Video Overview
Kato Kyi from Sonak village in Tsekhok tells the story of how Buddha changed a miserly king into a kind and generous king.
བརྙན་ཐུང་འདིར་རྒྱལ་བོ་སེར་སྣ་ཅན་ཞིག་ཡོད་པ་དེ་རེ་ཞིག་སངས་རྒྱས་ཤིག་གིས་ཐབས་དང་བཀོད་པ་ལ་བརྟེན་ནས་གཏོང་ཕོད་ཅན་ཞིག་ཏུ་གྱུར་བ་བརྗོད་ཡོད།
འདིར་ས་ཆ་ཞིག་ན་རྒྱལ་བོ་སེར་སྣ་ཅན་ཞིག་ཡོད་པ་དང་། རེ་ཞིག་སངས་རྒྱས་ཤིག་གིས་མཁྱེན་ནས་རྒྱལ་བོ་དེའི་སེར་སྣའི་བསམ་སྤྱོད་དེ་བཅོས་སྒྱུར་བྱ་ཆེད། རྒྱལ་བོ་ཁོ་རང་ཉིད་དང་། རི་ཁྲོད་པ། དབུལ་བོ་མ་བུ་སོགས་ལ་སྤྲུལ་ནས། རྒྱལ་བོ་ལ་དཀའ་སྡུག་གང་མང་ཞིག་དང་འཕྲད་ཏུ་བཅུག་པ་དང་། ལམ་སྟོན་ཡང་གང་མང་བྱས་མཐར་ཁོ་རང་གཏོང་ཕོད་ཅན་ཞིག་ཏུ་གྱུར་བའི་གཏམ་རྒྱུད་བརྗོད་ཡོད་ལ།
这段视频讲述了有一位非常吝啬的国王,佛祖得知后用各种方法让他反省。最后成了一位慈祥而又慷慨大方的国王。
这段故事讲了有一位非常贪婪的国王,什么东西都舍不得送给别人,甚至别人的东西也想自己占有。佛祖得知了此事后,化身为国王,修行者,母子等各种身份,让他经受各种苦难,让他反省,当他成了一位慈祥而又慷慨大方的国王后,佛祖把真相告诉了他。
- གནའ་ཞིག་ལ་རྒྱལ་བོ་སེར་སྣ་ཅན་ཡི་དྭགས་ཤིག་ཡོད།
- རྒྱལ་བོ་ཕྱུག་པོ་ཞིག་རེད།
- སེར་སྣ་ཅན་ཡི་དྭགས་དེ་འདྲའི་རྒྱལ་བོ་སེར་སྣ་ཅན་ཞིག་ཡིན།
- རང་གི་བཟའ་ཚང་ལ་ཡང་ཇ་མར་རྩམ་གསུམ་མ་གཏོགས་ཟ་རུ་མི་འཇུག
- དེ་ནས་ཁོ་ཚང་གི་འདབ་ན་སྡེ་བ་ཞིག་ཡོད།
- སྡེ་བ་དེ་ལ་ཅི་ཡང་མེད།
- ཅི་ཡང་མེད་པའི་སྡེ་བ་ཞིག་ཡིན།
- དེ་ཁོའི་སྲོང་སྡེ་ཞེས་མིག་གིས་རིག་མི་ཆོག་པ།
- ཁོ་ཡིས་རྒྱུ་ལ་སོགས་པ།
- ཟོག་དང་འབྲི་དང་མཛོ་མོ་ལ་ལུང་ལ་བུ་ལོན་དུ་བཞག
- བུ་ལོན་ཉིས་མགོ་སུམ་མགོ་བྱས་ནས་བླངས།
- ཞག་ལ་སོགས་པ་ལ་ལུང་བར་ལོག་ལ་སྐོར།
- ཉིས་མགོ་སུམ་མགོ་བྱས་ནས་བླངས།
- དོན་མ་སྤྲད་ན་ཆད་པ་བཅད།
- དེ་ནས་བྱེད་པའི་རྒྱལ་བོ་ཨུ་ཚུགས་ཅན་ཞིག་ཡིན།
- དེ་ནས་རྣམ་སྨིན་ཏག་ཏག་བསགས་ནས།
- སངས་རྒྱས་ཀྱིས་སྙིང་རྗེ་སྒོམ་ནས།
- སངས་རྒྱས་དེར་མིང་ཡོད་པ་ངས་བརྗེད་སོང་།
- སྙིང་རྗེ་གཟིགས་ནས་ཁོའི་ཐག་ཉེ་དེ་ན།
- བླ་མ་ལེགས་པོ་ཞིག་གིས་སྤྲུལ་ནས་ཕེབས་པ་ཡིན།
- དེ་ནས་སེམས་ཅན་གྱིས་འདི་ལ་སངས་རྒྱས་ཕེབས་ཡོད།
- ཟེར་ནས་སེམས་ཅན་མཇལ་དུ་ཡོང་།
- མཇལ་བ་རེད།
- དེ་ནས་ཁོའི་བཟའ་ཚང་གིས་རྒྱལ་བོར་ང་ཚོ་ཡང་མཇལ་དུ་འགྲོ་ཟེར།
- སངས་རྒྱས་སྒོ་ཁར་ཕེབས་ན་མཇལ་དུ་འགྲོ་དགོས་ནི་རེད།
- མཇལ་དུ་འགྲོ་ཟེར།
- མཇལ་དར་ཁྱེར་ནས་འགྲོ་འདོད་ནས།
- ཁོ་ཡིས་ནོམ་པ་ཡི་མཛོད་ཀྱི་སྒོ་ཕྱེ་ནས།
- ནོམ་པ་ཐག་མགོ་ཡི་བཟུང་ནས།
- འདི་བླངས་ན་འདི་ལ་ཤུལ་ཆེན་པོ་ཞིག་ཡོད་གི
- ཁྱེར་ན་མི་འགྲིག་གི་ཟེར་ནས་ཕྱིར་བཞག
- ཡང་མར་གྱི་མཛོད་སྒོ་ཕྱེ་ནས།
- མར་གྲོད་པུ་ཞིག་བླངས།
- འདི་བླངས་ན་འདི་ན་ཡང་ཤུལ་ཆེན་པོ་ཞིག་ཡོད་གི
- ལེན་མི་ཉན་གི་ཟེར་ནས་ཕྱིར་བཞག
- ཁ་བཏགས་ཀྱི་མཛོད་ཀྱི་སྒོ་བླངས་ནས།
- ཁ་བཏགས་གཅིག་བླངས་བ་དེར་ཤུལ་ཆེན་པོ་མེད་གི་ཟེར་ནས།
- དེ་ཁྱེར་ནས་འགྲོ་ཟེར་ནས་ཁ་བཏགས་གཅིག་ཁྱེར་ནས་མཇལ་དུ་འགྲོ།
- སེམས་ཅན་ཚང་མ་མཇལ་ནས་མཇལ་དར་འཕངས་ནས།
- ཐོག་ལ་མཇལ་དར་བཞག་ནས་ཁ་བཏགས་འཕངས།
- ཧ་ཅང་ཡ་མཚན་ཞིག་རེད།
- དེ་ནས་ཁོ་ལ་གླང་བོ་ཆེ་དགུ་བརྒྱ་དགུ་བཅུ་གོ་དགུ་ཡོད།
- གཅིག་གིས་སྟོང་ལ་མ་བུད།
- རྒྱལ་བོ་ཁོ་ལ།
- སངས་རྒྱས་ལ་བཅིབ་པ་གླང་བོ་ཆེ་གཅིག་ཡོད།
- ཁོའི་སེམས་ན་གླང་བོ་ཆེ་དེ་ང་བྱིན་ན།
- གླང་བོ་ཆེ་སྟོང་ལ་བུད་ཡོད་འདོད་ནས།
- ཁོའི་སེམས་ལ་དེ་ལྟར་འདོད།
- དེ་ནས་མཇལ་བ་དང་ཁོ་ཚོ་ཡང་མཇལ།
- ཁ་བཏགས་གཅིག་པུ་མཇལ་དར་ལ་བྱིན་ནས་མཇལ།
- ཕར་ལ་སོང་དུས་སངས་རྒྱས་དེས་ཁྱོད་སྡོད་ཟེར།
- དེ་ནས་ཡ་ཟེར།
- ཁྱོད་ང་ལ་གླང་བོ་ཆེ་སྟེར་རྒྱུ་ཨེ་ཡོད་ཟེར།
- ཨ་ལགས་ཚང་ང་སྟེར་རྒྱུ་གང་ན་ཡོད།
- ང་འདི་ན་གླང་བོ་ཆེ་གཅིག་གིས་སྟོང་ལ་མ་བུད།
- ང་གཅིག་ཡོད་ན་གླང་བོ་ཆེ་སྟོང་ལ་བུད་ཡོད།
- ངའི་ལག་ལ་གཅིག་མ་ཡོང་བར་བསྡད་ཡོད།
- ང་སྟེར་རྒྱུ་ཞིག་གང་ན་ཡོད།
- དེ་ནས་སངས་རྒྱས་ཀྱིས།
- ཁྱོད་ལ་གླང་པོ་ཆེ་གཅིག་གིས་སྟོང་ལ་བུད་མེད་ན།
- ང་གཅིག་ཡོད་པ་དེ་ཁྱོད་ལ་སྟེར་ཟེར།
- ཁྱོད་སྟོང་ལ་འབུད་དུ་འཇུག་ཟེར།
- དེ་ནས་ཡ་ཟེར།
- ཁོ་དགའ་ནས་སངས་རྒྱས་ཀྱིས་གླང་བོ་ཆེ་གཅིག་པུ་རྒྱལ་བོ་ལ་བྱིན་པ་ཡིན།
- བྱིན་ནས་སྟོང་ལ་བུད་འདོད་ནས།
- ཁོ་དགའ་སྟེ་གླང་བོ་ཆེ་ཁྲིད་ནས་སོང་།
- སངས་རྒྱས་དེ་ཕྱིར་ཕེབས་སོང་།
- ཁོ་སྤྲུལ་བ་ཞུགས་ནས་རྒྱལ་བོ་དེ་རུ་སྤྲུལ་ནས།
- རྒྱལ་བོ་ཡུལ་ལ་མ་ཐོན་གོང་ཁོ་རྒྱལ་བོ་ཚང་ལ་སོང་བ་ཡིན།
- དེར་སོང་ནས་བཟའ་ཚང་གིས་ཁོ་ཚང་གི་ཨ་ཕ་རེད་འདོད་ནས་བསྡད།
- རྒྱལ་བོ་ཡོང་དུས་བཟའ་ཚང་གིས།
- རྒྱལ་བོ་སྒོར་ཡོང་དུས།
- སངས་རྒྱས་དེ་རྒྱལ་བོ་ཡིས་སྤྲུལ་ནས་ཁོ་ཚང་ལ་སོང་ཡོད།
- ང་དང་འདྲ་བ་ངན་པ་ཞིག་ཡོང་ན་དེ་ཡོང་དུ་མ་འཇུག་ཟེར།
- ཁོའི་སྔོན་གྱི་མཛད་པ་དེ་བསྟན་ནས་དེ་ཡོང་དུ་མ་འཇུག་སྒོ་རྒྱོབ་ཟེར།
- ཡ་ཟེར་ནས་སྒོ་བརྒྱབ།
- དེ་ནས་སྒོ་རྡུང་བས་བལྟས་དུས་ཁོ་ཚང་གི་རྒྱལ་བོ་ཡིན།
- བུ་ཡོང་ནས་ཨ་ཕ་ཁྱོད་འདྲ་བ་ངོ་མ་ཞིག་ཡོང་ཡོད་ཟེར།
- ཡོང་དུ་མ་འཇུག་ཕྱིར་འགྲོ་རུ་བཅུག་ཟེར།
- ཡ་ཟེར་ནས་ཕྱིར་འགྲོ་རུ་བཅུག
- ངེད་ཚང་གི་ཨ་ཕ་ཡུལ་ན་ཡོད།
- ཁྱོད་ཅི་བྱེད་དུ་ཡོང་བ་ཡིན་ཟེར་ནས་ཕྱིར་འགྲོ་རུ་བཅུག
- དེ་ནས་ཡུལ་ལ་ཡོང་དུ་མ་བཅུག
- དེ་ནས་ཁོ་ཡི་བུ་མོ་ཚོ་ལ་ལུང་ལ་གནས་ལ་སོང་ཡོད།
- དེ་ནས་ཁོའི་འདབས་ཀྱི་སྡེ་བ་དེའི་ནང་ལ་སོང་དུས།
- སྡེ་བ་དེའི་རྒྱལ་བོ་མིག་གིས་མཐོང་མི་ཉན་པའི་རྒྱལ་བོ་རེད་ཟེར་ནས།
- ཡང་སྡེ་བ་དེའི་རྡོ་ཡིས་བརྒྱབ་ནས་ཁོ་ཡོང་དུ་མ་བཅུག
- དེ་ནས་ཁོ་བུ་མོ་ཡོད་ས་ལ་འགྲོ་འདོད་ནས།
- ཁོ་དེར་སོང་དུས་རྒྱལ་བོ་བུ་མོ་ཆེ་བ་ཡོད་ས་ལ་སོང་ནས།
- ང་ཡུལ་ནས་ཡོང་དུ་མི་འཇུག་གི་ཞེས་སྡུག་ཚང་མ་བཤད་པས།
- བུ་མོས་ཨ་ཕ་དེ་ཅི་ཞིག་ཡིན་ནམ།
- ཨ་ཕ་ཡོང་དུ་མི་འཇུག་མཁན་ཞིག་ཡོད་པ་མ་རེད་བསམ་ནས།
- མོ་སྔོན་ན་སོང་ནས་བལྟ་ཟེར་ནས།
- བུ་མོ་སྔོན་དུ་ཡུལ་ལ་ཡོང་དུས།
- ཨ་ཕ་ཡུལ་ན་ཡོད་པ་རེད།
- ཨ་ཕ་ཡུལ་ན་ཡོད་པས།
- ཨ་ཕས་ང་དང་འདྲ་བ་དེ་ཡོང་དུ་མ་འཇུག་ཟེར།
- དེ་ཐ་ཤལ་ཞིག་རེད་ཡོང་དུ་མ་འཇུག་ཟེར།
- བུ་མོ་སོང་ནས་ངེད་ཚང་གི་ཨ་ཕ་ཡུལ་ན་ཡོད་གི་ཟེར་ནས།
- ཡོང་དུ་མ་བཅུག
- དེ་ནས་བུ་མོ་འབྲིང་བ་ཡོད་ས་ལ་སོང་ནས།
- འབྲིང་བ་ཡོད་སར་སོང་ནས།
- ཡང་ཁོ་ཡིས་སྡུག་ཚང་མ་བཤད་ནས།
- ཁོ་ཡུལ་ལ་ཡོང་དུ་མི་འཇུག་གི་ཟེར་ནས།
- ཡང་བུ་མོས་ང་འགྲོ་བར་བལྟ།
- དེ་ཅི་ཞིག་ཡིན་ནམ།
- མོ་སྔོན་ན་ཡུལ་ལ་ཡོང་ནས་བལྟས་དུས།
- ཨ་ཕ་ཡུལ་ན་ཡོད་པ་རེད།
- དེ་ཡོང་དུ་མ་འཇུག
- ཡང་བུ་མོ་ཕྱིར་སོང་ནས་ཁོ་ཡོང་དུ་མ་བཅུག
- དེ་ནས་བུ་མོ་ཆུང་བ་ཡོད་སར་སོང་ནས།
- ཆུང་བས་ཨ་ཕ་ཡོང་དུ་མི་འཇུག་ནི་ཡོད་པ་མ་རེད།
- ཡུལ་ལ་འགྲོ་ལ་བལྟ་ལ།
- ཡོང་དུས་དེ་ཡོང་དུ་མ་འཇུག་ཟེར།
- ངའི་ཨ་ཕ་ཡུལ་ན་ཡོད་གི་ཟེར།
- ཁྱོད་ངེད་ཚང་གི་ཨ་ཕ་མ་རེད་ཟེར་ནས་ཡོང་དུ་མ་བཅུག
- དེ་ནས་ཁོ་སྲང་ནས་སོང་ན།
- ལག་ལ་ཟ་མ་མི་ཡོང་བར་ལྟོགས་སྐོམ་མྱངས་ནས།
- སྡུག་མྱངས་ནས་བར་ཞིག་ལ།
- སངས་རྒྱས་དེ་ཡང་འཚམ་པ་ཞིག་གིས་སྤྲུལ་ནས།
- བྲག་ཁུང་ནང་དུ་འཚམ་པ་ཞིག་གིས་སྤྲུལ་ནས་བསྡད།
- ཁོ་ལམ་ནས་སྤྲུལ་ཏེ།
- བྲག་ཁུང་ནང་ལ་ཡོང་ནས་ཟ་མ་མེད།
- དེའི་ནང་ལ་ཡོང་ནས་འཚམ་པ་ལ་ང་ཟ་མ་སློང་།
- ང་མུག་ནས་ཤི་རྒྱུ་རེད་ཟེར་ནས་སྡུག་མོས་བཏོན།
- འཚམ་པས་ང་ཡང་འདི་ན་འཚམ་ལ་བསྡད་ཡོད་པ་རེད།
- ང་ལ་ཟ་མ་ཡོད་ནི་མ་རེད།
- ང་རྩམ་པ་ཉུང་ཙམ་ཞིག་ཡོད།
- འདི་ཁྱོད་ལ་བྱིན་ན་ང་ཟ་རྒྱུ་མེད་གི
- ཁྱོད་ཉུང་ཙམ་ཞིག་ཡོད་ནི་རེད།
- ང་ཤི་ལ་ཉེ་བས་ང་ལ་བྱིན་ཟེར།
- དེ་ནས་ང་མི་དགོས་ཁྱོད་བྱིན་པ་ཡིན་ཟེར།
- དྲིན་ཆེན་དུ་གྱུར་བ་ཡིན།
- ང་ཡུལ་ལ་ཡོང་དུ་མི་འཇུག་གི
- ང་ཡུལ་དེར་འགྲོ་དགོས་པས་ཨ་ཁུ་འཚམ་པ་ལོ་ལོ་ཁྱོད་ཐབས་ཨེ་ཡོད་ཟེར།
- དེར་ཁྱོད་ཁས་ལེན་རྒྱུ་འགའ་རེད་ཡོད་གི
- ཁས་དེ་བླངས་ན་ཁྱོད་ཡུལ་དེར་འགྲོ་ཐུབ་ཟེར།
- ཨོ་ཡ་་་ཁས་ཅི་ཞིག་ལེན་དགོས་ན་ལེན་ཐུབ་ཟེར།
- ཁྱོས་མཆོད་རྟེན་གླིང་རེར་ཟླ་རེ་ལ་འགྲོ་བ།
- དེ་འདྲའི་མཆོད་རྟེན་བཟང་བོ་ཞིག་བཞེངས་དགོས།
- དེ་བཞེངས་སྤྱད་ཀྱི་རྒྱུ་ཁྱོད་ཨེ་ཡོད་ཟེར།
- རྒྱུ་ང་ཡོད།
- དེ་འདྲ་བཞེངས་སྤྱད་ཀྱི་རྒྱུ་ཡོད།
- དེ་འདྲ་ཞིག་བཞེངས་དགོས།
- ཁྱོད་ཕྱིར་སོང་ནས་དེ་འདྲ་ཞིག་བཞེངས་ན་བཟང་གི
- ཁྱོས་དབུལ་བོ་ཐམས་ཅད་ལ་སྦྱིན་པ་གཏོང་དགོས་ཟེར།
- འཚམ་པ་དེས་ཅི་ཟེར་ཐམས་ཅད་ཁས་བླངས་ནས།
- དེ་ནས་ཕྱིར་ཡུལ་ལ།
- ཁྱོད་ཡུལ་ལ་སོང་ན་ཡོང་དུ་འཇུག་ཟེར།
- ཨོ་ཡ་ཟེར།
- དེ་ནས་ཡོང་བའི་ལམ་ནས།
- སངས་རྒྱས་དེ་རྒན་མོ་མ་བུ་གཉིས་ཀྱིས་སྤྲུལ་ནས་བསྡད།
- རུས་ཏོ་ཞིག་ཕུད་ནས་བསྡད།
- ས་རུབ་ནས་ཐོན་ཏེ་ཡང་ཁོ་ལ་གནས་ཚང་ཐོངས་ཟེར།
- རྒན་མོ་མ་བུ་གཉིས་ཀྱིས་གནས་ཚང་མ་བཏང་བར།
- ཁོང་གཉིས་ལ་རུས་ཏོ་འདི་འདྲ་དཀའ་བ་དང་ཁག་པའི་རྒྱུ་མཚན་བཤད།
- དེ་ནས་རྒྱུ་མཚན་མང་པོ་བཤད་ནས་གནས་ཚང་མི་གཏོང་ཟེར།
- དེ་ནས་ཁོས་དེ་ལྟར་བྱས་ན་མི་ལེགས་ཚུལ།
- ཁོ་ཡང་སྔོན་ཆད་འདི་འདྲ་ཞིག་ཡིན་ཚུལ།
- དབུལ་བོ་ལ་སྦྱིན་པ་བཏང་ན་བཟང་ཚུལ།
- གནས་ཚང་བཏང་ན་བཟང་ཚུལ།
- རྒན་མོ་མ་བུ་གཉིས་ལ་ཁ་བརྡ་བྱས།
- གནས་ཚང་མ་བཏང་མ་བཏང་བར་བཏང་ཚུལ་བཅོས་ནས་འདུག་ཏུ་བཅུག
- དེ་ནས་ཕྱིར་ཡུལ་ལ་སོང་ནས་ཁོ་ཚང་གི་སྒོ་ཁར་སོང་ནས་སྒོ་རྡུང་བས།
- བུ་སོང་ནས་བལྟས་རྗེས་ཨ་ཕ་ཡང་ཁྱོད་འདྲ་བ་དེ་ཡོང་ཡོད་གི
- དེ་ནས་སངས་རྒྱས་དེས་ཁྱོད་ཚོས་ཅི་ཡང་བཤད་མི་དགོས་ང་འགྲོ་ཟེར་ནས།
- སངས་རྒྱས་དེ་སོང་ནས།
- ཁོ་ཡར་ལ་འགྲོ་རུ་བཅུག་ནས་སངས་རྒྱས་དེ་ཕྱིར་ཕེབས་སོང་།
- དེ་ནས་ཁོ་ཡར་ལ་སོང་ནས།
- ཁོ་ཡོང་དུ་མ་བཅུག་བར་ངས་སྡུག་མྱངས་ཚུལ་བཤད་ནས་ངུ་བ་དང།
- དེ་ནས་འདི་ཅི་རེད་འདོད་ནས།
- ཨ་ཕ་འདི་ཅི་ཡིན་ནམ་ཟེར་ནས།
- ཁོ་ལ་སྟོང་ཉིད་སྒོམ་དུ་བཅུག་པས་བསམ་ཤེས་བ་ཡིན།
- དེ་ནས་ཁོས་མཆོད་རྟེན་བཞེངས་དགོས་ཟེར་ནས།
- ཁོས་མཆོད་རྟེན་གྱི་གླིང་རེར་ཟླ་རེར་འགྲོ་དགོས་པ།
- དེ་འདྲའི་མཆོད་རྟེན་བཟང་བོ་ཞིག་བཞེངས་ནས།
- གོང་གི་སྡེ་བ་དེར་ཁོ་ཡིས་སྦྱིན་པ་བཏང་ནས་ཕྱུག་པོར་བཏང་།
- དེ་ནས་རྒྱལ་བོ་ནུས་པ་ཅན་ཞིག་གིས།
- དེ་ན་མཆོད་རྟེན་ལེགས་པོ་ཞིག་བཞེངས་ཡོདཟེར་ནས་སེམས་ཅན་མཇལ་དུ་ཡོང་།
- དེ་འདྲ་ཞིག་ཡིན་པ།
- ཁོ་ཡིས་སེམས་བདེ་ནས།
- སེམས་ཅན་ཐམས་ཅད་མཇལ་བ་ཚང་མ་ཡོང་བས།
- སངས་རྒྱས་ཐུགས་རྗེ་ཅན་དེ་ཡང་ལམ་ཞིག་ནས་མཇལ་བ་ཏག་ཏག་གི་ལམ་ནས།
- སྔགས་པ་ཞིག་གིས་སྤྲུལ་ནས་ཐང་ཆད་དེ།
- རྒྱལ་བོ་དེའི་མཆོད་རྟེན་ལེགས་པོ་ཞིག་བཞེངས་ཡོད་པ་རེད།
- དེར་མཇལ་དུ་འགྲོ་བ་ཡིན།
- ཐང་ཆད་ནས་ཁོ་འགྲོ་མི་ཐུབ་གི་ཟེར་ནས་ལམ་ཞིག་ནས་བསྡད།
- འཇལ་བ་ཚོ་ཡོང་བས་ཁོ་མཇལ་དུ་འགྲོ་བ་ཡིན་ལ་ཁོ་འགྲོ་མི་ཐུབ་གི
- རྒྱལ་བོ་དེར་ཁོ་ལེན་དུ་ཤོག
- མཇལ་བ་ཚོར་སྐད་བཏང་།
- དེ་ནས་མཇལ་བ་ཚོ་ཁ་ཅིག་གིས་རྒྱལ་བོ་འདི་འདྲའི་ནུས་པ་ཅན་ཞིག
- གན་འདྲ་ཞིག་གི་རྗེས་ལ་ཡོང་ནི་མ་རེད།
- དེ་བཤད་ནས་ཅི་བྱེད།
- ཡང་ཁ་ཅིག་གིས་བཤད་དགོས།
- སྐད་བསྐུར་ཁོ་ཡིན་ན་ཡང་བཤད་དགོས་ནི་རེད།
- རྗེས་ལ་འགྲོ་ན་མི་འགྲོ་ན་ང་ཚོས་བཤད་དགོས་ཟེར།
- དེ་ནས་ཁོ་ཚོས་རྒྱལ་བོ་ལ་བཤད་པ་ཡིན།
- དེ་ནས་ས་ཆ་ཞིག་ན།
- སྔགས་པ་ཞིག་འདི་ལྟར་མཇལ་དུ་ཡོང་དུས་ཁོ་ཡོང་མ་ཐུབ་པར།
- ལམ་ནས་ཡོང་མ་ཐུབ་པར་བསྡད་ཡོད།
- ཁོ་ལེན་དུ་ཤོག་ཟེར།
- དེ་ནས་རྒྱལ་བོ་ཡིས་གང་ན་ཡོད་ཟེར་ནས་ས་མཚམས་དྲིས།
- གླང་མོ་ཆེར་ཞོན་ནས་གླང་བོ་ཆེ་ཞིག་ཁྲིད་ནས་ཁོ་ལེན་རུ་འགྲོ་ཟེར་ནས།
- འདི་འདྲའི་རྒྱལ་བོ་བཟང་བོ་ཞིག
- དེ་འདྲ་ཞིག་གི་རྗེས་ལ་འདི་ལྟར་བུད་འགྲོ།
- ཅི་འདྲའི་ཡ་མཚན་ཞིག
- དེ་ནས་ཁོ་ས་ཆ་དེར་སོང་ནས་བཙལ་ནས།
- སྔགས་པ་དེ་ལ་ལུང་ལ་བཙལ་ནས་མ་རྙེད་ནི་རེད།
- ཅི་ཡང་མ་རྙེད་པ་རེད།
- འདི་གང་ཞིག་ན་ཡོད་ཟེར་ནས།
- གང་ལ་བཙལ་འདོད་ནས་ངལ་གསོ་བྱས་ཡོད་དུས།
- སངས་རྒྱས་དེ་ཁོ་ཡི་མདུན་དུ་དངོས་སུ་ཕེབས་ནས།
- ཁྱོད་བཟང་གི་ཁྱོས་སེམས་སྨིན་ཡོད་གི
- ཁྱོས་སེམས་འདི་ལྟར་བསྡད་ན་བཟང་གི་ཟེར།
- རྗེས་ནས་ཁོ་ཡང་མི་ཡོང་།
- སེམས་འདི་ཁྱོད་ཚིག་ཐོག་ནས་འདུག་དགོས་ཟེར།
- དེ་ནས་སངས་རྒྱས་དེ་བུད་སོང་།