26 Sep 2012
15 min 54 sec
Video Overview
Creators:
Wendekhar
Trogyal uses proverbs to recount Tibetan imperial history and describes the art of mediating conflicts.
ཁྲོ་རྒྱལ་ལགས་ཀྱིས་གཏམ་དཔེ་རྒྱུད་ནས་བོད་བཙན་པོའི་སྐབས་ཀྱི་ས་གནས་ལོ་རྒྱུས་བཤད་པ་དང་། གྱོད་གཅོད་ཀྱི་ཐབས་ལམ་སྐོར་ལ་འགྲེལ་བཤད་བྱེད་པ།
- Repgong
- སྔོན་ཆད་གོང་སྐྱ་དགོན་པ་དང་དན་ཏིག་གཉིས་ག
- དན་ཏིག་གི་མཐིལ་ཟེར་ས་ཞིག་ཡོད་པ་རེད།
- དེ་རུ་དགོན་པ་གཉིས་ག་མཉམ་གཅིག་ཏུ་ཚོགས་ལ་ཚོགས་པ་རེད།
- དེའི་རྗེས་སུ་དགོན་པ་གཉིས་ག་སོ་སོ་གྱེས་པ་རེད།
- སོ་སོར་ཁ་བཀར་རྗེས་དན་ཏིག་དང་ང་ཚོའི་དགོན་པ་གཉིས་ཀྱི་བར་ལ།
- གཅིག་གཅིག་ལ་མ་ཎི་བཙུགས་ནའང་།
- གོང་སྐྱ་དགོན་པ་དང་དན་ཏིག་གཉིས་ག་ཕན་ཚུན་བར་ཐག་ཅུང་རིང་བ་རེད།
- དེའི་རྐྱེན་གྱིས་གོང་སྐྱ་དགོན་པ་དང་དན་ཏིག་གཉིས་ལ་རྒྱལ་འཕངས་པ་རེད།
- དན་ཏིག་ལ་མ་ཎི་བཟང་ཁང་ཐེམས་པ་རེད།
- ང་ཚོ་ལ་མ་ཎི་བུམ་པ་ཐེམས་སོང་བ་རེད།
- དེའི་རྗེས་ནས་དན་ཏིག་དགོན་དང་ང་ཚོའི་དགོན་པ།
- ལོ་གཅིག་ལ་དན་ཏིག་ལ་མ་ཎི་ཡོད་ན།
- ལོ་གཅིག་ལ་ང་ཚོར་མེད་པ་རེད།
- ལོ་གཅིག་ལ་ང་ཚོར་ཡོད་ན།
- དན་ཏིག་ལ་མེད་པ་རེད།
- ཕན་ཚུན་གྱི་བར་དུ་འདི་ལྟར་རྗེས་རེས་བྱེད་ཀྱི་ཡོད་པ་རེད།
- ང་ཚོའི་མ་ཎི་རིལ་བུ་འདི།
- རི་རྩ་ཡི་ར་གོང་ཚང་སྦྱིན་བདག་རེད།
- དེ་ཚང་གི་ཕྱེ་འདིར་ཁྱེར་ཡོང་ནས།
- ཕྱེ་བཙོལ་དགོས་པ་རེད།
- རིལ་བུ་ཆུང་ཆུང་འདི་འདྲ་མ་གཏོགས་ཡོད་པ་མ་རེད།
- དེ་རིལ་ནས།
- དེའི་ནང་ན་མ་ཞིག་དང་བུ་ཞིག་ཡོད་པ་རེད།
- བུ་ཉིན་གཉིས་ལ་རིལ་དགོས་པ་དང་། མ་ཉིན་གཅིག་ལ་རིལ་དགོས་པ་རེད།
- ང་ཚོའི་མ་ཎི་བུམ་པ་འདི་བཞི་པའི་བཅོ་ལྔ་ཉིན་དགེ་སྐོས་ཀྱིས་ནང་ལ་ཁྱེར་ཡོང་དགོས་པ་རེད།
- ཚང་མའི་ཁ་དུམ་བརྒྱབ་ནས།
- སྒོག་པ་དང་ཤ་ཡི་རིགས་མི་ཟ་བ་རེད།
- དེ་ལྟར་ནང་དུ་བླུགས་ཏེ།
- ཚེས་དྲུག་གི་ནངས་མོར་ང་ཚོས་འདི་རུ་མཆོད་རྔ་རྡུང་ནས།
- གྲྭ་ཚང་གི་གདན་དྲངས་ནས་ནང་དུ་འགྲོ་དགོས་པ་རེད།
- མ་ཎིའི་ནང་དུ་བསུས་བཏང་ན།
- ནང་དུ་སོང་ནས་ཕན་ཚུན་གྱི་བར་ལ་མ་ཎི་མཆོག་པ་ཞེས་འདོན་རྒྱུ་ཞིག་ཡོད་པ་རེད།
- དེ་བཏོན་ནས་མ་ཎི་བསྐོལ་དགོས་པ་རེད།
- དེའི་རྗེས་སུ་རྟེན་གཞུག་རེད།
- མ་ཎི་མཆོག་པ་བཏོན་པའི་རྗེས་སུ་ཁྲུས་བྱེད་དགོས་པ་རེད།
- ཁྲུས་བྱས་པའི་རྗེས་སུ་མཎྜལ་འབུལ་དགོས་པ་རེད།
- མཎྜལ་འབུལ་རྗེས་གསེར་ཇ་བཞེས་དགོས་པ་རེད།
- དེ་བཞེས་ཚར་རྗེས་ཚ་ཇ་ཟེར་བ་ཞིག་བཞེས་དགོས་པ་རེད།
- ཉིན་གཅིག་ལ་ཚ་ཇ། ཕྱི་ཇ་སོགས་ཐུན་དྲུག་ལ་འཐུང་དགོས་པ་རེད།
- དེ་འཐུང་རྗེས་དགེ་སྐོས་བཞིན་ཐུན་པ་འདུག་དགོས་པ་རེད།
- ཐུན་པ་བསྡད་ན་ཞག་གཅིག་ལ་གཉིད་མི་ཆོག་པ་རེད།
- ད་ཞག་གཅིག་ལ་མ་ཎི་འདོན་དགོས་པ་རེད།
- ཕྱི་མཐུན་སྔ་མཐུན་ཟེར་ནས།
- ཁྱོད་ཚོ་སྔ་ཐུན་རེད། ང་ཚོ་ཕྱི་ཐུན་རེད་ཟེར།
- ཉིན་ཞག་བཅུ་ལ་ང་ཚོས་དེ་ལྟར་སྲུང་དགོས་པ་རེད།
- མ་ཎི་བཏོན་རྗེས།
- མ་ཎིའི་སྐབས་སུ་ཡར་ནང་དུ་གྲྭ་བ་འགའི་མ་ཎི་འདོན་བཞིན་ཡོད་པ་རེད།
- གྲྭ་བ་བདུན་གྱིས་སྐང་བ་འདོན་བཞིན་ཡོད་པ་རེད།
- འཇིགས་བྱེད། མགོན་པོ། ཕྱག་དྲུག་པ། ཕྱག་བཞི་པ།
- ཆོས་རྒྱལ། ལྷ་མོ།
- རྣམ་སྲས། དམ་ཅན།
- དེ་ལྟར་དམ་ཆེན་གྱི་སྐང་བ་གསོག་གི་ཡོད་པ་རེད།
- དམ་ཆེན་ང་ཚོའི་དགོན་པའི་རྟེན་གཙོ་བོ་རེད།
- རང་གི་དགོན་པའི་བཙན་ཁང་རེད།
- དེ་གསོག་གི་ཡོད་པ་རེད།
- ཆོས་རྒྱལ་གསོག་གི་ཡོད་པ་འདི།
- ང་ཚོས་འདི་རུ་དྲུག་ཅུ་པ་ཡི་བཟློག་པ་བརྒྱག་གི་ཡོད་པ་རེད།
- མགོན་པ་གསོག་གི་ཡོད་པ་འདི། མགོན་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་རེད།
- མགོན་པོ་གསོག་གི་ཡོད་པ་འདི་ནི་མ་ཎི་ཚོགས་ཡོད་པ་དེའི་ཆེད་དུ་རེད།
- བཞི་པའི་བཅོ་ལྔ་དེ་ལྟར་རེད།
- བཞི་པའི་བཅོ་ལྔ་ཉིན་ནངས་སྔ་མོ།
- བཅུ་བཞིའི་དགོང་མོ་དུས་ཚོད་བཅུ་གཉིས་ཀྱི་སྟེང་ནས་བཟུང་།
- ཞག་གཅིག་ལ་སྐང་བ་འདོན་དགོས་པ་རེད།
- ཞག་གང་བོར་སྐང་བ་བཏོན་ནས་ནམ་གསལ་རེག་བར་དུ་བཏོན་ཚར་དགོས་པ་རེད།
- སྐང་བ་རྫོགས་དགོས་པ་རེད།
- བཅོ་ལྔ་ཡི་ནངས་མོར་འདི་རུ་མཇལ་བ་མང་པ་རེད།
- མ་ཎི་བུམ་པ་མཇལ་དགོས་པ་རེད་ལ།
- མ་ཎི་བུམ་པ་མཇལ་ནས་མཇལ་ཁ་སོགས་བཏང་རྗེས།
- ང་ཚོ་གྭྲ་བ་ཚང་མ་འཆམ་འཁྲབ་དགོས་པ་རེད།
- འཆམ་འཁྲབ་པའི་རྗེས་སུ།
- འཆམ་ཆོས་རྒྱལ་གྱི་འཆམ་རེད།
- འཆམ་ལ་མདོ་འཆམ། ཀུན་འཆམ།
- ཨེ་པ་མགོ་ཁོར་ཟེར་བ་སོགས་འཆམ་སྣ་ཁ་མང་པོ་ཞིག་ཡོད་པ་རེད།
- ད་དེའི་རྗེས་སུ་ཡུ་བ་མདོ་འཐེན། ཤོག་པ་ཉེ་འཐེན། བཞི་གཉིས་འཁོར་རྒྱུ།
- དེའི་འཕྲོ་ན་བྱ་རོག་འཁྲབ་ཀྱི་ཡོད་པ་རེད།
- དེའི་རྗེས་ནས་ཤ་བདའ་འཁྲབ་ཀྱིན་ཡོད་པ་རེད།
- རྗེ་བཙུན་གྱི་མགུར་གསུང་ནས།
- ཤ་ཁྱི་གཉིས་ག་རྗེ་བཙུན་གྱི་མདུན་དུ་ཁྱེར་ཡོང་བ་རེད།
- དེའི་རྗེས་སུ་ཤ་བདའ་གཉིས་ག་ཡོང་ནས།
- ཤ་བ་འཚོལ་གྱིན་ཡོད་པ་རེད།
- དེའི་རྗེས་སུ་ང་ཚོའི་གཏོར་རྒྱག་རེད།
- གཏོར་རྒྱག་གིས་ཚང་མ་གྲ་སྒྲིག་བྱས་ཡོད་པ་རེད།
- ཚང་མ་གྲ་སྒྲིག་བྱས་ཏེ།
- གཏོར་རྒྱག་ཕ་ཁ་རུ་སོང་ནས།
- ཕྱིར་ཡོང་ནས་འདོན་རྒྱུ་ཞིག་ཡོད་པ་རེད།
- བཏོན་རྗེས། ཕྱིར་ཡོང་ན་མཇུག་རྫོགས་སོང་བ་རེད།
- བཞི་པའི་བཅོ་ལྔ་མཇུག་རྫོགས་སོང་བ་རེད།
- སྔོན་ཆད་ཀྱི་དགོན་པའི་ཤུལ་འདི་མ་རེད།
- འདབས་མ་ཟེར་བ་ང་ཚོའི་ལྷ་སྡེ་ཞིག་ཡོད་པ་རེད།
- ལྷ་སྡེ་དེ་རུ་སྒར་རྙིང་བ་ཟེར་ནི་ཞིག་ཡོད་པ་རེད།
- སྒར་རྙིང་བ་དེ་རུ་ཆགས་ནས།
- སྟབས་མ་བདེ་བ་སོགས་ཀྱི་རྒྱུ་རྐྱེན་ལ་རྟེན་ནས།
- ནགས་ཀྱི་འོག་གན་དུ་ཆགས་པ་རེད།
- སྒར་རྙིང་བ་ཞིག་རེད།
- སྔོན་ཆད་ཇག་པ་སོགས་ཡོད་པ་རེད།
- གྲྭ་བ་ཚོ་གཞན་དུ་སོང་རྗེས་གྲྭ་ཤག་ལ་ཇག་པ་འཛུལ་བ་སོགས་ཀྱི་བཤད་ཚུལ་ཡོད་པ་རེད།
- ས་གན་ཡང་མ་འཕྲོད་པར་གནས་འདིར་སྤར་བ་རེད།
- ས་འདིར་སྤར་ནས་འདི་ལྟར་ཆགས་ཡོད་པ་རེད།
- འདི་འི་ནང་གི་རྟེན་གཙོ་བོ་དམ་ཆེན་རེད།
- འདི་ང་ཚོའི་བཙན་ཁང་རེད།
- འདི་ཚོགས་ཁང་རེད།
- འདིའི་ནང་གི་རྟེན་གཙོ་བོ་རྗེ་ཡབ་སྲས་གསུམ་པོ་རེད།
- ཡར་ནང་གི་ཇོ་ཁང་ནང་གི་རྟེན་གཙོ་བོ་ཇོ་བོ་རིན་པོ་ཆེ་རེད།
- ཇོ་ཁང་རེད།
- ཨ་ལགས་གཉིས་ཀྱི་ལོ་རྒྱུས་གསལ་བོ་ཞིག་བཤད་མི་ཤེས་པ་རེད།
- ད་ལྷ་སྡེ་ཡི་གནས་ཚུལ་རགས་ཙམ་བཤད་ན།
- ལྷ་སྡེ། ང་ཚོའི་གོང་འདི་ན་གཡར་རྩ་ཟེར་བ་ཞིག་ཡོད།
- ཁྱིམ་ཚང་བརྒྱ་ལྷག་ཡོད་པ་དེ་རེད།
- མར་ཕྱོགས་ན་གོང་སྐྱ་མར་ནང་དང་གོང་སྐྱ་ཡར་ནང་ཟེར་བའི་སྡེ་བ་གཉིས་ཡོད།
- གོང་སྐྱ་ཡར་ནང་ལ་ཁྱིམ་ཚང་ལྔ་བཅུ་ལྷག་ཡོད།
- གོང་སྐྱ་མར་ནང་ལ་ཁྱིམ་ཚང་དྲུག་བཅུ་ལྷག་ཡོད།
- འདབས་མ་ཁྱིམ་ཚང་བཞི་བཅུ་ལྷག་ཡོད།
- དེའི་འཕྲོ་ན་ཐ་ལེ་ཟེར་བ་ཞིག་ཡོད།
- ཐ་ལེ་ཟེར་བ་དེ་ཧོར་རེད།
- བོད་རིགས་མ་རེད། ཧོར་རིགས་རེད།
- སྔོན་ཆད་ང་ཚོའི་འདི་རུ་གྲྭ་བ་བཅའ་མཁན་ཡོད་པ་རེད།
- དེང་སང་གྲྭ་བ་མེད།
- ང་ཚོར་ལྷ་སྡེ་ལྔ་ཡོད་པ་རེད།
- གཡར་རྩ། གོང་སྐྱ་ཡར་ནང་མར་ནང་།
- འདབས་མ། ཐ་ལེ།
- ལྷ་སྡེ་ལྔ་རེད།
- བསྡོམས་པའི་ཁྱིམ་ཚང་ཉིས་བརྒྱ་ལྷག་ཡོད་ཀྱི་རེད།
- དགོན་པའི་ནང་དུ་གྲྭ་བ་ཅི་ཙམ་ཡོད།
- གྲྭ་བ་སྔོན་ཆད་ཡིན་ན། ང་ཚོར་གྲྭ་བ་མང་ནི་རེད།
- བཞི་བཅུ་ཕལ་ཆེར་ལྔ་བཅུ་ལྷག་ཡོད་པ་རེད།
- དེང་སང་གྲྭ་བ་ཡར་མར་ལ་བུད་སོང་་བ་རེད།
- སྐུ་འབུམ་ལ་སོང་། སྐུ་འབུམ་ན་ང་ཚོའི་གྲྭ་བ་བཅོ་ལྔ་ཉི་ཤུ་ལྷག་ཡོད་ཀྱི་རེད།
- སྐུ་འབུམ་གྱི་ཚོགས་ལ་ཞུགས་པ་རེད།
- འགའ་ཞིག་ཐང་ཧྲན་ཕྱོགས་ལ་བུད་སོང་བ་རེད།
- འགའ་ཞིག་ཧེ་ལུང་ཅང་དུ་བུད་སོང་བ་རེད།
- ད་སྐབས་དགོན་པ་འདིར་གྲྭ་བ་ཉི་ཤུ་རྩ་གཉིས་ལྷག་ཡོད།
- ཨ་ལགས་གཉིས་ག་ཡང་རྩིས་ན། གྲྭ་བ་ཉི་ཤུ་རྩ་གསུམ་ལྷག་ཡོད་པ་རེད།
- དགོན་བདག་སུ་ཚང་རེད།
- དགོན་བདག་བཤད་ན།
- གཙོ་བོ་ཨ་ལགས་མཁན་པོ་རེད།
- དེའི་རྗེས་ནས་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་རེད།
- ང་ཚོ་སྒར་བ་ཁ་དྲུག་རེད།
- དན་ཏིག་རེད། ཐུ་བ་ཚང་རེད།
- ཀ་ཐུང་རེད། གོང་སྐྱ་དགོན་པ་རེད།
- ཚེ་ཏན་དགོན་པ་རེད།
- གཅན་ཕུག་དགོན་པ།
- འདི་ཚོའི་དགོན་བདག་བླ་མ་དེ་རེད།