Video Overview
Bhutan was mostly a self-sufficient country in the past, producing everything within its own boundaries, with the exception of salt, which was imported from India and Tibet. People became experts in producing goods, such as butter, cheese and oil, from local plants or fruits. In this short video, Agay Karma from Zhemgang explains the process of making butter from grasses and fruits in the Kheng region using a wooden oil processing machine. The raw materials are stored in bamboo baskets and kept under pressure in the machine. The oil is collected in a container.
དང་ཕུགས་ འབྲུག་ལུ་ བོད་དང་ རྒྱ་གར་རྒྱལ་ཁབ་ལས་ ཚྭ་མ་གཏོགས་པའི་ འཚོ་བ་བཟའ་འཐུང་གི་རིགས་ཆ་མཉམ་ ནང་འཁོད་ལས་ཐོན་དོ་ཡོདཔ་ལས་ རང་མགོ་རང་འདྲོངས་ཀྱི་ རྒྱབ་ཁབ་ཅིག་ཨིནམ་མ་ཚད་ འབྲུག་གི་ མི་སེར་ཚུ་ རྩ་དང་ ནགས་ཚལ་གྱི་ཐོན་ཁུངས་ཚུ་ལས་ མར་དང་ དར་ཚིག་ མར་ཁུ་བཟོ་ནི་ མཁས་དྲགས་ཡོདཔ་མས། གློག་བརྙན་ཐུང་ཀུ་འདི་ནང་ གཞལམ་སྒང་རྫོང་ཁག་ལས་ ཨ་རྒས་ཀརྨ་གིས་ ཁེངས་ཀྱི་ལུང་ཕྱོགས་ནང་ མར་ཁུ་བཙིར་མི་ ཤིང་གི་ཅ་ཆས་འདི་ ལག་ལན་འཐབ་སྟེ་ རྩ་དང་ ཤིང་གི་རྡོག་མ་གི་ མར་བཟོ་ཐངས་ཀྱི་སྐོར་ལས་ བཤད་པ་རྐྱབ་ཨིན་མས། མར་ཁུ་བཙིར་ནི་ རྒྱུ་ཆ་ཚུ་ སྦ་གི་བཟོ་བཟོ་བའི་ ལག་ཆུང་ནང་བླུགས་སྟེ་ ཤིང་གི་བཟོ་བའི་ བཙིས་ཤིང་གིས་ཨེབ་སྟེ་ མར་ཁུ་འདི་ པོག་ཏོ་ཅིག་ནང་བཟེདཝ་ཨིན་པས།
- Tali
- Nangkhor
- Zhemgang
- ཀརྨ་ Karmaའ་ནཱི་སྦེ་ འ་ནཱ་ཚར་བཀལ་ནི་ ག་ཅི་ཨིན་རུང་ ཤིང་མར་འབད་རུང་ ཁའི་མར་འབད་རུང་།
- ཀརྨ་ Karmaའ་ནཱི་གུ་ཨེན་ཏ་འ་ནཱི་བཟུམ་ཅིག་བཀལ་ནི་ ཐོག་ཁར་ཨེབ་ཏེ་ ཚར་(མར་བཙིར་བའི་སྐབས་ཚར་གྱི་འབད་འཐག་ཡོད་པའི་ཧོད་) བར་ན་ལུ་སྦེ་ དེ་ལས་ཨེབ་ནི་ རྡོ་བཀལ་ ཐགཔ་རེ་བསྡམ་སྦེ་ འ་ནེ་ཅིག་ཨིན།
- ཀརྨ་ Karmaད་བཏུབ་ ད་ཨ་ནཱི་ཡར་ལྷོང་སྟེ་འབད་གེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ཨ་ནཱི་ མར་འབད་བ་ཅིན་ ག་ཏེ་ལས་ཐོནམ་སྨོ?
- ཀརྨ་ Karmaམར་ཨ་ནཱ་ལས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨེའེ་་་།
- ཀརྨ་ Karmaད་ཅི་མགུ་ཏོ་ཨ་ནཱི་ཨིན་ཟེར་མི་འདི་ འདི་ཨིན་ད་ཅི་ཞུ་མི་འདི།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨེའེ་་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨེབ་ད་ལུ་ དེ་ལས་ ཨ་ནཱ་ལས་ཐོན་ནི་ཨིན་པས་སྨོ་ལགས?
- ཀརྨ་ Karmaཨེབ་བཏངམ་ད་ལུ་ཐོན་འོང་ནཱ་ལས་ ག་ར་ནཱ་ལས་ དེ་ལས་ ལེ་ཤ་འབད་ནཱ་ལས་ཐོན་ནི་ཨིན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨེའེ་་་།
- ཀརྨ་ Karmaནཱ་ལས་ཧོད་བཟེད་ནི་ཨིན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨེའེ་་་།། །།