Skip to main content Skip to search
21 Jun 2018
4 min 55 sec
Video Overview
Creators: 
Duptho, Sonam Chophel

Yeshi Choden from Radhi Gewog, Tashigang, sings an old boedra song entitled Zampa Mitsu (Building a Bridge). The song has lyrics expressing respect for a renowned master, the king and parents. A golden bridge is built for the renowned master to cross, a sliver bridge is built for the king to cross, and a bronze bridge is built for the parents to cross. This song is performed in a circular formation with around five to twenty dancers. The origin and the composer of the song are unknown.  

 

བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ ཟམ་པ་མི་བཙུགས་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ མིང་གཏམ་ཅན་གི་བླམ་ རྒྱལ་པོ་ དང་ཕམ་ལུ་ གུས་ཞབས་ཅན་གི་ཚིག་གི་ སྒོ་ལས་བཤདཔ་ཨིན་མས། གསེར་གི་ཟམ་པ་འདི་ མིང་གཏམ་ཅན་གི་བླམ་ བྱོན་ས་འབད་ བཞེངས་གནང་ནུག། དེ་་ལས་དངུལ་གྱི་ཟམ་པ་འདི་ རྒྱལ་པོ་བྱོན་ས་འབད་ བཞེངས་གནང་ནུག།  ཟངས་ཀྱི་ཟམ་པ་འདི་ཕམ་ལུ་ བྱོན་ས་འབད་བཞེངས་གནང་ནུག། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ དགའ་སྟོན་དང་རྟེན་འབྲེལ་  ག་ཅི་བཟུམ་ཡོད་རུང་ དེའིསྐབས་འཐེན་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་ དེའི་འབྱང་ཁུངས་དང་ རྩོམ་པ་པོ་འདི་ མ་ཤེས་མས།  

 

Transcript search
No results found for this search
0 of 0
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཟམ་པ་(ལ)མི་བཙུགས་ཟམ་པ་བཙུགས། །ཟམ་པ་(ལ)མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་(ལ)གསེར་གྱི་ཟམ་པ་(ལས་)བཙུགས། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་(ལ)གསེར་གྱི་ཟམ་པ་(ལས་)བཙུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    གསེར་གྱི་(ལ)ཟམ་པའི་(པ་)སྤྲིངས་ཞིན་ན་(ལ)། །གསེར་གྱི་(ལ)ཟམ་པའི་(པ་)སྤྲིངས་ཞིན་ན་(ལ)། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །མཚན་ལྡན་(ལ་)བླ་མའི་འབྱོན་ལམ་བཟང་རེད། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །མཚན་ལྡན་(ལ)བླ་མའི་འབྱོན་ལམ་བཟང་རེད། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཟམ་པ་(ལ)མི་བཙུགས་ཟམ་པ་བཙུགས། །ཟམ་པ་(ལ)མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་(ལ)དངུལ་གྱི་ཟམ་པ་(ལས་)བཙུགས། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་(ལ)དངུལ་གྱི་ཟམ་པ་(ལས་)བཙུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    དངུལ་གྱི་(ལ)ཟམ་པའི་(པ་)སྤྲིངས་ཞིན་ན་(ལ)། །དངུལ་གྱི་(ལ)ཟམ་པའི་(པ་)སྤྲིངས་ཞིན་ན། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །དབང་ཆེན་(ལ)་དཔོན་པོ་འབྱོན་ལམ་བཟང་རེད། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །དབང་ཆེན་(ལ)་དཔོན་པོ་འབྱོན་ལམ་བཟང་རེད། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཟམ་པ་(ལ)མི་བཙུགས་ཟམ་པ་བཙུགས། །ཟམ་པ་(ལ)མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་(ལ)དུང་གི་ཟམ་པ་(ལས་)བཙུགས། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་(ལ)དུང་གི་ཟམ་པ་(ལས་)བཙུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    དུང་གི་(ལ)ཟམ་པའི་(པ་)སྤྲིངས་ཞིན་ན་(ལ)། །དུང་གི་(ལ)ཟམ་པའི་(པ་)སྤྲིངས་ཞིན་ན་(ལ)། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཡབ་ཆེན་(ལ)ཨ་པ་འབྱོན་ལམ་བཟང་རེད། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཡབ་ཆེན་(ལ)ཨ་པ་འབྱོན་ལམ་བཟང་རེད། །ལགས་སོ།། །།