Video Overview
The song “Building a Bridge” (Zampa Mitsuk), performed in this video by Leki Tshomo from Daagsa village in Mongar District, emphasizes the major figures of a society: the spiritual master, the ruler, and the wise man. The song discusses whether a bridge should be built or not. Eventually, it was decided that a golden bridge should be built. The golden bridge is built so that a qualified master can walk across it. The song also talks about building a silver bridge for the ruler to walk across, and a bridge of shells for the wise man to walk across. The song acknowledges these figures in a society in roles of leadership.
མོང་སྒར་རྫོང་ཁག་ དགོངས་འདུས་རྒེད་འོག་ དག་ས་གཡུས་ཚན་ལས་ ལེགས་སྐྱིད་ཆོས་འཛོམས་ཀྱིས་འཐེན་མི་ གླུ་གཞས་ ཟམ་པ་མི་བཙུགས་ཟེར་མི་འདི་ཡང མི་སྡེའི་ནང་ བླམ་དང་དཔོན་ འདི་ལས་ དྲིན་ཆེན་ཕ་མ་གསུམ་གྱིས་ ཕྱག་ལཱ་ཡ་མཚན་ཆེ་ཏོག་ཏོ་མཛད་པའི་སྐོརལས་ བཤདཔ་ཨིན་པས། གླུ་གཞས་འདི་ནང་ ཟམ་པ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་་བཙུགས་ན་གསེར་གྱི་ཟམ་པ་བཙུགས། །གསེར་གྱི་ཟམ་པའི་སྟེང་ཤེད་ནང་། །མཚན་ལྡན་བླ་མ་ཆིབས་ལ་སང་ལ་རེད། །འདི་ལས་ ནཱ་ལས་མར་རིགས་གྲེ་སྟེ་ཟ དངུལ་དང་དུང་གྱི་ཟམ་བཙུགས་ཞིནམ་ལས་ དཔོན་དང་ དྲིན་ཆེན་ཡབ་ཡུམ་གཉིས་བྱོན་པའི་སྐོར་ལས་ བཤདཔ་ཨིན་པས། འདི་བཟུམ་གྱི་གླུ་གཞས་འདི་གིས་ མི་སྡེའི་ནང་གི་ དབང་ཆེན་དཔོན་དང་འདི་ཚུ་ལུ་ བཀྲིན་བསམ་ཨིན་པས།
- Mongar
- Gungdue
- ལས་སྐྱིད་མཚོ་མོ་ Leki Tshomoཟམ་པ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་གསེར་གྱི་ཟམ་པ་རང་བཙུགས། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་གསེར་གྱི་ཟམ་པ་རང་བཙུགས། །
- ལས་སྐྱིད་མཚོ་མོ་ Leki Tshomoགསེར་གྱི་ཟམ་པའི་(པ་)བཏིང་ཞིན་ན། །གསེར་གྱི་ཟམ་པའི་(པ་)བཏིང་ཞིན་ན། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །མཚན་ལྡན་བླ་མ་འབྱོན་ལམ་བཟང་རེད། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །མཚན་ལྡན་བླ་མ་འབྱོན་ལམ་བཟང་རེད། །
- ལས་སྐྱིད་མཚོ་མོ་ Leki Tshomoཟམ་པ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་དངུལ་གྱི་ཟམ་པ་རང་བཙུགས། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་དངུལ་གྱི་ཟམ་པ་རང་བཙུགས། །
- ལས་སྐྱིད་མཚོ་མོ་ Leki Tshomoདངུལ་གྱི་ཟམ་པའི་(པ་)བཏིང་ཞིན་ན། །དངུལ་གྱི་ཟམ་པའི་(པ་)བཏིང་ཞིན་ན། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །དབང་ཆེན་ལ་དཔོན་པོ་ཆིབས་(འབྱོན་)ལམ་བཟང་རེད། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །དབང་ཆེན་ལ་དཔོན་པོ་ཆིབས་(འབྱོན་)ལམ་བཟང་རེད། །
- ལས་སྐྱིད་མཚོ་མོ་ Leki Tshomoཟམ་པ་མི་བཙུགས་ཟམ་པ་བཙུགས། །ཟམ་པ་མི་བཙུགས་ཟམ་པ་བཙུགས། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཟམ་པ་དུང་གི་ཟམ་པ་རང་བཙུགས། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཟམ་པ་དུང་གི་ཟམ་པ་རང་བཙུགས། །
- ལས་སྐྱིད་མཚོ་མོ་ Leki Tshomoདུང་གི་ཟམ་པའི་(པ་)བཏིང་ཞིན་ན། །དུང་གི་ཟམ་པའི་(པ་)བཏིང་ཞིན་ན། །གཅིག་ལ་གཉིས་ལ་གསུམ་ལ་ཟེར་ན། །ཡབ་ཡུམ་གཉིས་ཀུ་ཆིབས་(འབྱོན་)ལམ་བཟང་རེད། །བཞི་ལ་ལྔ་ལ་དྲུག་ལ་ཟེར་ན། །ཡབ་ཡུམ་གཉིས་ཀུ་ཆིབས་(འབྱོན་)ལམ་བཟང་རེད།། །།