡོག་རེད། ད་ལོའི་རེད། གཅིག་གཟིགས་གནང་དང་། འདའི།Oh, of course, it is fresh. It is this year's produce. Here, please have a look.
- ལཱ་སེ། ཨཱ་ནི་འོ་འདི་ནས་རྒྱ་ཕྱེད་ཅིག་བཀྱག་རོགས་གནང་།Alright, please give me half gyama.
- འོ། སྤྲོ་པོ་ཞིག་ཡོག་རེད། དེ་ནས་མཆོད་གནང་དང་།Okay. It is delicious. You can try it.
- རྒྱ་ཕྱེད་ཅིགPlease give me half gyama.
- ལཱ་སེ།Okay.
- རྒྱ་ཕྱེད་ལགས།Did you say half gyama?
- འོ།Yes.
- ལཱ་སེ།Okay.
- འདི་རེད་པས།Is this one?
- འདའི།Here.
- ལཱ་སེ།Okay.
- རྒྱ་ཕྱེད་ཏག་ཏགIt is exactly half gyama.
- འོ་འོ།Okay.
- ལཱ་སེ།Here it is.
- ལྟ་འདི་ནས་རྒྱ་མ་གང་།Give me one gyama from here.
- ལྟ་འདི་ནས་རྒྱ་མ་གང་ལགས།Did you say you need one gyama?
- འོ།Yes.
- ལཱ་སེ།Okay.
- ཨ་ཅག་འདི་ཅིག་ཧྲོབ་ཧྲོབ་འདི་གས།Sister, can you please give those solid ones?
- ལྟ་འདི་འདྲས་རེད། གང་ག་ཆ་རེད།Everything is like this. All are same.
- ལྟ་འགྲིགས་སོང་། འགྲིགས་སོང་།Alright. Alright.
- ལཱ་སེ།Okay.
- འོ་ཐུགས་རྗེ།Thank you.
- རྒྱ་མ་གང་ལགས།How much you want?
- རྒྱ་མ་གང་ཏག་ཏག་ལས་མ་དགོས།I would like exactly one gyama.
- ལཱ་སེ།Okay.
- ལཱ་སེ།Here it is.
- རྒྱ་མ་གང་དང་སྲང་དོ།Here, 1.2 gyama.
- ཨཱ་ནི་སྲང་དོ་དེ་གཡུགས་བཞག་གནང་དང་།Please make it exactly one gyama.
- ལྟ་སྲང་དོ་དེ་མོའི་རྩེ་༥ལ་བརྩིས་གནང་འ་ཛི།For the extra 0.2 gyama, I will give it to you for only half yuan.
- ལཱ་སེ། ལཱ་སེ། ལཱ་སེ།Ok. Ok. Ok.
- འོ་ཨེ་འདྲས་སེ། ལྟ་ད་དུང་གང་ནས་གཟིགས་ཀྱི་ཡིན།Like that. What else you want to buy?
- ཨམ་་་Um...
- འདའི། ཕྱུ་ར་དེ་ཡག་པོ་ཞིག་ཡོད། མངར་མོ་མངར་རྐྱང་རེད། གཅིག་གཟིགས་གནང་དང་།That hard cheese is excellent. It is really sweet. Please, buy some.
- འདི་ལགས།You mean this one?
- འོ།Yes.
- འདའི། གཟིགས་གནང་དང་། འདི་ནས་གཅིག་མཆོད་གནང་དང་། སྤྲོ་པོ་ཞིག་ཡོད། སོས་པ་སོས་པ་ཡིན།Here, please have a look. It is delicious. Try a piece, please. And it is fresh.
- ལཱ་སེ།Okay.
- འདའི་ག་ཚོད་རེད།How much for this one?
- ཨཱ་འདའི་རྒྱ་མ་སྒོར་མོ་དགུ་རེད།This is one 9 yuan per gyama.
- དགུ་ནས་བཅག་ཡག་ཡོག་མ་རེད་པས།Can't you reduce the price a little?
- དགུ་ནས་བཅག་ཡག་ཡོག་མ་རེད།No, I can't.
- ལྟ་ཏིག་ཙམ་བཅག་གནང་དང་། ང་ཆོག་ཏོ་ཉོས་མ་སོང་ངས།Please give me some discount. I already bought a lot from you.
- ལྟ་བརྒྱད་བྱེད།Take it for 8 yuan.
- ཨམ་་་ ལགས་སེ།Um...Okay.
- ལྟ་འདི་ནས་རྒྱ་མ་ག་ཚོད་བཀྱག་དགོས་ཀྱི་རེད།How many gyama of this you need?
- རྒྱ་མ་གང་ཅིགPlease, give me one gyama.
- རྒྱ་མ་གང་ལགས། འདའི་ལྟ་རྒྱ་མ་དོ་གཟིགས་གནང་། ཨཱ་ཙི།Only one gyama? Take two gyamas.
- ལཱ་སེ། ལཱ་སེ། ལྟ་རྒྱ་མ་དོ།Okay. Okay. I will take two gyamas.
- འདའི། ཨཱ་ནི་འདི་རྒྱ་མ་དོ་ཏག་ཏག་རེད།Here, this one has exactly two gyamas.
- འོ།Okay.
- ཨཱ་ནི་ག་ཚོད་རེད།What is my total?
- བརྒྱད། རྒྱ་མ་དོ་ལ་བརྒྱད་གཉིས་བཅུ་དྲུག་བྱས། འདའི་སྒོར་མོ་བརྒྱད། སྒོར་མོ་་་རྒྱ་ཕྱེད་ལ་སྒོར་མོ་གསུམ་བྱས་མོའོ་རྩེ་༥རེད་པ།8, two gyamas cost 16 yuan. This one is 8 yuan. For half gyama it is 3.5 yuan.
- འོ།Right.
- ༨ ༡༦ ༡༩བྱས། འདའི་སྒོར་མོ་༤རེད།8, 16, 19, and 19. And this one is 4 yuan.
- ལཱ་སེ།Okay.
- ཨཱ་ནི་འདི་འདྲས་སེ་ཏག་ཏག་བྱས། འདའི་ཏག་ཏག་རེད་དཱ།So that is good.
- ལཱ་སེ།Okay.
- འོ་ཐུགས་རྗེ་གནང་།Thank you very much.