Video Overview
༉ པདྨ་དགའ་ཚལ་ སྒོམ་ཆུ་ལུ་ རྒྱལ་པོ་གིས་འབད་ ཨོམ་དཀྱོགས་ཏེ་མར་བཏོན་མི་དེ་ འབྲུག་པའི་ཨོམ་དཀྱོག་ཐངས་དང་མར་བཟོ་ཐངས་ཅིག་ཨིན་མས། དེ་ཡང་ དེང་སང་མཚན་རིག་གི་འཕྲུལ་ཆས་ གོང་འཕེལ་མ་འགྱོ་བའི་ཧེ་མ་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པ་ག་ཏེ་ལུ་ཡང་ དེ་བཟུམ་སྦེ་ར་འབད་དེ་སྡོད་སྡོདཔ་ཨིན་མས། ད་ལྟོའི་བར་ན་ཡང་ དེང་སང་གི་འཕྲུལ་ཆས་དེ་ ས་གནས་ཁག་ཁག་ཅིག་ལས་ཕར་མ་གཏོགས་ ས་གནས་མང་ཤོས་ཅིག་ནང་ར་ ཧེ་མ་བཟུམ་སྦེ་རང་འབད་དེ་ཡོདཔ་ཨིན།
- Gomchu