Skip to main content Skip to search
15 Dec 2011
2 min 8 sec
Video Overview
Creators: 
Unknown

Trashi Norbu and Kelzang Püntsok look at a bus stop map and talk about how to get to Drapzhi Monastery and back.

ནོར་བུ་དང་སྐལ་བཟང་གཉིས་ཀྱིས་སྤྱི་སྤྱོད་རླངས་འཁོར་གྱི་ས་བཀྲར་བལྟས་ནས་གྲྭ་བཞི་དགོན་པར་འགྲོ་ལམ་སྐོར་ལ་གྲོས་བསྡུར་བྱེད་པ།

Transcript search
No results found for this search
0 of 0
  • Friend 1 གྲོགས་པོ་༡
    Po (friend), if we go to Drazhi, how should we go from here? And which bus we need to take?
    ཨཱ་ནི་ང་གཉིས་འདའི་གྲྭ་བཞི་ཕྱིན་པ་ཡིན་ན་གང་འདྲ་སེ་འགྲོ་དགོས་ཀྱི་འདུག སྤོ། མོ་ཊ་ག་རེ་བསྡད་དགོས་ཀྱི་རེད།
  • Friend 2 གྲོགས་པོ་༢
    To go to Drazhi, currently we are standing here.
    བྱས་ཙང་ལྟ་གྲྭ་བཞི་འགྲོ་དུས་ད་ལྟ་བྱས་ཙང་ང་གཉིས་འདའི་ཡོད་རེད་པཱ།
  • Friend 1 གྲོགས་པོ་༡
    Yes.
    འོ་འདའི།
  • Friend 2 གྲོགས་པོ་༢
    From here, we need to take the bus number 111. It is 1311.
    འདི་ནས་ཡར་བྱས་ད་ལྟ་འདའི་ལྟོས་ཨང་འདི་བསྡད་དགོས་ཀྱི་རེད། ༡༡༡ བསྡད། མོ་ཊོ་༡༣༡༡
  • Friend 1 གྲོགས་པོ་༡
    Right.
    རེད་པཱ།
  • Friend 2 གྲོགས་པོ་༢
    That bus will take us near the foreign office of Tibetan Autonomous Region.
    འདི་བསྡད་བྱས་ཡར་ཡོང་བྱས་འདའི་སླེབས་ཀྱི་རེད། ད་ལྟ་གང་རེད་རང་སྐྱོང་ལྗོངས་ཀྱི་གཅིག་ཡོད་པཱ། ཕྱི་རྒྱལ་མ་གིར་ལས་ཁུངས་གཅིག་མེད་པས།
  • Friend 1 གྲོགས་པོ་༡
    Yes.
    འོ།
  • Friend 2 གྲོགས་པོ་༢
    From that corner, it will drive upward and will take us near ... What is that?
    འོ་མ་གིར་ཟུར་ནས་བྱས་ཡར་ཡོང་བྱས་ལྟ་འདི་འདའི་བསྐྱལ་གྱི་ཡོད་རེད། གང་རེད།
  • Tibet's ... um... what is it called?
    ད་ལྟའི་འདི། འོ། བོད་ཀྱི་འདི་ཞིག་ཡོད་པ། གང་ཟེར།
  • It's the Lhasa Hotel.
    ལྷ་སའི་འདི་ཞིག་མེད་པས་མགྲོན་ཁང་ཞིག
  • Friend 1 གྲོགས་པོ་༡
    Right.
    འོ་འོ།
  • Friend 2 གྲོགས་པོ་༢
    From Lhasa Hotel, we have to go upward.
    ལྷ་སའི་མགྲོན་ཁང་ནས་ཡར་ཡོང་།
  • Friend 1 གྲོགས་པོ་༡
    Okay.
    འོ་འོ།
  • Friend 2 གྲོགས་པོ་༢
    Then from that corner, where the yak's statue stands,
    ཨཱ་ནི་འདིའི་ཟུར་འདའི་ད་ལྟ་གཡག་ཡོད་སའི་དེ་ནས།
  • Friend 1 གྲོགས་པོ་༡
    From the yak's statue?
    གཡག་ཡོད་ས་དེ་ནས་རེད་པཱ།
  • Friend 2 གྲོགས་པོ་༢
    Yes, we have to get off the bus near the yak's statue.
    འོ། གཡག་ཡོད་ས་དེ་ནས་མོ་ཊ་(ནས་)འབབ།
  • If we don't, the bus will drive straight on the road in front of the Potala Palace.
    གཞན་མ་གཞན་གཡག་ཡོད་ནས་མོ་ཊ་མ་འབབ་ན། མོ་ཊ་དེ་ཁ་ཐུག་ཡར་འདིའི་ནང་། པོ་ཏ་ལ་མདུན་ནས་འགྲོ་གི་རེད་པཱ།
  • So we need to get off the bus near the yak's statue and switch to bus number 106.
    གཡག་ཡོད་ས་ནས་མོ་ཊ་(ནས་)འབབ་བྱས་འདའི་ཡ་འདི་གཅིག་ཡོད་རེད་༡༠༦བྱས་རྒྱོག
  • Friend 1 གྲོགས་པོ་༡
    106?
    ༡༠༦
  • Friend 2 གྲོགས་པོ་༢
    Yes. We need to ride it and go upward.
    འོ་འོ། འདི་བསྡད་བྱས་ཡར་འདུག་ཡོང་།
  • Here.
    འདའི།
  • Friend 1 གྲོགས་པོ་༡
    Okay.
    འོ་འོ།
  • Friend 2 གྲོགས་པོ་༢
    Moving here to there, we will reach the Lukhang (Naga Temple), which lies behind it.
    དེ་ནས་ཚུར་ཡོང་དང་འདིའི་རྒྱབ་དེར་ཀླུ་ཁང་རེད་པཱ།
  • Friend 1 གྲོགས་པོ་༡
    Yes.
    འོ་འོ།
  • Friend 2 གྲོགས་པོ་༢
    From Lukhang, we have to go there near the horse area.
    ཀླུ་ཁང་ནས་འདུག་སེ་འདའི་ཚུར་ཡོང་བྱས་ཨཱ་ནི་འདི་ཡོད་རེད། ད་ལྟའི་རྟ་ཡོད་ས་པ་ང་ཚོའི་ཡ་གིར།
  • Friend 1 གྲོགས་པོ་༡
    Near the horse area?
    དེ་རྟ་ཡོད་ས་དེ་རེད་པ།
  • Friend 2 གྲོགས་པོ་༢
    Yes. We have to get off there and go straight. Near it, we will notice the bus number 104 stand.
    འོ། རྟ་ཡོད་ས་དེར་འབབ། ཨཱ་ནི་རྟ་ཡོད་ས་ནས་འདུག་སེ་ཡར་ཡ་ཐུག་འདུག་སེ་ཡར་ཁ་ཐུག་དེད་དང་འདིའི་རྩར་འདའི་འདི་ཡོད་རེད། ༡༠༤བྱས་རྒྱོག་ཅིག་ཡོད་རེད།
  • Friend 1 གྲོགས་པོ་༡
    104?
    ༡༠༤
  • Friend 2 གྲོགས་པོ་༢
    Yes.
    འོ་འོ།
  • We need to get on the bus number 104, and it will drive one road to Drazhi.
    ༡༠༤ ནས་ཨཱ་ནི་འདུག་སེ་ཡར་རྒྱག་དང་ད་ལྟའི་འདའི་སླེབས་ཀྱི་རེད། གང་རེད་ང་ཚོའི་གྲྭ་བཞིའི་འགྲོ་སའི་ལམ་ཀ་འདིའི་སྒང་ལ་སླེབས་ཀྱི་ཡོད་རེད།
  • Friend 1 གྲོགས་པོ་༡
    I see.
    ཨཱའང་།
  • So it is where the human stone statue stands, is that correct?
    ལྟ་བྱས་ན་འདི་འདི་རེད་རྡབ་ཙོག་(རྡོའི་)མི་བསླངས་པ་དེ་རེད་པཱ།
  • Friend 2 གྲོགས་པོ་༢
    Right. From there it will drive to there.
    འོ། འོ་འདི་ནས་ཡར་བྱས་འདུག་སེ་བྱས་འདའི་སླེབས་ཀྱི་རེད།
  • Friend 1 གྲོགས་པོ་༡
    From there we have to take 11 something,
    འདི་ནས་༡༡གང་རེད་གཅིག
  • Friend 2 གྲོགས་པོ་༢
    It is 104.
    ༡༠༤ བསྡད་དང་།
  • Friend 1 གྲོགས་པོ་༡
    Is it 101?
    ༡༠༡ རེད་པས།
  • You are right. It is 101.
    101 རེད་ཤག
  • Friend 2 གྲོགས་པོ་༢
    If we ride the bus number 101, we will reach there.
    འོ་༡༠༡བསྡད་ན་ཡར་སླེབས་ཀྱི་ཡོད་རེད།
  • Friend 1 གྲོགས་པོ་༡
    Right?
    རེད་པཱ།
  • Friend 2 གྲོགས་པོ་༢
    Yes.
    འོ་འོ།
  • Friend 1 གྲོགས་པོ་༡
    We reach there, is that correct?
    འདི་བར་དུ་སླེབས་ཀྱི་ཡོད་རེད། རེད་པཱ།
  • Friend 2 གྲོགས་པོ་༢
    Yes. We will reach there. And that one is the road to Drazhi.
    འོ་འོ། འདི་བར་དུ་སླེབས་ཀྱི་ཡོད་རེད། ཨཱ་ནི་འདིའི་རྩར་འདའི། འདི་འདི་རེད་གྲྭ་བཞི་ལམ་ཀ
  • Friend 1 གྲོགས་པོ་༡
    So this is Drazhi road.
    འདི་གྲྭ་བཞི་ལམ་ཀ་བྱས།
  • Friend 2 གྲོགས་པོ་༢
    Yes. It's Drazhi road,
    འོ་འདི་ནས་ཡར་གྲྭ་བཞི་ལམ་ཀ
  • Friend 1 གྲོགས་པོ་༡
    We don't have to go to the last stop, right?
    རྦད་ཡར་དེད་ཡག་ཡོད་མ་རེད།
  • Friend 2 གྲོགས་པོ་༢
    If we go to the last stop, we will reach ... What is that?
    རྦད་ཡར་དེད་ན་འདའི་སླེབས་ཀྱི་ཡོད་རེད། གང་རེད།
  • The beer factory.
    སྦི་རག་བཟོ་གྲྭ་འདའི་ཡར།
  • Friend 1 གྲོགས་པོ་༡
    The beer factory?
    ཨ་རག་བཟོ་ས་འདའི།
  • Friend 2 གྲོགས་པོ་༢
    Yes, we will reach there.
    འོ་འདི། འདའི་སླེབས་ཀྱི་ཡོད་རེད།
  • Friend 1 གྲོགས་པོ་༡
    I see.
    ཨའང་།
  • We have to travel half of the distance.
    ཕྱེད་ཀ་ཙམ་བསྡད།
  • Friend 2 གྲོགས་པོ་༢
    Yes. And when we return, we take the same route.
    འོ། ཨཱ་ནི་མར་ཡོང་དུས་ད་ག་རང་འཇག་བྱས་བྱས་མར་ཡོང་རྒྱུ་རེད།
  • Friend 1 གྲོགས་པོ་༡
    Do we have to come down this way?
    མར་ཡོང་།
  • Friend 2 གྲོགས་པོ་༢
    Yes.
    འོ་འོ།
  • Friend 1 གྲོགས་པོ་༡
    And get off the bus near the horse area.
    འམ་རྟ་ཡོད་སར་འབབ།
  • Friend 2 གྲོགས་པོ་༢
    Yes. From the horse area. No, we can't get off at that place.
    འོ། རྟ་ཡོད་ས་ནས། རྟ་ཡོད་སར་འབབ་ཡག་ཡོད་མ་རེད་ད།
  • We have to go down from the horse area and switch to another bus.
    རྟ་ཡོད་ས་ནས་མར་ཡོང་དགོས་ཀྱི་རེད། གཡག་ཡོད་ས་ནས་མོ་ཊ་བརྗེས་དགོས་ཀྱི་རེད།
  • Friend 1 གྲོགས་པོ་༡
    Near the yak's statue?
    ཨཱ་ལས་གཡག་ཡོད་ས་ནས།
  • Friend 2 གྲོགས་པོ་༢
    Yes. We have to pass the horse area, and ride another bus near the yak's statue.
    འོ། རྟ་ཡོད་ས་ཡོལ། གཡག་ཡོད་ས་ནས་མོ་ཊ་བརྗེས།
  • Friend 1 གྲོགས་པོ་༡
    Okay.
    འོ།
  • Friend 2 གྲོགས་པོ་༢
    And then ride the bus number 111.
    ཨཱ་ནི་ད་ལྟའི་༡༡༡ཡོད་པ།
  • Friend 1 གྲོགས་པོ་༡
    Okay.
    འོ།
  • Friend 2 གྲོགས་པོ་༢
    That bus will drop us near our houses.
    ཨཱ་ནི་དེ་བསྡད་བྱས་ཁ་ཐུག་མར་བྱས་ནང་ལ་བསྐྱལ་གྱི་རེད།
  • Friend 1 གྲོགས་པོ་༡
    I see.
    ཨཱ་ལས།
  • Friend 2 གྲོགས་པོ་༢
    It will go directly. And the last stop is near our houses.
    འདའི་ཡར་ཁ་ཐུག་ཁོ་ར། ཁོ་མོ་ཊ་རྐུབ་སྡོད་ཁོ་ར་མ་གིར་སླེབས་ཀྱི་ཡོད་རེད། ནང་ལ་ཡཱ།
  • Friend 1 གྲོགས་པོ་༡
    Okay.
    འོ་འོ།
  • Friend 2 གྲོགས་པོ་༢
    You got it?
    ཧ་གོ་སོང་ང་།
  • Friend 1 གྲོགས་པོ་༡
    Understood.
    ཧ་གོ་སོང་།
  • Friend 2 གྲོགས་པོ་༢
    That is good.
    ཧ་གོ་ན་འགྲིག་པ་རེད་ལྟ།