15 Dec 2011
2 min 46 sec
Video Overview
Creators:
Unknown
A man buys a car and explains it's features to his friend while looking at it outside of the Kyichu Hotel. Key vocabulary words and phrases include: in the car, brakes, seat belt (sa khray?), kilometers, steering wheel, gas, going to the gas station, fixing the car, accelerate, turn, and how much farther to go.
- Lhasa
- Friendསྤོ། མོ་ཊ་ཉོས་པས།Friend, did you purchase this car?
- Driverའོ། མོ་ཊ་ཡག་པོ་འདུག་གས།Yes. Is it good?
- Friendམོ་ཊ་ཡག་པོ་འདུགThis car is good.
- Driverཨ།What?
- Friendག་ཚོད་སྤྲད་པ།How much you pay?
- Driverགང་ག་བསྡོམས་པའི་ལྟ་ཕལ་ཆེར་ཁྲི་བདུན། ཁྲི་བདུན་ཡོལ་ཙམ་བྱེད་ཀྱི་འདུག་གThe total cost of this car is little over 70,000 Renminbi.
- Friendཁྲི་བདུན་ཡོལ་ཙམ་བྱས། ཨང་།I see, over 70,000 Renminbi.
- Driverམ་གཞི་ཁོ་ར་འདི་སྤྲད་པ་ཡིན་པ་ཁྲི་དྲུག་དང་ལྷག་ཙམ་སྤྲད་པ་ཡིན་པ།The car lone cost little over 60,000 Renminbi.
- Friendའོ་འོ།Yes.
- Driverཨཱ་ནི་དེ་ནས་ད་ལྟ་གང་འདའི་ཞིང་ལི་ལྕགས་ (Ch.行李架) སྒར་བཞག་ཡོད།Then I added a rooftop luggage rack.
- Friendའོ་འདུགI can see it.
- Driverའདུག་གCan you see it?
- Friendའོ་འདུགYes.
- Driverཞིང་ལི་ལྕགས་བྱས་ཨཱ་ནི་འདི་ནས་འདའི་འདིའི་སྒང་འདའི་འདི་འདྲས་ཕར་བཟོས་པ་ཡིན་པ། འདི་ཚོ་གང་ག་ལོགས་ཐོལ་པ་སྒར་པ་རེད།In addition to the rack, I also added all these.
- Friendཨང་།I see.
- Driverགཞན་མ་གཞི་མོ་ཊ་འདི་པེ་ཅིང་ཟེར་ཡག་དེ་(ནས་)ཚུར་ཡོང་དུས་ལྷགས་པ་རྒྱོའོ་འཛུལ་ཡོང་གི་འདུག་ག ཐལ་ལ་འཛུལ་ཡོང་བྱས།If you don't do that, dust gets inside the car along with wind on the way from Beijing.
- Friendའོ།Okay.
- Driverམོ་ཊའི་ནང་ལོགས་ཐལ་ལ་འཛུལ་བྱས། ལྟ་ཁོས་ཐལ་ལ་རྒྱོའོ་བཀབ་ཐུབ་ཀྱི་རེད།This one block the dust from getting inside the car.
- Friendཨང་།I see.
- Driverཨཱ་ནི་འོག་འདི་ནས་མར་འགྱིག་དང་འདི་གས་གཅིག་བཏིང་།And I covered the floor with the rubber mat.
- Friendའོ་འདུགI can see that.
- Driverགཞན་མ་གཞི་མར་འདི་གང་རེད་ཆུ་དང་འདི་གས་གང་ག་འགྲོ་གི་འདུག་གIt helps to keep the floor dry by preventing the water inside those.
- Friendའོ།Okay.
- Driverལྟ་སྡུག་ཤོས་གང་འདུག་ཟེར་ན། འདི་རེད་ཤག་འདའི།Now this is the worst part.
- མོ་ཊ་པེ་ཅིང་ཁ་སང་ཉོས་བྱས་བྱས་ཙང་ཟླ་བ་གསུམ་ཙམ་ཕྱིན་པ་རེད་པ།This car was bought in Beijing three months back.
- Friendའོ་འོ།Yes. Yes.
- Driverའདི་སེར་ཁ་གས་ཡོང་བྱས། ཐོལ་པ་སྒར་རྒྱུ་རེད་ཤག་ལྕགས།And this part started to crack. So I patched it.
- Friendའོ་རེད་ཤགYes, I notice that.
- ལྕགས་ཐོལ་པ་སོ་སོས་སྒར་པས།Did you patch it with metal by yourself?
- Driverའོ་འོ།Yes.
- Friendའོ་ཨང་།I see.
- ངས་ནི་འདི་ཨོག་རེད་བསམས་བྱུང་།At first, I thought it was part of the design.
- Driverབྱས་ཙང་འདི་གས་གང་ག་ལོགས་བཟོས་པར་ཕར་ཆེར་སྟོང་ཕྲག་ཁ་ཤས་ཕྱིན་མེད་འགྲོ་འདིའི་ནང་ལོགས་ལ་ཡ།So fixing all these, including those inside the car, I think I spent about a few thousand Renminbi.
- Friendཨང་་་།I see.
- Driverཨཱ་ནི་དེ་འདྲའི་འདི་འདྲས་ཕ་ཡེ་ཊོག་ (Ch. 牌照) དང་འདི་གས་གང་གི་གཅིག་བཟོ་དགོས་ཀྱི་རེད་པ།Besides, you have to obtain the license plate and other things.
- Friendའོ་རེད།Right.
- Driverའདི་གས་གཅིག་བཟོས། གཞན་སྐད་དེ་འཇམ་པོ་རྒྱོའོ་བསྡད་ཡོད་ད་ལྟ།I got everything now. The car engine operates very smoothly.
- Friendཡག་པོ་འདུག་གས།Is it good?
- Driverའོ། མོ་ཊ་ཡག་པོ་ཡོད། ད་ལྟ་ལྟ་ཉོས་བྱས་ཟླ་བ་ཕལ་ཆེར་གཉིས་མ་ཟིན་ཙམ་བྱེད་ཀྱིས།Yes, the car is good. It is little over two months old.
- Friendཨཱ་འང་།I see.
- Driverའོ་ཨེ་འདྲས་ར་ཅིག་བྱེད་ཀྱིས། ལྟོས་དང་ཀུང་ལི་ (Ch.公里) ཞེ་དྲགས་ཕྱིན་མས།It's like that. Look at the mileage.
- Friendའོ་རེད།Right.
- Driver༣༩༠༠ མ་གཞི་ཕྱིན་ཡོད་མ་རེད།So far, the mileage is only 3900.
- Friendའོང་རེད་ཤགYes, I can see that.
- Driverཨེ་འདྲས་ར་ཅིག་བསྡད་ཡོད་རེད།So that is the current condition of the car.
- Friendའོ།Right.
- Driverམོ་ཊ་ཡག་པོ་འདུག་གIt is a good car, do you agree?
- Friendམོ་ཊ་ཡག་པོ་འདུགYes, it is a good car.
- Driverའོང་། བྱས་ཙང་།Right.
- Friendལྟ་བྱས་ན་ཕྱི་ལོགས་ཐག་རིང་པོར་འགྲོ་ཡག་གི་མོ་ཊ་རེད།So, this car is good for long-distance travel.
- Driverབྱས་ཙང་མོ་ཊ་ཡག་པོ་ཡོད། སྐད་ཤ་སྟག་ཡག་པོ་རྒྱོའོ་བསྡད་ཤག་མོ་ཊ།This car is good. Moreover, the sound of the car engine remains excellent.
- Friendའོ་འོ།I see.
- Driverའཇམ་པོ་རྒྱོའོ་འདུག་མོ་ཊ།It drives very smoothly.
- Friendའང་ཨང་།I see.
- Driverལྟོས་དང་སྐད་ཉོན་དང་།Listen to the sound.
- Friendའོ་འདུགYes, I can hear that.
- Driverསྣང་དག་མི་འདུག་ག་འདི་ཚོ།They are perfect, right?
- Friendསྣང་དག་མི་འདུགYes, I agree.
- Driverའོ། ལྟ་འདི་སྡུག་ཤོས་འདིའི་འོག་ནས་ཡར་བྱས་ལྟ་བྱས་ཙང་འདའི་འདི་ཚོའི་ནང་ལོགས་ལ་ཆུ་འཛུལ་ཡོང་གི་འདུག་ག འདའི།The main drawback is that water gets inside those, look.
- Friendའོ་འོ།Right.
- Driverལྟ་འགྱིག་དེ་ཚོ་ཡར་བཏིང་པ་རེད། ཐོལ་པ།So I covered them with the rubber mat.
- Friendཨང་།I see.
- Driverའདི་ནས་མར་བང་བྱས་བཏིང་པ་རེད། གཞན་མ་གཞི་ནང་ལོགས་ལ་ཆུ་འདི་བྱས་བྱས།I covered them all. Otherwise, water gets inside them.
- Friendའོ་འོ།Okay.
- Driverགསར་པ་དང་འདི་གས་གང་ག་བྱས་བྱས།So I covered them with the new rubber mat.
- གཞན་སྣང་དག་མི་འདུག་གOtherwise, it is perfect. Right?
- Friendའོ་མི་འདུགYes, it is good.
- འདི་གང་རེད་སྤོའོ།What is that?
- Driverག་གི འདི་འདི་རེད་རྡ་ཏང་ (Ch.大灯) གིWhich one? That is the headlight switch.
- Friendཨང་།I see.
- Driverརྡ་ཏང་གི་ཤེལ་ཏོག་རེད། གློག་བརྒྱག་ཡག འོ་འོ།That is for the headlight.
- རྡ་ཏང་འདུག་སེ་ཡར་སྤར་ན་འདི་རྡ་ཏང་རེད་པ།You can turn the headlight on like this.
- Friendཨང་།I see.
- Driverཨཱ་ནི་ཁོས་འདི་བྷན་ཀང་ (Ch.变光)ཟེར་བྱས་དགོང་དགAt night, you can change the light.
- Friendཨང་།I see.
- Driverམོ་ཊ་ཐག་རིང་པོ་འགྲོ་དུས་ཁོས་གློག་སྒྱུར་འགྲོ་གི་རེད་པ།When you travel
- Friendའོ་རེད།Right.
- Driverའདུག་སེ་སྒྱུར་བྱས་ཕར་ཚུར།You can change like this.
- Friendའོ་འོ།Right.
- སྤྱིར་བཏང་སྦག་སྦག་དང་འདྲ་པོ་ར་ཅིག་འདུགSo it is almost like a car.
- Driverརེད་ལྟ་ཁོ་འདའི་སྒྲོམ་ཡོད་རེད། ཨཱ་ནི་འཁོར་ལོ་བཞི་རེད།Right. However, a car got a body frame. Besides, it gots four wheels.
- Friendཨཱ་ཡེ།Yes.
- Driverགཞན་མ་གཞི་ཁྱད་ཟེ་ཡོད་མ་རེད། ལྟ་རྒྱུ་འདའི་ ་་་Otherwise, there is no difference.
- Friendའཁོར་ལོའང་ཞེང་ཁ་ཆེན་པོ་ཞེ་པོ་འདུག་ག་སྤོའོ་འདའི།The car tires are very broad.
- Driverའོ། བྱས་ཙང་འཁོར་ལ་འདི་སྡོམ་པ་དེ་ཉོས་པ་ཡིན།Right. I chose those.
- ད་ལྟ་ཁག་གཉིས་འདུག་ག་མོ་ཊ་འདིའི་གྲས་ལ།/This type of car comes in two different versions.
- Friendཨཱ་ལས།I see.
- Driverགཅིག་ཆུང་ང་། ཡང་འདི་ཡག་པོ་འདི་ག་ཙམ་མི་འདུག གཞན་པ་དེ།There is a smaller version of it. However, that one is not good.
- Friendཨང་།I see.
- Driverགཞན་པ་དེ་མར་མར་རྒྱབ་ལོགས་ལ་ཤེལ་སྒོ་ཡང་ཆེན་པོ་འདི་ག་ཙམ་ཡོད་མ་རེད།Besides, it gots a smaller back windshield.
- Friendཨ་འང་།I see.
- Driverརྒྱབ་ལོགས་མར་ཤེལ་སྒོ་ཏིག་ཙམ་ལས་ཡོད་མ་རེད།The car's rear windshield is very small.
- རྒྱབ་ལོགས་མར་ཏིལ་བར་གྱིས་བཀབ་བཞག་ཡོད་རེད།Moreover, the back was covered with a car cover.
- Friendའོང་འོང་།I see.
- Driverའདི་བྱས་ཙང་ངས་རྐང་བཙུགས་ནས་ཆེ་བ་དེ་ཉོ་བར་ཕྱིན་པ་རེད་པ། མོ་ཊ་འདུག་སེ་བལྟས་ན་རྒྱ་ཆེ་མདོག་ཁ་པོ་འདུག་གSo on purpose, I bought the bigger car. It looks spacious inside, right?
- Friendའོ་འོ།Yes.
- Driverགཞན་མ་གཞི་ཆོ་སེ་མིན་འདུགOtherwise it is not that useful.
- Friendའོ་ཡག མོ་ཊ་ཡོག་པོ་ཉོས་ཤགGreat! You bought a nice car.
- Driverའོ།Okay.
- Friendསྡོད་ཨཱ།Take care.