Skip to main content Skip to search
06 Jan 2016
1 min 58 sec
Video Overview
Creators: 
Tibetan & Himalayan Library

This is a video of Kesang from Garu Village in Chentsa singing a song called "Brothers Need Each Other." This song is part of a collection of folk songs from the Rebgong cultural area.

འདི་ནི་ཆེ་བས་ཆུང་བར་བྱམས་སྐྱོང་དང་ཆུང་བས་ཆེ་བར་བརྩི་བཀུར་བྱེད་དགོས་པར་སྐུལ་བའི་གླུ་ཞིག་ཡིན།  

གླུ་འདིའི་ནང་དོན་གཙོ་བོ་ནི་སྒའི་རྔ་རི་དང་ཕྱི་རི་གཉིས་ཀ་འཛོམས་པས་སྒ་བེ་སང་གྲུབ་པ་མདའ་དང་གཞུ་གཉིས་ཀའང་གཅིག་ལ་གཅིག་བརྟེན་ཡིན་པ་སོགས་ལ་དཔེ་བྱས་ཏེ་ཕུ་ནུ་ཚང་མ་གཅིག་ལ་གཅིག་མཁོ་ཡིན་པས་ཆེ་བས་ཆུང་བར་བྱམས་སྐྱོང་དང་ཆུང་བས་ཆེ་བར་བརྩི་བཀུར་བྱས་ཏེ་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་པ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ཡེ་་་་་ལ་ལ་མོས་ལོ་་་་གླུ་ཞིག་ལེན༽
  • སྒའི་རྔ་རུ་མཐོ་ལ་ཕྱི་རུ་དམའ། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • འདི་མཐོན་པོས་དམའ་མོ་སྐྱོང་ཤེས་བྱོས། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • སྒ་བེ་སང་གཅིག་ལ་གཅིག་མཁོ་རེད། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • གཞུ་ཡར་འཁྱོག་མཐོ་ལ་མར་འཁྱོག་དམའ། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • འདི་མཐོན་པོས་དམའ་མོ་སྐྱོང་ཤེས་བྱོས། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • མདའ་ལི་མ་གཅིག་ལ་གཅིག་མཁོ་རེད། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • ཚ་ཞང་མཐོ་ལ་ཕྱི་ཞང་དམའ། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • འདི་མཐོན་པོས་དམའ་མོ་སྐྱོང་ཤེས་བྱོས། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • ནང་ཕུ་ནུ་གཅིག་ལ་གཅིག་མཁོ་རེད། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽
  • གླུ་ཤེས་ནི་མིན་ཡང་རྟེན་འབྲེལ་རེད། །༼ལ་ལ་མོས་ལོ་་་་ལོ་གླུ་ཞིག་ལེན་དགོ༽