Video Overview
A person from the Amdo region buys butter in Lhasa from an Amdo butter shop on Ramoche street.
- Amdo
- མར་ཉོ་བ་སྒོར་མོ་བཅོ་ལྔ།
- མར་ཚོང་མཁན་ཨང་ཨང་།
- མར་ཉོ་བ་ཨོ། གོང་ཙིག་འེ་གཟིག་༼དུ་ཙམ༽བཤད་གྱི་ཨེ་ཡོད།
- མར་ཚོང་མཁན་གོང་བཤད་རྒྱུ་ཡོད་ནི་མ་རེད། བཅོ་ལྔ་ཡིན།
- མར་ཉོ་བ་བཤད་རྒྱུ་ཡོད་ནི་མ་རེད།
- མར་ཚོང་མཁན་ཨང་ཨང་འབྲི་མར་རེད།
- མར་ཚོང་མཁན་ཡག
- མར་ཉོ་བ་ཇ་ཞུགས་ན་ཞེ་གི་ཡག་ག།
- མར་ཚོང་མཁན་ཡག་ཀི མ་ཡག་ན་ཁྱེར་དགེ༼ཁྱོད་ཀྱི༽་བཞུག་ནས་ཕྱིར་ཁྱེར་ཤོག
- མར་ཉོ་བ་དེ་གོང་ཙིག་འེ་གཟིག༼དུ་ཙམ༽་བཤད་རྒྱུ་ཨེ་ཡོད།
- མར་ཚོང་མཁན་ད་ཡོད་ནི་མ་རེད།
- མར་ཉོ་བ་ཨེ།
- མར་ཚོང་མཁན་ངེས་ངན༼ངོ་མ༽།
- མར་ཉོ་བ་ཨོ་ཨོ། ད་དེ་ན་ང་འདི་གེ་མར་རྒྱ་མ
- མར་ཚོང་མཁན་འདི་དགོས་གི་པ། འདི
- མར་ཉོ་བ་ད་གོང་ཙིག་འེ་གཟིག་ལ་བཤད་རྒྱུ་མེད་ནེ།
- མར་ཚོང་མཁན་བཤད་རྒྱུ་ཡོད་ནེ་མ་རེད། ཙི་མ༼དུ་ཙམ༽་འདི་ཡག་ནི་རེད།
- མར་ཉོ་བ་འདི་ཙིག་འེ་ཡག
- མར་ཚོང་མཁན་ཨང་ཨང་།
- མར་ཉོ་བ་དེ་ན་ང་འདི་ཁ་ཁྲོ་གི་མར་རྒྱ་མ་འདི་འདི་ཅིག་བཅགས་ར་འདི་རྒྱ་མ་ཆི་མོ་གཟིག་༼དུ་༽ཡོད་ཀི་ཅིག་བལྟ་ར། གོང་ཙིག་འེ་གཟིག་ལ་བཤད་རྒྱུ་ཡོད་ནི་མ་ར།
- མར་ཚོང་མཁན་ཙིག་འེད་གཟིག་ར་བཤད་རྒྱ་ཡོད་ནི་མ་རེད།
- མར་ཉོ་བ་ཨོ་ཡ་ཡ་ཡ།
- མར་ཉོ་བ་རྒྱ་མ་ཆི་མོ་གཟིག༼དུ༽་ཡོད་ཀི
- མར་ཚོང་མཁན་རྒྱ་མ་དྲུག་ཡོད་ཀི
- མར་ཉོ་བ་རྒྱ་མ་དྲུག
- མར་ཚོང་མཁན་ཨང་ཨང་།
- མར་ཉོ་བ་ཨོད་ཡ་ད་ཁྱོས༼ཁྱོད་ཀྱིས༽་རྩིས་རྒྱོབ་ར།
- མར་ཚོང་མཁན་བརྒྱ་ར་དྲུག་ཅུ་ར། བརྒྱ་ར་དྲུག་ཅུ་རེད།
- མར་ཉོ་བ་བརྒྱ་ར་དྲུག་ཅུ།
- མར་ཚོང་མཁན་ཨང་ཨང་།
- མར་ཉོ་བ་རྒྱ་མ་དྲུག་བྱས་དང་། ཡང
- མར་ཚོང་མཁན་ཨོད་བརྒྱ་ར་དྲུག་ཅུ་གཟིག་ཡིན་ནས་མ་རེད།
- མར་ཉོ་བ་དུག་གོ་སྒོ་མོ༼སྒོར་མོ༽དྲུག་ཅུ་ཐམ་པ་ར།
- མར་ཚོང་མཁན་རེད།
- མར་ཉོ་བ་དྲུག་ལྔ་སུམ་ཅུ་ཐམ་པ་ར།
- མར་ཚོང་མཁན་རེད།
- མར་ཉོ་བ་ར།
- མར་ཚོང་མཁན་རེད།
- མར་ཉོ་བ་སྒོ་མོ༼སྒོར་མོ༽་དགུ་ཅུ་ཐམ་པ་ཏག་ཏག་ར།
- མར་ཚོང་མཁན་ཨོ་དགུ་ཅུ་ཐམ་པ་རེད།
- མར་ཉོ་བ་ཨོ་དེ་ན་ཁྱོ༼ཁྱོད་ཀྱིས༽་ང་ཙིག་འེ་གཟིག༼དུ་ཙམ༽་མགོ་རྒྱག་བདའ་ཀ༼མགོ་གཡོག་ཡོད་པ༽ཡང་།
- མར་ཚོང་མཁན་ངས་རྩིས་རྒྱག་ན་མི་ཤེས་དགོས་ཡ།
- མར་ཉོ་བ་ཨོ། ད་འོར་གི༼རྗེས་སུ༽་རྩི་རྒྱག་ཡག་བྱས་དགོ།
- མར་ཚོང་མཁན་ཨོ་ཡ།
- མར་ཉོ་བ་ཨོ་ཡ་ཡ། འདི་འདི་འདི། ད་ཁྱོད་ཞི་མོ༼བུ་མོ༽་དྲང་མོ་གཟིག་རེད། ཁྱོད་ང་ཡ་ད་ཁྱོད་ང་མགོ་འ་རྒྱག་བསམ་དགོ་ཁ་འདྲ་འདྲ་གཟིག་ཡ་རེད་དགོ
- མར་ཚོང་མཁན་ངས།
- མར་ཉོ་བ་ཨ།
- མར་ཚོང་མཁན་རྩིས་རྒྱབ་ན་མི་ཤེས་དགོས་ཡ། ད་ཞུགས་མ་གཟོ༼བཞུགས་མ་འམ་རྗེས་སུ༽་རྩིས་རྒྱག་ཡག་སྟེར་དགོ དེ་ཡིན་ནོ་སྟབས་རེད༼དེ་རྐྱེན་གྱིས་རེད༽།
- མར་ཉོ་བ་ཡ་ཡ། ད་ང་ཕྱིར་ར་སྒོ་མོ༼སྒོར་མོ་༽་བཅུ་ཐམ་པ་རྫོགས་བ་དང་།
- མར་ཚོང་མཁན་ཨོ་ཡ།
- མར་ཉོ་བ་ད་མར་ཡག་དང་ན་ང་འོར་ག༼ཡང་བསྐྱར༽་ཉོ་གི་ཡོང་བ་དགོ
- མར་ཚོང་མཁན་ཨོ་ཡ།
- མར་ཉོ་བ་ཨོ་ཡ་ཁྱོ༼ཁྱོད་ཀྱིས༽་རྒྱ་མ་ཡག་ཀ་བྱས་རྒྱག་རེ་བཅོས་ད།
- མར་ཚོང་མཁན་རྒྱ་མ་ཞེ་གི་ཡག་ཀ་བྱས་རྒྱབ་ཡོད། མར་ད་བསམ་རྒྱུ་མེད།
- མར་ཉོ་བ་ཨོ་ཡ་ཡ།
- མར་ཚོང་མཁན་འབྲི་མར་ཏག་ཏག་རེད།
- མར་ཉོ་བ་ཨོ་ཡ་ད་ཁྱོ་སྡོད་ཀོད༼ཁྱོད་སྡོད༽། ད་ཁྱོ་སྡོད་འ༼ད་ཁྱོད་སྡོད༽ད་ཧྲ་གི༼བཟང་གི༽
- མར་ཚོང་མཁན་ཨོ་ཡ། བཞུགས་མ་ཉོ་གི་ཤོག་འ།
- མར་ཉོ་བ་ཨོ་ཡ་ཡ།
- མར་ཉོ་བ་་
- མར་ཚོང་མཁན་མར་ཨ་སྒོ་༼སྒོར༽མོ་བཅོ་ལྔ་རེད།
- མར་ཉོ་བ་ཨེ། མར་ཆི་བྱས༼དུ༽་ཡིན། ཁྱོད་མར།
- མར་ཉོ་བ་མར་ཞེ་གི་ཨེ་ཡག