15 Dec 2011
2 min 12 sec
Video Overview
Creators:
Unknown
Another variation of the car buying scenerio.
- Friendམོ་ཊ་གསར་པ་ཉོས་པས་སྤོ།Po (friend), did you buy this new car?
- Driverའོ་འོ། ལྟ་འདི་ཉོས་བཞག་པ་ཡིན།Yes, I bought it.
- གང་འདྲ་འདུགWhat do you think?
- Friendའོ་འོ། ཡག་པོ་ཉོས་ཤགYou bought a nice car.
- Driverཡག་པོ་ཉོས་ཤག་ཨས། ཨ།So you think it is good.
- Friendག་ཚོད་སྤྲད་པ།How much paid?
- Driverམོ་ཊ་ཁོ་ར་ཡ་ཁྲི་དྲུག་ཙམ་ཞིག་ཤོར་སོང་ང་།The car alone cost 60,000 (Renminbi).
- Friendཁྲི་དྲུག60,000.
- Driverཨཱ་ནི་འདིའི་སྒང་ལ་ཅ་ལག་ཆོག་ཏོ་ཉོས་གང་ལྟར་ཁྲི་བདུན་ཙམ་འགྲོ་གིས།In addition to that I bought many car accessories. In total, I spent about 70,000.
- Friendཨ་འང་།I see.
- ཅ་ལག་ག་རེ་ཉོས་པ།What did you buy?
- Driverཅ་ལག་ལྟ་འདའི་འདི་ཚོ་གང་ག་བཟོས་པ་རེད། འདའི།I fixed all these. Look.
- Friendའང་།I see.
- Driverགཞན་པེ་ཅིང་ནས་འདིའི་ནང་ལྷགས་པ་འཛུལ་གྱི་འདུག་གOtherwise while coming from Beijing, the wind get through it.
- Friendཨ་འང་།I see.
- Driverཨཱ་ནི་འདི་སྒར་པ་རེད་བྱས་ཙང་། འདི་འདུག་སེ་སྒར་ནང་ལོགས་དེ་ནས་ནས་ཚུར།So I added this from inside.
- Friendའང་།I see.
- Driverའདི་ཚུར་སྒར་ཙང་ལྷགས་པ་གང་ག་བཀག་གི་འདུག་གThis block the wind from getting inside.
- Friendའོ་འོ།I see.
- Driverཨཱ་ནི་སྒང་འདའི་ཞིང་ལི་ལྕགས་ (Ch.行李架) སྒར། གཞུག་མ་ཐག་རིང་པོ་འགྲོ་དུས་ཅ་ལག་བཞགOn the roof, I installed this luggage rack. It is good for long-distance travel.
- ཨཱ་ནི་འཁོར་ལོ་ཤ་སྟག་འདི་བརྗེས་པ་རེད་ཕར།I also changed the tires.
- Friendསྦོམ་པ་འདི།You got the wide tires.
- Driverའོ། འཁོར་ལོ་སྦོམ་པ་འདི་བརྗེས་པ་ཡིན།Yes, I replaced old ones with wide tires.
- Friendའོ་འོ།I see.
- Driverའཁོར་ལོ་སྦོམ་པ་འདི་བྱས། བྱས་ཙང་ཁ་ཙང་ཉོས་མ་ཉོས་གོང་ནས་མོ་ཊ་ཧ་མ་གོ་པ་བྱས།Apart from these new tires, only much later,
- Friendའོ།Yes.
- Driverའདི་ཚོ་གང་ག་ལོགས་འདི་བྱེད་ཀྱི་འདུག་ག སེར་ཁ་གས་བྱས།I noticed that that part started to crack open.
- Friendའདི།Here?
- Driverའོ་འོ། ལྕགས་སྒར་རྒྱོག་རེད་ཐོལ་པ།Yes. So I patched it with metal.
- Friendའདི་སོ་སོས་སྒར་པས།You did it yourself!
- Driverསོ་སོས་སྒར་པ་རེད་ཡང་།Yes, I did it.
- Friendའོ་འོ། ངས་ནི་དང་པོ་ནས་ཡོད་རེད་བསམས་བྱུང་།I see. At first, I thought it is part of the design.
- Driverལྟ་འདའི་འདི་ཚོའི་ནང་ལོགས་ལ་ལྟོས་དང་།Now look inside here.
- Friendའོ།Yes.
- Driverའདིའི་ནང་ལོགས་ལ་ལྟ་འདའི་གང་ག་ལོགས་རས་འདི་ཚོ་གང་ག་ལོགས་གསར་པ་སྒར་བཞག་པ་ཡིན་ཡར།Look inside, I installed all these new cloth layers.
- Friendཨ་འང་།I see.
- Driverགསར་པ་སྒར་བྱས་ཆ་ཚང་གཅིག བྱས་ངན་མི་འདུག་ལྟ།They all are newly installed. Otherwise, it looks bad.
- Friendགསར་པ་བཟོ་ཀ་བྱེད་པས།So you redesigned it.
- Driverའོ།Yes.
- Friendལྟ་རྐུབ་ཀྱག་ལའང་ཤུབས་ཤིག་བཟོ་ག་བྱེད་དགོས་ཀྱི་རེད།Now you should also make a new seat cover.
- Driverབྱས་ན་ལྟ་རྐུབ་ཀྱག་འདའི་ཤུབས་ཤིག་བཟོ་གི་ཡིན་ད། འདིའི་སྒང་འདའི། རེད་པ།I will make a new seat cover. For this one, right?
- Friendའོ་རེད།Yes.
- Driverབོད་པའི་ད་ལྟའི་རྒྱབ་གཉེར་ཡོད་རྒྱོག་མི་འདུག་གས།I will choose that Tibetan design with back support.
- Friendའོ་རེད།Right.
- Driverའདི་འདྲས་ཀྱི་གང་རེད། ཁ་གདན་ལྷས་བཞག་རྒྱོག་ཅིགWhat is that? I mean the woven cushion.
- Friendའོ་རེད།Right.
- Driverའོ་ཨེ་འདྲས་གཅིག་གིས་བཟོས་ན་ཨོ་ཙམ་ཡོད་མ་རེད་པས།If I make something like this, it is going to be nice.
- Friendརེད།Yes.
- Driverའདུག་གRight?
- Friendརེད།Yes.
- Driverཨཱ་ནི་རྐུབ་འདའི་ཡ།For the seat.
- Friendའོ་འོ།Yes.
- Driverགཞན་མོ་ཊ་ཡག་པོ་བསྡད་ཡོད་རེད། བསྡད་འདུག་ག་ད་ལྟ།Otherwise, the car is in a perfect condition. What do you think?
- Friendསྣང་དག་མི་འདུག་གས།Yes, it is in an excellent condition.
- Driverསྣང་དག་ཁོ་ར་མི་འདུག་ལྟ།Yes, it is in perfect shape.
- Friendའོ་འོ།Right.
- Driverད་ལྟ་ཀུང་ལི་འདའི་ལྟོས་དང་། འདའི། ༣༩༠༠ ཙམ་མ་གཏོགས་ཕྱིན་མེད་བྱས་ཙང་།Now look at the mileage. So far the mileage is only 3900.
- Friendའ་ཨང་།Right.
- Driverའགྲོ་ཡག་རང་བྱས་ན་ཁ་སིང་།That is till yesterday.
- Friendའོ་འོ།Okay.
- Driverཡག་པོ་བསྡད་འདུག་གIt is in a great condition, right?
- Friendའོ།Yes.
- Driverཡར་མར་བྱས་ངས་རྐང་བཙུགས་ནས་པེ་ཅིང་གི་ཡག་ག་འདི་ཉོས་པ་ཡིན་ཁ་སིང་ཉོ་དུས།I did a lot of research beforehand and then bought this car in Beijing.
- Friendའ་ཨང་།I see.
- Driverགཞན་པ་དེ་འདི་རེད་འདིའི་རྒྱབ་ལོགས་འདི་ནས་མར་བྱས་ཏི་བན་རེད་ཡང་།There is another one where the rear part is covered with canvas.
- Friendའ་ཨང་།I see.
- Driverཏི་བན་བྱས་རྒྱ་ཆེན་པོ་ད་གི་ཙམ་ཡོད་མ་རེད།And the size of the car is quite small.
- Friendའོ་རེད།Okay.
- Driverཁོ་གང་ག་ཤེལ་སྒོ་སྒར་ཙང་མཐོང་རྒྱ་ཆེན་པོ་རྒྱོའོ་འདུག་གSince this one has glass windows, it appears spacious.
- ཨཱ་ནི་མོ་ཊ་འདུག་སེ་ནང་ལོགས་ནས་བལྟས་ནའི་ཕར་ཆེན་པོ་རྒྱོའོ་ཡོད་པའི་བཟོ་ལྟ།If you look from inside the car, it appears very big.
- Friendའོ་རེད།Right.
- Driverགཞན་གཞན་པ་དེ་ཏིག་ཙམ་མ་གཏོགས་ཡོད་མ་རེད། ཡང་འདུག་སེ་བལྟས་པ་དང་།The other car looks very small.
- ཁོ་གང་གོ་ལོགས་བཀབ་བྱས་ཏི་བན་དེས་བཀབ་བྱས།And the frame was mostly covered with canvas.
- Friendའོ་རེད།Right.
- Driverམཐོང་རྒྱ་གཅས་མི་འདུག་ག འོ་ཨེ་འདྲས་བཟོས་ཤག་བྱས་ཙང་།It was designed in such a way that it doesn't look spacious.
- Friendའོ་འོ།Okay.
- Driverལྟ་ད་རེས་སྔོན་ལ་མོ་ཊ་བཀྲུ་ཙམ་བྱེད་པ་ཕྱིན་ན་མ་གཏོགས།Today I need to wash the car.
- Friendའོ་རེད། གཅིག་བཀྲུ་དགོས་ཀྱིས།Yes, you need to wash it.
- Driverཁ་སང་མ་གིར་འདམ་བག་ནང་ཕྱིན་བྱས་ལྟ་འདམ་བག་ཆོག་ཏོ་མེད་པ་འགོས་སོང་ང་། ཆར་པའི་དཀྱིལ་ལ།The other day when it was raining, the car picked up a lot of muds and dirt.
- Friendའ་ཨང་།It did.
- ཡག་ཡག ཨཱ་ནི་ད་ག་ཡིན་རང་སྡོད་ཅིགGreat! I leave here today.
- Driverའོ་འོ།Okay.
- Friendང་འགྲོ་གི་ཡིན་ད།I am leaving now.
- Driverའོ་འོ།Alright.