Skip to main content Skip to search
28 Jun 2018
5 min 22 sec
Video Overview
Creators: 
Yeshi Wangchuk

Sangay Tshewang said that he heard about the Accounts of Sarmeth village from Chojam Mae Mae Lama. Today the village is popularly referred to as Sarmeth. The actual name of this place was Sakarmae, since this village was situated in a place of abundant clay. He also detailed changes in the number of households in the village over time. In the past, there were around 18 households, but after that only three households remained. Some years later, that number again increased to eleven households.

སངས་རྒྱས་ཚེས་དབང་གི་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ གསར་མེད་གཡུས་ཀྱི་ ལོ་རྒྱུ་ཚུ་ ཁོ་རའི་ཨ་རྒས་  ཧ་གོ་ཡི་ཟེར་ཨིན་མས། ད་ལྟོ་གཡུས་ཀྱི་མིང་ གསར་དཀར་མེད་ཟེར་དོ་ཡོདཔ་ཨིན་མས། དེ་འབདཝ་ད་ མ་གཞི་ གཡུས་འདི་གིས་མིང་འདི་ གསར་དཀར་མེད་ཟེར་སླབ་སློལ་ཡོད་དོ་ཡོདཔ་ཨིན་མས། འདི་ཡང་ གཡུས་ཁ་ལུ་ ས་ག་ར་ བྱིམ་ཨིན་བ་ལས་བརྟེན་ཨིན་མས། འདི་མ་ཚད་ ཁོ་གིས་ ད་ལྟོ་ཁྱིམ་གུང་པ་ ག་དེམ་ཅིག་ཡོདཔ་ཨིན་དང་ དེ་ལས་ ཧེ་མ་ག་དེམ་ཅིག་ཡོདཔ་ཨིན་མ་ཨྐོར་ལས་བཤད་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ ཁྱིམ་གུང་པ་ ༡༨རེ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཡར་་་ས་ཆགས་ཀྱི་སྐོར་ལས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་ཕུ་ང་བཅས་ནཱ་ ཨ་ནཱ་ས་དཀར་སྨད་ཟེར་སླབ་མི་འདི་ གཡུས་ཀྱི་མིང་གི་ཁུངས་ཡོད་ནི་འདི་ཡོད་ ཡར་་་ཡར་ཀུར་སྟོད་ (ཁྱོད་ཆ་ཁྱབ་སྐད་མ་རྐྱབ་ཤིག་) ཡར་གཡུས་སྟོད་ལུ་ཡོད་པའི་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཡར་་་ཡར་ཀུར་སྟོད་འགྱོ་སའི་ལམ་ཁར་ཚུདཔ་མས་ ས་དཀར་གྱི་དོང་འ་ནེམ་འབད་མི་ཐོན་ས་ཅིག་ འ་ནཱི་གིས་སྦེ་ ས་གི་མིང་ཐོབ་དགོཔ་འདི་ལས་ཨིན་པས་ ས་དཀར་སྨད་ཟེར་ ཏེ་ འ་ནཱི་ས་དཀར་སྨད་དུ་ དང་ཕུ་ཁྲལ་ཚན་ ༡༨ སྡོད་ནུག་ལགས་ནཱ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཚར་གཅིག་མི་ནད་ཅིག་ཐོན་ཏེ་ རབས་ཆད་སུ་ཅིག་སྦེ་འགྱོ་སྟེ་ ང་བཅས་ཀྱི་བརྒྱུད་པ་རྐྱངམ་ཅིག་ལུས་ལུསཔ་མས་ ཨ་མར་ཨིན་པས་ང་བཅས་ ཨ་མར་ཤིང་སྦོམ་ཅིག་ཡོད་སར་ མཆོད་རྟེན་གཅིག་ཡོད་སར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱ་ལས་ དེ་ལས་ ཤུལ་ལས་རྐྱངམ་གཅིག་ ལོག་སྟེ་རང་ཁོང་ཁྲལ་གསརཔ་གཉིས་བཙུགས་ དེ་ལས་ ང་བཅས་འབདཝ་ད་ གསུམ་རྐྱངམ་གཅིག་འདུག་ལགས་ ང་བཅས་ཀྱིས་ཚོར་ཚོར་བའི་བར་ན་ ད་ལོག་སྟེ་རང་ གུང་པ་ ༡༡ ལུ་འཕེལ་སོང་ཡི།
  • སངས་རྒྱས་ཚེ་དབང་ Sangay Tshewang
    བགོ་བཤའ་རྐྱབ་ཅི་རྐྱབ་ཅི་སོངམ་ད་ ཏེ་དེ་ལས་ མ་པ་རབས་ཆད་དགོ་པའི་ཁུངས་ཅིག་ཡང་འདུག་འདུག་ནི་འདི་ ནཱ་ང་བཅས་ས་དཀར་སྨད་ལས་མི་གཅིག་ ལ་འདི་གི་རྒྱབ་ཁར་ནོར་གྱི་བྱང་ས་ཡོད་སར་སོང་ནུག་ ཡར་སོང་སྟེ་ཞག་ལུས་སོངཔ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཞག་ལུས་ཏེ་ མེ་ཅིག་འཕུ་སྟེ་སྡོདཔ་ད་ ཨ་ནཱི་མི་རྒོད་ཡོད་སྦ་སྨོ་ཤིག་ འ་ནཱི་(མི་རྒོད་)འོང་སྟེ་ ཁོ་འགྱོ་མ་སྟེར་པར་ དེ་ལས་ མི་འདི་འདྲོག་སྟེ་སྡོད་སྡོདཔ་མས། དེ་ལས་ མི་འདི་འདྲོག་སྟེ་ ཁོ་ལུ་དང་ཕུའི་ལྷམ་ཅིག་ཡོད་དོ་མས་པགས་ཀོ་གི་སྦེ་འོང་བ་ བུམ་ཐང་པའི་ བཙེམ་བཙེམས་ཀྱིས་ འ་ནཱི་བཙུགས་ཏེ་ དེ་ལས་ ཁོ་ལུ་(མི་རྒོད་)ལུ་ཡང་བཙེམ་གནང་ཟེར་ རི་དྭགས་སེམས་ཅན་ཅིག་བཟུང་ཞིན་ན་ པགས་ཀོ་འབག་བྱིན་བྱིནམ་མས་ ཁོ་ལུ་ཡང་བཙེམ་གནང་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཨ་ནཱི་མི་གནས་སྐབས་དུམ་གྲ་ཅིག་སྡོད་ནུག་ལགས་ འ་ནཱི་མི་གིས་ ཐབས་ཤེས་གནས་སྐབས་བཏོན་ཏེ་ མི་རྒོད་ཀྱི་འབག་མི་ པགས་ཀོ་རློནམ་འདི་གི་སྦེ་ རྐངམ་དང་སྦྲགས་ཏེ་ ཀོཝ་བསྡམས་རྐྱབ་སྟེ་བཙེམས་བཞག་སྟེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཁོ་རའི་རྐང་མར་ཧུམ་དབུར་ནི་དེ་གིས་ ལྷམ་འདི་མེ་ཁར་དྲོད་བཏགས་རུང་ག་ནི་ཡང་མ་འབད་བས་ དེ་ལས་ མི་རྒོད་ཀྱིས་ཡང་ མེ་བསྲོ་སྟེ་ལྷམ་འདི་དྲོད་ཁར་བཀལ་བཀལཝ་མས་ ཧ་ལམ་ཅིག་ལས་ རྐངམ་བསྡམས་ཅི་བསྡམས་ཅི་འབག་སྟེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    བསྡམས་འབག་སྟེ་ དེ་ལས་ མི་འདི་གནས་སྐབས་བཏོན་ཏེ་བྱོག་ཐོན་འོང་ནུག་ཏེ་ཡར་ལས་མར་ བྱོག་འོང་ནི་གི་དོན་ལུ་ཨིན་པས་ ཏེ་ དེ་ལས་ ཡར་ལས་མར་མི་རྒོད་ཀྱིས་ཡང་ བདའ་འབག་ནུག
  • སངས་རྒྱས་ཚེ་དབང་ Sangay Tshewang
    བདའ་འབག་སྟེ་ གཱརད་པའི་སྦང་ཟེར་ སྤང་ཚལ་མ་སྦེ་ཡོད་ད་ལྟོ་ཡང་ སྦ་སྐྱེས་ཏེ་ ད་སྦ་ཤི་ནུག་ སྤང་ཕྱ་སི་སི་ཅིག་རང་ཨིན་རིངམོ་སྦེ་ འ་ནཱ་ལས་འགྱེལ་ཏ་རྐྱབ་སྟེ་འོང་འོངམ་ཟེར་ གཱརད་པའི་སྦང་ཟེར་སླབ་མས་ལགས་མིང་།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འདི་ཁར་ལས་བདའ་འོངམ་ད་ ཀཱརང་དོང་ཟེར་ཡོད་ཡར་ ནོར་གྱི་བྱང་ས་ཅིག་ཡོད་སར་ འ་ཡར་ལྷོདཔ་ད་ མི་རྒོད་ཀྱི་རྐངམ་འབོ་འབོཝ་མས་ ཏེ་ འབད་མ་ཚུགས་པས་ ཏེ་ ད་རུང་བདའ་འབགཔ་ད་ ཕལ་ཤིང་ཟེར་སར་ལྷོད་ནུག་ དེ་ལས་ ཁོ་ཏོང་ཏོང་ཕའི་ཟེར་སར་ལྷོད་ནུག་མི་དེ་བྱོག་སྟེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཕེལ་ཤིང་ལས་ མི་རྒོད་དབུགས་འགམ་ཏེ་ ཐལ་ལོ་ལོ་་་མི་རབས་ཆད་བཅུག་ཤིག་ཟེར་ འདི་གིས་སྨོན་ལམ་བཏབ་ནུག་སྦ་ གནས་བདག་ཞི་བདག་ཅིག་འོང་ནི་མས་སྦ་ འ་ནཱི་མི་རྒོད་འདི་ འདི་ལས་ཚུར་མི་རབས་ཆད་ཆདཔ་ཨིན་ཟེར་ཨིན་པས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ཚུར་རབས་ཆད་དེ་ ང་བཅས་གུང་པ་ ༣ འབད་མི་ཅིག་ལུས་ཏེ་ ཤུལ་ལས་ལོག་འཕེལ་འཕེལཝ་ཨིན་འ་ནེམ་ཅིག་ལུ་ དེ་ལས་ ས་སྟོང་ཁྲལ་ཚན་ ༡༨ ཀྱི་ ས་ག་ར་གུང་པ་གསུམ་གྱིས་ཁྲལ་རྒྱུག་དགོ་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨ་ནཱི་དཔོན་གྱི་ནོར་འདི་ཚུ་ཡོད་སྦ་ ཧེ་མ་མཁྱེན་བརྩེ་རིན་པོ་ཆེ་དང་ དཔོན་གྱི་བརྒྱུད་པ་ཚུ་གི་ ནོར་སྤོ་རུང་ ང་བཅས་ཁྲལཔ་གསུམ་གྱིས་འབད་དགོཔ་ཨིན་པས་ ཁྲལ་ཚན་ ༡༨ ཀྱི་འདི་ ས་ཡང་ང་བཅས་རའི་དབང་ཚད་ཨིན་པས་ག་ར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཁྲལ་ཚན་ ༡༨ ཀྱི་ས་ གླར་བྱིན་ཡི་བྱིན་ཡི་ཟ་སྟེ་ ལཱ་ཡང་མ་འབད་བར་སྡོད་ནུག་དང་ཕུའི་མི་ཚུ་ ཨ་ནཱི་ཁོང་རའི་ས་གླར་སྤྲོད་བཞག་སྟེ་ སའི་གླ་ཨ་ཙི་རེ་ལེན་ཏེ་ དེ་ལས་ ཤུལ་ལས་གཞུང་གིས་ ས་འདི་ཚུ་ཡང་ལོག་སྟེ་བདག་འཛིན་འབད་མ་ཆོགཔ་སྦེ་ ཉོ་མི་ཡོད་པ་ཅིན་ཉོ་ཤིག་ཟེར་ ས་བརྩི་རྐྱབ་སྟེ་ ས་འཇལཝ་ད་ ག་ར་བཙོང་བཏང་ནུག་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཉོ་མི་ཚུ་གིས་ག་ར་ཉོ་ འ་ནཱ་ལས་རང་རང་སོའི་ཁྲམ་ནང་ཡོད་མི་མ་གཏོགས་ དེ་སྦེ་ཡར་སོང་ནུག་ དེ་ལས་ ས་འདི་ཚུ་ག་ར་ ཉོ་འབག་ཚར་ནུག་ ལ་ལུ་ཅིག་ཨུ་ར་ལས་ བྱ་དཀར་རྫོང་ནང་གི་དྲུང་ཡིག་ཚུ་གིས་ཉོ་ ལ་ལུ་ཅིག
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨུ་རའི་ཕྱུག་པོ་ཚུ་གིས་ཉོ་ དེ་ལས་ནཱ་ སྟངས་སི་སྦིས་གདུང་ཟེར་ཡོད་ལགས་ འ་ནཱི་གདུང་གནག་པོ་ འ་ནཱི་ཆ་ཁྱབ་ཚུ་གིས་ཉོ་ ག་ར་དཔོན་ཁོང་རའི་ཉོ་འབག་སྟེ་ དེ་ལས་ ང་བཅས་ཁྲལ་ཚན་ ༡༨ འབདཝ་ད་ ང་བཅས་ ༣ གྱི་ས་གིས་སྦེ་ ད་ལྟོ་གུང་པ་ ༡༡ འགྱོ་སྟེ་ཡོད།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཡར་ཡར་སྦེ་ ད་ ས་ཡང་རང་རང་སོའི་ཁྲམ་ནང་ཡོད་མི་མ་གཏོགས་མེད་ལགས་ འ་ནེམ་ཅིག་ཨིན་ ཨ་ནཱི་ས་ཆགས་ཀྱི་སྐོར་ལས་ ཨ་ནཱི་གཡུས་ཆགས་པའི་སྐོར་ལས་ ས་དཀར་ཀྱི་མཇུག་ལུ་འབད་ནི་དེ་གིས་ ས་དཀར་སྨད་ཨིན་ལགས་ ང་བཅས་རའི་འབད་བ་ཅིན་ གསར་སྨད་ཟེར་སླབ་མས་ ང་བཅས་རའི་ཁ་ལས་འབད་བ་ཅིན།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དུམ་གྲ་ཅིག་དེ་སྦེ་མེནམ་བཟུམ་ཅིག་སོང་ནུག་ རྫོང་ཁའི་ནང་འབད་བ་ཅིན་ ས་དཀར་སྨད་ཟེར་ཨིན་ ཁྲམ་ནང་ཡང་དེ་སྦེ་ཐོན་མས་ ད་ང་བཅས་སྤྱི་དཔོན་འབད་བ་ཅིན་ ས་དཀར་སྨད་སྤྱི་དཔོན་ཟེར་སླབ་ཨིན་ཧེ་མ་འབད་བ་ཅིན་ ད་ལས་ཚན་ཟེར་སླབ་ནི་ཡོད་ ང་བཅས་རའི་འབད་བ་ཅིན་ལས་ཚན་ཟེར་ འ་ནཱི་ཨིན་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ང་བཅས་ཀྱི་ གཡུས་ཀྱི་ཆགས་མཛོད་འདི་ འ་ནེམ་ཅིག་རང་ཨིན་ལགས།